ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད།
1.ཆབ་སྲིད་ཀྱི་ལྟ་སྐུལ་འབུར་དུ་ཐོན་པར་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་གནས་ཚུལ་ལག་ལེན་མཐར་ཕྱིན་བྱེད་པ་ལྟ་སྐུལ་གཙོ་བོར་བཟུང་ནས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དུས་ལྟར་དྲིལ་སྒྲོག་དང་སློབ་སྦྱོང་། ལག་ལེན་བཅས་བྱས་ཡོད་མེད་ལ་རྩད་གཅོད་བྱས་ཏེ། ཆེད་དོན་འཐབ་རྩོད་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་བཟུང་ནས་ཁོང་དུ་ཆུད་པ་དང་སྐུལ་འདེད་བྱེད་པ། དོན་དངོས་སུ་སྲ་མཁྲེགས་ཅན་ལ་གདོང་ཐུག་བྱེད་ཐུབ་པ། ཁྲིམས་འཛིན་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལ་བརྟེན་ནས་འགན་ནུས་ལག་བསྟར་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་སྐུལ་སློང་བྱས་ཡོད་མེད་བཅས་ཀྱིས་སྤྱི་ཚོགས་ཡོངས་སུ་ནག་འཇོམས་ངན་སེལ་གྱི་མཁའ་དབུགས་སྟུག་པོ་ཞིག་ཆགས་སུ་འཇུག་དགོས།
2.ཁྲིམས་འཛིན་རྡུང་རྡེག་འབུར་དུ་ཐོན་པར་བྱེད་པ། ཆེད་དོན་འཐབ་རྩོད་ཀྱིས་བཅའ་ཁྲིམས་འཁོར་ལམ་སྟེང་གི་འཁོར་སྐྱོད་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་གཙོ་བོར་བཟུང་ནས། ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་ལ་རྩད་གཅོད་བྱས་ཏེ་དོན་དངོས་བདེན་དཔང་གཞིར་བཟུང་ནས། བཅའ་ཁྲིམས་ཀྱི་ཚད་གཞིའི་སྟེང་རྐང་ཚུགས་པ་དང་བཅའ་ཁྲིམས་ཀྱི་སྲིད་ཇུས་ཚད་བཀག་གི་ཁོང་དུ་ཆུད་པའི་ཚད་གཞི་ཡང་དག་མིན་ལ་རྩད་གཅོད་གསལ་བོ་བྱེད་དགོས།
3. རྩད་གཅོད་མཐར་ཕྱིན་འབུར་དུ་ཐོན་པར་བྱེད་པ། ནག་འཇོམས་ངན་སེལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཁན། གཞི་རིམ“སྦྲང་གསོད”བཅས་ཀྱིས་ཕན་ཚུན་མཉམ་འབྲེལ་བྱས་པའི་དོན་དངོས་བཅས་ལྟ་སྐུལ་གཙོ་བོར་བཟུང་ནས། ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་དེའི་ཐད“འགེབས་སྲུང་མཁན”ཡོད་མེད་ལ་རྩད་གཅོད་གསལ་བོ་བྱེད་དགོས། དེ་དང་ཆབས་ཅིག་ཁྲིམས་འཛིན་ལས་ཁུངས་དང་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱིས་མགྱོགས་མྱུར་སྒོས་ཁུངས་སྣེ་སྤོ་སྒྱུར་དང་སྒྲིག་གཞིའི་ཕྱིར་ལྡོག་འཐུས་ཚང་ཡིན་མིན། རུལ་སུངས་ལ་འབྲེལ་བ་ཡོད་པའི་ནག་འཇོམས་ངན་སེལ་གྱི་གྱོད་དོན་དེ་རྩད་གཅོད་མཐར་ཕྱིན་བྱེད་དགོས།
