བརྗོད་དོན་སློབ་གསོའི་ཐད་ངེས་པར་ཤེས་དགོས་པའི་རྒྱུན་ཤེས་འགའ།
"ཐོག་མའི་བསམ་འདུན་མི་བརྗེད་པར། །འགན་འཁྲི་ཡིད་ལ་བརྟན་པོར་བཅངས། །"ཞེས་པའི་བརྗོད་དོན་སློབ་གསོའི་ཐད་ངེས་པར་ཤེས་དགོས་པ་འགའ།
1."ཐོག་མའི་བསམ་འདུན་མི་བརྗེད་པར། །འགན་འཁྲི་ཡིད་ལ་བརྟན་པོར་བཅངས། །"ཞེས་པའི་བརྗོད་དོན་སློབ་གསོའི་གཞི་རྩའི་ལས་འགན་ནི(ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷག་བསམ་རྣམ་དག སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པ)བཅས་ཡིན།
2."ཐོག་མའི་བསམ་འདུན་མི་བརྗེད་པར། །འགན་འཁྲི་ཡིད་ལ་བརྟན་པོར་བཅངས། །"ཞེས་པའི་བརྗོད་དོན་སློབ་གསོས(བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བྱེད་པའི་སྤྱིའི་བླང་བྱ་ལག་བསྟར་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐེབས་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁུར་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང)བཅས་ཀྱི་དཔེ་སྟོན་དམིགས་ཚད་མངོན་འགྱུར་ཐུབ་པ་བྱ་དགོས།
3.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་ཏང་འཛུགས་སྐྱོང་ཚོགས་འདུའི་ཐོག དུས་རབས་གསར་བའི་རང་དམག་གི(ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན)ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་བ་གཏོད་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱ་དགོས་པ་བསྟན།
4.ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ(ཐོག་མའི་གནས་སུ)བཞག་ནས། གྲོང་གསེབ་དར་རྒྱས་སུ་གཏང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་བྱེད་སྒོ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་གྱིས་བསྟན།
5. སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན་པ་དང་། གཙོ་གནད་ནི་ལས་བྱེད་པ(གསོ་སྐྱོང་དང་། གདམ་གསེས། དོ་དམ། བེད་སྤྱོད)བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་ནན་གྱིས་བསྟན།
6.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག (འབྱུང་རྩའི་གསོ་སྐྱོང་དང་། རྗེས་འདེད་ཀྱི་གསོ་སྐྱོང་། བརྒྱུད་རིམ་ཧྲིལ་བོའི་གསོ་སྐྱོང)བཅས་ཀྱི་བྱང་ཚད་གསོ་སྐྱོང་མ་ལག་འཛུགས་རྒྱུ་དང་། ལས་བྱེད་པར་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་དང་དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྲིད་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་། སྲིད་དོན་གཙང་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། གཞི་རྩའི་ཤེས་བྱའི་མ་ལག་འཐུས་ཚང་དུ་གཏོང་བ། ནུས་པ་ཆེ་རུ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ། ལས་བྱེད་པའི་བྱང་ཚད་གསོ་སྐྱོང་གི་བརྒྱུད་རིམ་རང་བཞིན་དང་། རྒྱུན་མཐུད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏང་དགོས་པ་ནན་གྱིས་བསྟན།
7.སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐུན་མོང་ཐོག་གླེང་མོལ་བགྱིད་སྐབས་གཞོན་ནུའི་མི་རབས་ལ(ཕུགས་བསམ་ཡོད་པ་དང་། འཇོན་ཐང་ལྡན་པ། འགན་འཁུར་ཕོད་པ)བཅས་བྱུང་ན་རྒྱལ་ཁབ་ལ་མདུན་ལམ་ཡོད་པ་དང་མི་རིགས་ལ་རེ་བ་ཡོད་ཅེས་ནན་བཤད་གནང་།
8.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་ལ་སྣེ་ཁྲིད་དེ་སྲུང་སྐྱོང་བྱེད་པ་དང(ཏང་ཀྲུང་དབྱང་གི་ཐུགས་སེམས་བདེ་བོ་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི)དཔེ་སྟོན་ལས་ཁུངས་འཛུགས་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།
9.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐོག དུས་རབས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ(ཀྲུང་གོའི་ཁྱད་ལྡན་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་བ)ཧུར་ཐག་སྒོས་གཏོད་དགོས་པ་ནན་གྱིས་བསྟན།
10.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག ཏང་གི(ཆབ་སྲིད་འཛུགས་སྐྱོང)དེ་ཏང་གི་གཞི་རྩའི་རང་བཞིན་གྱི་འཛུགས་སྐྱོང་ཞིག་ཏུ་བརྩིས་ཏེ་ཏང་འདི་ཉིད་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུར་གལ་ཆེའི་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན།
