མཚོ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་སྡེ་ཁག་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་རིག་རྩལ་སྤེལ།

རྩོམ་པ་པོ།:ལྷ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-09-27 10:52:00 ཀློག་གྲངས།:


མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལས་སྒྲུབ་མི་སྣའི་རིག་རྩལ་དགོང་ཚོགས་སྤེལ།

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་དགའ་བསུ་དང་། རྒྱ་ཆེ་བའི་ལས་སྒྲུབ་མི་སྣ་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་མོས་པའི་བརྩེ་སེམས་སྐུལ་སྤེལ་བྱེད་པ། དགའ་སྟོན་དང་འཆམ་མཐུན་གྱི་རིག་གནས་ཁ་དབུགས་ཤིག་བསྐྲུན་པར། སྤྱི་ཟླ9བའི་ཚེས26ཉིན་གྱི་དགོང་མོ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གིས"ཐོག་མའི་སེམས་འདུན་མ་བརྗེད་པར་ཏང་གི་རྗེས་སྙེག་པ་དང་། འགན་འཁྲི་བརྟན་པོར་ཡིད་ལ་བཅངས་ཏེ་བྱས་རྗེས་གསར་བ་འཇོག་པ"བརྗོད་གཞིར་བཟུང་བའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་ལས་སྒྲུབ་མི་སྣའི་རིག་རྩལ་དགོང་ཚོགས་དེ་མཚོ་ལྷོ་ཁུལ་རིག་རྩལ་འཁྲབ་སྟོན་ཚོགས་ཆེན་དུ་སྤེལ།

     བྱ་འགུལ་དེ་གླུ་གར《བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གཅིག》ཅེས་པའི་ཁྲོད་ཡོངས་སུ་འགོ་བརྩམས་ཤིང་།  རྒྱལ་གཅེས་ཀྱི་གླུ་གཞས་དང་། སྙན་ངག་གྱེར་འདོན། གླུ་གར་འཁྲབ་སྟོན། ཤོམ་འགྲོ་སོགས་འཁྲབ་སྟོན་རབས་དང་རིམ་པ་གནང་སྟེ་ཡུལ་དངོས་གཟིགས་མོ་བ་ཀུན་གྱི་དགའ་བསུ་ཆེན་མོ་ཐོབ་པ་དང་། དགའ་སྟོན་རྟེན་འབྲེལ་གྱིས་ཁེངས་པའི་ཁ་དབུགས་ལེགས་པོ་བསྐྲུན། དེ་མིན་ཁོ་ཚོའི་འཁྲབ་སྟོན་གྱིས་ད་ལོ་ནས་བཟུང་བའི་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སྡེ་ཁག་གི་བྱ་བའི་གྲུབ་འབྲས་དང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་བྱ་སྒྲུབ་པ་དག་གི་ལྷོད་མེད་འབད་བརྩོན་གྱི་བྱ་བའི་རྣམ་པ་ངོམ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།