4.ཕྱོགས་བསྡུས་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་པ། ལས་ཁུངས་སོ་སོའི་མཉམ་འབྲེལ་བདག་དོམ་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་གཙོ་བོར་བཟུང་ནས། ཕྱོགས་བསྡུས་བཅོས་སྐྱོང་ཁོང་དུ་ཆུད་པ་དང་འགོ་ཁུངས་བཅོས་སྐྱོང་དེ་གོ་གནས་གལ་ཆེན་དུ་བཟུང་ཡོད་མེད་ལ་རྩད་གཅོད་གསལ་བོ་བྱེད་པ། “ ཕྱོགས་གཅིག་ནས་རྡུང་རྡེག”དང“ཕྱོགས་གཅིག་ནས་ཀུ་ཡངས་གཏོང་བའི”གནད་དོན་ཡོད་མེད། ལས་དོན་གང་དེའི་ཉིན་རྒྱུན་གྱི་བདག་དོམ་བྱ་བའི་ཐད་ཕན་ནུས་ཐོན་ཡོད་མེད། གཙོ་གནད་ས་ཁུལ་དུ་དག་ཐེར་བྱས་ཡོད་མེད་དང་མི་ཚོགས་གཙོ་བོའི་འགུལ་རྣམ་གྱི་བདག་དོམ་ཚོད་འཛིན་གཙོ་བོ་བཅས་དུས་ལྟར་ཤེས་རྟོག་ཐུབ་པ་བྱས་ཏེ། ཆད་ལྷག་ཐད་ལ་བདག་དོམ་ལེགས་པོ་བྱེད་དགོས།
5.གཞི་རིམ་གྱི་རྩ་འཛུགས་འབུར་དུ་ཐོན་པར་བྱེད་པ། དག་ཐེར་བྱེད་ཡུལ་ཅུང་གཉོམ་པ་དང་ཁ་འཐོར་དུ་གནས་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་གཙོ་བོར་བཟུང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དངོས་ཡོད་ལ་ཤུགས་སྣོན་བྱེད་པར་རྩད་གཅོད་བྱེད་པ། སྡེ་བའི“ཨུ་ལྷན”གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་སྒྲིག་སྲོལ་ནན་ཏན་ཡིན་མིན་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་གཞི་གྲུབ་ཡོད་མེད་བཅས་ལ་རྩད་གཅོད་གསལ་བོ་བྱེད་དགོས།
6.འགོ་ཁྲིད་ཀྱི་རྩ་འཛུགས་འབུར་དུ་ཐོན་པར་བྱེད་པ། རིམ་པ་སོ་སོའི་ཆེད་དོན་འགོ་ཁྲིད་ཚོ་ཆུང་དང་དེར་འབྲེལ་གཞུང་སྒྲུབ་ཁང་གིས་ལས་འགན་གྱི་བྱེད་ནུས་གནས་ཚུལ་ལ་ལྟ་སྐུལ་བྱེད་པ་གཙོ་བོར་བཟུང་སྟེ། གཅིག་གྱུར་འཆར་འགོད་ཀྱི་འགན་ནུས་ཀྱིས་བྱེད་ནུས་ཐོན་ཡོད་མེད་ལ་རྩད་གཅོད་བྱས་ནས། དཔེར་མཚོན་ཅན་དར་སྤེལ་གཏོང་བ་དང་དཔྱད་ཞིབ་ཐད་ལ་བྱ་དགའ་དང་ཁྲིམས་ཆད་བཟོ་བ། འགན་འཁྲི་རྗེས་འདེད་བཅས་ཀྱི་བྱ་བའི་སྒྲིག་གཞི་གསར་འཛུགས་དང་དངོས་འབེབས་འཐུས་ཚང་ཅན་ཏུ་གཏོང་དགོས།
གཉིས། མཉམ་འཇོག་བྱེད་ཡུལ་གྱི་གཙོ་གནད་འགའ།
1.ལངས་ཕྱོགས་བརྟན་པོ་མིན་པ། ས་ཁུལ་རེ་འགའ་དང་སྡེ་ཁག་རེ་འགས་ཆེད་དོན་འཐབ་རྩོད་ཀྱི་གོ་དོན་གལ་ཆེན་ལ་ངོས་འཛིན་བྱས་པའི་ལངས་ཕྱོགས་བརྟན་པོ་མིན་ལ། ཆེད་དོན་འཐབ་རྩོད་སོགས་ནི་ཆེས་སྤྱིར་བཏང་གི་ཆེད་དོན་བྱ་བའི་ཚད་ལ་བཞག་ཡོད། ལ་ལས་ཆེད་དོན་འཐབ་རྩོད་ནི་ཁྲིམས་འཛིན་སྡེ་ཁག་གི་ལས་དོན་ཡིན་པར་སེམས་ནས་རང་ཉིད་དང་འབྲེལ་བ་མེད་པ། ནང་སྒོས་སུ“དངོས་སུ་འཐབ་རྩོད་མི་བྱེད་པ་དང་དངོས་སུ་འཐབ་འདོད་མེད་པ། དངོས་སུ་འཐབ་མི་ཕོད་པ”བཅས་ཀྱི་དགེ་མཚན་ཆུང་ངུའི་བསམ་བློའི་དགོངས་དོན་གྱི་ཚད་གཞི་མི་འདྲ་བ་ཡང་ཡོད་པས། དེ་དག་ལམ་སེང་གཙང་སེལ་དང་མེད་པར་བཟོ་དགོས།
