མཚོ་ལྷོ་ཁུལ་གྱིས་དྲ་བའི་བདེ་འཇགས་ཁྱབ་སྒྲོག་གི་བྱ་འགུལ་སྤེལ།
སྤྱི་ཟླ9པའི་ཚེས17ཉིན། 2019ལོའི་མཚོ་ལྷོ་ཁུལ་གྱི་དྲ་བའི་བདེ་འཇགས་ཁྱབ་སྒྲོག་གི་བྱ་འགུལ་དེ་ཆབ་ཆ་གྲོང་རྡལ་གྱི་མཚོ་སྔོན་པོའི་ཐང་ཆེན་དུ་སྤེལ་པ་དང་། ཐེངས་འདིའི་བྱ་འགུལ་ནི་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་གཉིས་ཀྱིས་མགོ་ཁྲིད་དེ། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་དང་སློབ་གསོ་ཅུའུ། གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ། སྤྱིའི་བཟོ་ཚོགས། ཀྲུང་གོའི་གློག་འཕྲིན་གྱི་མཚོ་ལྷོའི་ཡན་ལག་ཀུང་ཟི། ཀྲུང་གོའི་མཉམ་སྦྲེལ་གྱི་མཚོ་ལྷོའི་ཡན་ལག་ཀུང་ཟི། ཀྲུང་གོའི་སྤོ་སྒུལ་གྱི་མཚོ་ལྷོའི་ཡན་ལག་ཀུང་ཟི་བཅས་ཀྱིས་མཉམ་སྒྲུབ་སྒོས་མཚོ་སྔོན་པོའི་ཐང་ཆེན་དུ་དྲིལ་སྒྲོག་གི་ས་གནས་གཏན་འཁེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ལ་དྲ་བའི་བདེ་འཇགས་ཐད་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱས།
ཐེངས་འདིའི་དྲ་བའི་བདེ་འཇགས་ཁྱབ་སྒྲོག་གི་བྱ་འགུལ་ནི2019ལོའི་ཟླ9བའི་ཚེས17ནས་ཟླ9བའི་ཚེས21ཉིན་གྱི་བར་ལ་སྤེལ་འཆར་ཡོད་པ་དང་། བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི་དྲ་བའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དང་། དྲ་བའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས་ཞེས་པ་དེ་ཡིན།
ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་དྲ་བའི་བདེ་འཇགས་ཀྱི་ཁྱབ་སྒྲོག་སློབ་གསོའི་བྱ་འགུལ་དུ་ཞུགས་སུ་བཅུག་སྟེ། དྲ་བའི་བདེ་འཇགས་ཀྱི་ཤེས་བྱ་མི་དམངས་ལ་བསྒྲགས་ཏེ་སྤྱི་ཚོགས་ཡོངས་ཀྱི་དྲ་བའི་བདེ་འཇགས་ཀྱི་འདུ་ཤེས་དང་སྔོན་འགོག་སྲུང་སྐྱོབ་ཀྱི་ནུས་རྩལ་མཐོར་འདེགས་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com