11.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག (ཆབ་སྲིད་ཀྱི་ཁ་ཕྱོགས)ནི་ཏང་འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་དང་པོ་དེ་ཡིན་པ་དང་ཏང་གི་མདུན་ལམ་དང་ལས་དབང་། བྱ་གཞག་དར་རྒུད་ཀྱི་རྒྱལ་ཕམ་དང་འབྲེལ་བ་ཡོད་ཅེས་ནན་གྱིས་བསྟན།
12.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆབ་སྲིད་ཆེ་ཤོས(དམངས་སེམས)ཞེས་པ་འགུག་ཐུབ་པ་སྟེ། དམངས་སེམས་དང་དམངས་ཀྱི་འདོད་བློ་ཐོབ་པར་བྱ་རྒྱུ་དང་དམངས་ཀྱི་བློ་གྲོས་དང་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས་ཞེས་ནན་གྱིས་བསྟན།
13.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དྲུག་པའི་ཐོག ཆབ་སྲིད་ཀྱི་སྣོད་བཅུད་བཟང་བོ་གཏོད་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི(རྨང་གཞིའི་རང་བཞིན་དང་རྒྱུན་ལྡན་རང་བཞིན)གྱི་ལས་དོན་ཞིག་ཏུ་བརྩིས་ནས་དེའི་འབྱུང་རྩ་སྔོག་འདོན་དང་ནང་དོན་རྒྱས་བཤད། སྲོལ་བཟང་སྐྱོང་བ། རྩ་བ་བརྟན་གཏོང་བཅས་བྱས་ཏེ་སྙིང་རུས་ལྷོད་མེད་དང་རྒྱུན་སྲིང་ལྷོད་མེད་བྱ་དགོས་པ་ནན་གྱིས་བསྟན།
14.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་ལས་དོན་ཚོགས་འདུའི་ཐོག (དར་ཆ་བསྒྲེངས་ནས་དམངས་སེམས་གཅིག་སྒྲིལ་གྱིས་མི་སྣ་གསར་བ་གསོ་སྐྱོང་དང་རིག་གནས་འགྲེམས་སྟོན་གྱི་རྣམ་པ)བཏོད་དེ་དུས་བབ་གསར་བའི་འོག་སྔར་ལས་ལྷག་པའི་སྒོ་ནས་དྲིལ་སྒྲོག་བསམ་བློའི་ལས་དོན་གྱི་འགན་འཁྲི་ལེགས་འགྲུབ་བྱ་དགོས་ཞེས་ནན་གྱིས་བསྟན།
15. སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་དུས། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར(གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད)ལ་ཤུགས་སྣོན་བརྒྱབ་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྐྱོང་སྲ་བརྟན་དང་སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱ་དགོས་པ་ནན་གྱིས་བསྟན།
16.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་མི་དམངས་ཉིན་རེའི་ཚགས་པར་གསར་དུ་བཏོད་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ(ཁྱབ་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱིས་ཡིད་ཆེས་བྱེད་ཚད)བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པ་ནན་གྱིས་བསྟན།
17.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས(དངོས་འཛིན་དངོས་སྒྲུབ་ཀྱིས་དོན་གཉེར་བྱེད་པ་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་ཀ་བྱེད་པ)དམངས་ཁྲི་སེམས་གཅིག་གིས་འབད་པ་བཅས་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།
18.སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ཏང་གིས་རྩིས་བཤེར་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔར་ལས་ལྷག་པའི་སྒོ་ནས(ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག)ཁྲོད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས་པ་ནན་གྱིས་བསྟན།
19. སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ང་ཚོས་མར་ཁེ་སི་ལ་དྲན་གསོ་ཞུ་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི(ཆེས་རླབས་ཆེ་བའི་བསམ་བློ་བ)ལ་དྲན་གསོ་ཞུ་ཆེད་ཡིན་ལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་བདེན་དོན་ལ་དད་སེམས་བརྟན་པོ་བཅངས་པ་དྲིལ་བསྒྲགས་བྱེད་པའི་ཆེད་དུའང་ཡིན་ཞེས་བསྟན།
20. སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ200འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས(མར་ཁེ་སིའི་རིང་ལུགས)ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་སློབ་སྟོན་བསམ་བློ་ཡིན་པ་དང་། ང་ཚོས་འཇིག་རྟེན་ངོས་འཛིན་དང་། ཆོས་ཉིད་དམ་འཛིན། བདེན་དོན་བརྩོན་ལེན། འཇིག་རྟེན་བསྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ལྡན་ཡིན་ཞེས་ནན་གྱིས་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com