2.བཀོད་སྒྲིག་རྣམ་པ་ཅན། ས་ཁུལ་རེ་འགའི་ཆེད་དོན་འཐབ་རྩོད་ནི“འབྲུག་འུར་སྒྲ་ཆེ་རུང་ཆར་བ་ཉུང་བའི”དཔེ་རུ་ཚུད་ཡོད་ལ། སྤྱིར་བཏང་གི་བཀོད་སྒྲིག་མང་བ་ལས་སྐུལ་འདེད་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཉུང་བ། གཅིག་བསྡུས་ཀྱི་གནད་གཙོ་བོར་ཐོན་མེད་པ་དང་དངོས་ཡོད་ཀྱི་ཕན་ནུས་མངོན་གསལ་མིན་པ། ཞིབ་འཇུག་དུས་རིམ་རང་བཞིན་གྱི་འཐབ་རྩོད་དེའི་ཁྱད་ཆོས་དང་སྒྲིག་སྲོལ་འཐུས་ཚང་མིན་པ། ད་རུང་རླབས་རྒྱུན་དྲག་པོ་ལྟ་བུའི་ཕར་རྒོལ་ཆེན་པོ་ཞིག་མེད་པ་བཅས་ཡིན།
3.མང་ཚོགས་སྐུལ་སློང་བྱས་པ་འཐུས་ཚང་མིན་པ། ས་ཁུལ་རེ་འགའི་མང་ཚོགས་ཀྱིས་ཆེད་དོན་འཐབ་རྩོད་ལ་ངོས་འཛིན་བྱེད་པའི་ཚད་གཞི་མི་མཐོ་བ་དང་ནག་ཚོགས་ཀྱི་སྟོབས་ཤུགས་ཡར་ཞུ་བྱེད་མི་ཕོད་པ་རེད། འདི་ནི་ས་ཁུལ་དེར་དྲིལ་སྒྲོག་བྱས་པ་མ་འདང་པ་དང་མང་ཚོགས་སྐུལ་སློང་བྱས་པ་གཏིང་ཟབ་མིན་པ། སྟོབས་ཤུགས་ཀྱིས་མི་འདང་པ་སོགས་ལ་ཐད་ཀར་དུ་འབྲེལ་བ་ཡོད།
4.ཁུངས་སྣེར་དཔྱད་ཞིབ་བྱས་པའི་ཕན་ནུས་མཐོན་པོ་མིན་པ། ས་ཁུལ་རེ་འགའི་ནག་ཚོགས་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ནག་ཉེས་བཟོས་པའི་ཁུངས་སྣེ་སྣ་རྐྱང་དང་ཁུངས་སྣེ་དཔྱད་ཞིབ་རྩད་གཅོད་བྱས་པ་གཏིང་ཟབ་མིན་པ། ཕྱི་གསལ་ནང་གསལ་མིན་པ། དོན་དངོས་དང་མི་མཐུན་པ། དཔྱད་ཞིབ་རྩད་གཅོད་ཀྱི་མྱུར་ཚད་ཧ་ཅང་དལ་པ། ནང་སྒོས་སུ་རིན་ཐང་ཡོད་པའི་ཁུངས་སྣེ་ཉུང་བ་བཅས་ཀྱིས་ཆེད་དོན་འཐབ་རྩོད་མུ་མཐུད་དུ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཤུགས་རྐྱེན་དང་དཀའ་ཁག་བཟོས་ཡོད་པ།
5.གྱོད་དོན་གཙོ་བོར་རྩད་གཅོད་བྱས་པ་མི་འདང་པ། ས་ཁུལ་རེ་འགའི་གྱོད་དོན་འགན་སྒྲུབ་མི་སྣས་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་སྒྲུབ་པའི་ཆུ་ཚད་མི་མཐོ་པ། ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་རེ་འགའི་གྱོད་དོན་གྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་པས་མུ་མཐུད་དུ་སྐུལ་འདེད་བྱེད་པའི་ཚད་ཇེ་དལ་དུ་བཏང་ཡོད། ནང་སྒོས་སུ་ནག་ཚོགས་དང་ངན་ཕྱོགས་ཀྱི་རྒྱུ་ནོར་དེ་དག་ཐག་གཅོད་བྱེད་པའི་དཀའ་ཁག་ཅུང་ཆེ་བ། ནག་ཚོགས་སྟོབས་ཤུགས་རེ་འགའ་མེད་པར་བཏང་མོད་འོན་ཀྱང་དཔལ་འབྱོར་གྱི་རྨང་གཞི་དེ་རྩ་བ་ནས་གཙང་སེལ་དང་རྨེག་མེད་བཏང་མེད་པ།
