མང་རྫོང་གིས་བརྗོད་དོན་སློབ་གསོའི་སློབ་སྦྱོང་ཐེངས་གསུམ་པ་སྤེལ།
ཟླ9པའི་ཚེས20ཉིན། མང་རྫོང་གིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པའི་བརྗོད་དོན་སློབ་གསོའི་ཚོགས་འདུ་བསྡུས་ཏེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་གཅིག་སྡུད་སློབ་སྦྱོང་ཐེངས་གསུམ་པ་བྱས་པ་དང་།ཕུལ་བྱུང་གུང་ཁྲན་ཏང་ཡོན་པས་སྔོན་ཐོན་བྱས་རྗེས་དང་རང་སྦྱོང་ཀློག་དེབ་འོས་སྦྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་སྦྱོང་སློབ་གསོ་སྤེལ་བ་རེད།རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡན་ཧའེ་ཧྥུང་དང་རྫོང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རིག་འཛིན་རྡོ་རྗེ་དང་བཅས་པས་རེ་རེ་བཞིན་སྔ་དྲོ་དང་ཕྱི་དྲོའི་སློབ་སྦྱོང་གསོ་སྐྱོང་གནང་བ་རེད།ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི།རྫོང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཀྲང་ཧྥིན་དང་དེ་བཞིན་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་སོགས་ཁྱོན་མི23ཐེངས་འདིའི་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་བློ་མཐུན་ཡན་ཧའེ་ཧྥུང་གིས་སྣེ་ཁྲིད་དེ《ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་བྱས་རྗེས་བདམས་བསྒྲིགས—ཅའོ་ཡུས་ལུའུ》དང《ཞི་ཅིན་ཕིང་གི་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”སྐོར་གྱི་རྣམ་བཤད་གལ་ཆེན་བདམས་བསྒྲིགས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་ལྔ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དེ།ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་ཡིན།》ཞེས་པ་དང《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད་དང་དེང་རབས་ཀྲུང་གོ་འཕེལ་རྒྱས་ཀྱི་རྩ་བའི་ཁ་ཕྱོགས》བཅས་ནང་དོན་གཙོ་བོ་དག་ལ་སློབ་སྦྱོང་ནན་མོ་བྱས།
བློ་མཐུན་རིག་འཛིན་རྡོ་རྗེ་ཡིས་གཙོ་མཛད་དེ《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་དུ་བྱེད་དགོས་ཞེས་པ་བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་གྲས་ཀྱི་རྣམ་བཤད་གལ་ཆེན》དང《མཚན་སྙན་བསྐལ་རྒྱར་ཁྱབ་པ་བློ་མཐུན་ཝང་ཀྲའོ་ཡི་སྔོན་ཐོན་བྱས་རྗེས》《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》བཅས་ལ་སློབ་སྦྱོང་བཟང་བོ་བྱས་པ་རེད།ཚོགས་ཞུགས་མི་སྣས་གཅིག་སྡུད་སློབ་སྦྱོང་བྱས་པ་བརྒྱུད་ཏང་གཤིས་ཀྱི་ངོས་འཛིན་དང་ཏང་ཡོན་གྱི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ཡོད།
ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཧྥིན་གྱིས་བསམ་འཆར་བསྡུ་ལེན་དང་གནད་དོན་ལ་ཞིབ་དཔྱད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན་གནང་ཞིང་།རྫོང་རིམ་པའི་འགོ་ཁྲིད་ཀྱིས་གཅིག་སྡུད་སློབ་སྦྱོང་དང་།“བསྡུར་བ་བཞི”དང“འཚོལ་ཞིབ་བཞིའི”བླང་བྱ་གཞིར་བཟུང་རང་ངོས་ཀྱི་ཞན་ཆ་དག་ཐེར་ནན་མོ་བྱེད་པ་དང་ལས་ཀའི་ཞན་ཆར་འཚོལ་ཞིབ་གཏིང་ཟབ་བྱེད་དགོས།གནད་དོན་ངོ་མ་འཚོལ་བ་དང་འབྱུང་རྩ་ཟབ་མོ་འཚོལ་དགོས།
གོམ་སྟབས་རྗེས་མར་དག་ཐེར་ཡོ་བསྲང་བྱེད་པར་རྨང་གཞི་ཡག་པོ་འདིང་ཆེད།གོང་རིམ་གྱིས་བསྟན་པའི་གནད་དོན་གྱིས་རང་ངོས་ནས་རྙེད་པའི་གནད་དོན་གྱི་ཚབ་བྱེད་པ་དང་།ཚན་ཆུང་ཁག་གི་གནད་དོན་གྱིས་མི་སྒེར་གྱི་གནད་དོན་གྱི་ཚབ་བྱེད་པ།ལས་སྒོའི་གནད་དོན་གྱིས་བསམ་བློ་དང་ཆབ་སྲིད་གནད་དོན་གྱི་ཚབ་བྱེད་པ། གནད་དོན་རྙིང་བས་གནད་དོན་གསར་བའི་ཚབ་བྱེད་པའི་ནད་ངན་གྱི་རིགས་གཏན་འགོག་བྱེད་དགོས་ཞེས་གསུངས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com