6.ཁྲིམས་འཛིན་བསམ་བློ་གཅིག་གྱུར་མིན་པ། ས་ཁུལ་རེ་འགའི་གཞི་རིམ་ཁྲིམས་འཛིན་ལས་ཁུངས་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་གྱོད་དོན་དེའི་ངོ་བོ་གཏན་ཁེལ་དང་བཅའ་ཁྲིམས་ཀྱི་བེད་སྤྱོད། བདེན་དཔང་གི་ཚད་གཞི་སོགས་ཀྱི་ཐད་ཕྱོགས་འགལ་བྱུང་ཡོད་པས། གྱོད་དོན་གྱི་ངོ་བོའི་ཕན་འབྲས་ཐད་ཤུགས་རྐྱེན་ཐེབས་ཡོད།
7.ནག་ཚོགས་སྟོབས་ཤུགས་ཀྱི“འགེབས་སྲུང་མཁན”ལ་རྡུང་རྡེག་བྱེད་པར་དཀའ་ཁག་ཆེ་བ། ས་ཁུལ་རེ་འགའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་ལ་རྩད་གཅོད་བྱས་པ་མི་འདང་པ་དང་མངོན་གསལ་མིན་པས“འགེབས་སྲུང་མཁན”ལ་འཕྲད་ཐབས་མེད་ན། གྱོད་དོན་དེ་རྩ་བ་ནས་མགོ་རྟིང་བསློགས་པར་དཀའ་ཁག་ཆེ་བ་རེད། དེ་མིན་ས་ཁུལ་ལ་ལའི“གློག་སྒྲོན་འོད་ངོགས་ཀྱི་ནག་ཚོགས”གནད་དོན་རྩད་གཅོད་བྱས་རྗེས་སྣང་བརྙན་དང་སྲིད་སྐྱོང་བྱས་རྗེས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་པར་སེམས་ནས། “འགེབས་སྲུང་མཁན”ལ་རྩད་གཅོད་བྱེད་མི་འདོད་པ་དང་རྩད་གཅོད་བྱེད་མི་ཕོད་པའི་གནད་དོན་ཡོད་པ།
8.“རྨོངས་ཁུལ”དུ་རྡུང་རྡེག་བྱེད་པའི་གནད་དོན་ཡོད་པ། ས་ཁུལ་རེ་འགའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་དྲང་བདེན་མིན་པའི་གནད་དོན་འབུར་ཐོན་ཅན་གནས་ཡོད། དེ་ཡང་ཁྲི་ཀ་རྫོང་ལས་གཞན་རྫོང་ཁག་བཞི་ཡིས་ད་ལྟའི་བར་དུ་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་དོན་གཅིག་ཀྱང་སྒྲུབ་མེད། ལས་རིགས་ལ་ལའི་ཁྱབ་ཁོངས་སུ་ལྟ་སྐུལ་བདག་དོམ་ཐད་ལ་ཆད་ལྷག་ཡོད་པ་དང་ནག་ཚོགས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ནག་ཉེས་གནད་དོན་རྩད་གཅོད་བྱས་པ་གནད་ལ་ཁེལ་མེད་པས། ཞིང་གྲོང་ས་ཁུལ་རེ་འགའི་སྡེ་བའི་བཙན་བདག་དང་ཆོས་ལུགས་ཀྱི་ནག་ཚོགས་སྟོབས་ཤུགས་ཀྱིས་མང་ཚོགས་ལ་བརྙས་བཅོས་དང་གཉའ་གནོན་བྱེད་པའི་གནད་དོན་སྔར་བཞིན་གནས་ཡོད་པ་རེད།
9.ནག་འཇོམས་གཞུང་སྒྲུབ་ཁང་གི་བྱེད་ནུས་འདོན་སྤེལ་བྱས་པ་མི་འདང་པ། ད་ལྟ་ས་ཁུལ་རེ་འགའི་ནག་སེལ་གཞུང་སྒྲུབ་ཁང་གི་སྟོབས་ཤུགས་དང་ཟིལ་ཤུགས་ཀྱིས་མི་འདང་པས། བྱ་བའི་སྒྲིག་གཞི་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཡང་ཅུང་འབུར་དུ་ཐོན་ཡོད།
10.ལྟ་སྐུལ་ཞིབ་བཤེར་བྱས་པ་མི་འདང་པ། ལྟ་སྐུལ་ཞིབ་བཤེར་བྱས་པའི་དུས་ཡུན་ཐུང་བ་དང་ཕན་འབྲས་མངོན་གསལ་མིན་པ་སོགས་ཀྱི་གནད་དོན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com