མང་རྫོང་གིས་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2019-03-27 11:43:00 ཀློག་གྲངས།:

     ཉེ་ལམ། མང་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ལྔ་བཞིའི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་མཐོ་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས། གྲོང་གསེབ་དར་སྤེལ།གནད་འཁེལ་དབུལ་སྐྱོར་ཏང་ཀྲི་པུའུ་བྱ་བའི་ཁྲོད་མཉམ་བསྲེས་བྱས་ཏེ། བྱ་མདོ་ཞང་གདོང་གཞུང་སྡེ་བ་ནས་ཡིག་ཆ་དང་པོ་དྲིལ་སྒྲོག་བྱས།

     རྩ་འཛུགས་པུའུ་ཏང་ཀྲི་པུའུ་ཡིས་ལས་བྱེད་བརྒྱ་ཁྲག་གཞི་རིམ་དུ་བསྐྱོད་དེ་སྒྲོག་གཅིག་སྒྲུབ་གཉིས་སྐུལ་གསུམ་བྱ་འགུལ་སྤེལ་ཏེ་ཏང་ཡོན་ཚོགས་ཆེན་དང་མང་ཚོགས་ཀྱི་ཚོགས་ཆེན་བསྡུ་བའི་རྣམ་པ་བརྒྱུད་དེ། ནན་ཏན་གྱིས་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་ནས། དོན་དངོས་སྟེང་ཞིང་གསུམ་བྱ་བ་དང་གྲོང་གསེབ་དར་སྤེལ། དབུལ་སྐྱོར་མཁྲེགས་གཏོར་སོགས་ཀྱི་བྱ་བ་ཟུང་འབྲེལ་བྱས་ཏེ། ཞིང་ལས་ཞིང་སྡེ་སྔོན་ལ་འཕེལ་རྒྱས་འགྲོ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཏང་ཡོན་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་འབད་བརྩོན་ཕྱུག་འགྱུར་གྱི་ཧུར་ཐག་རང་བཞིན་འདོན་སྤེལ་བཏང་ནས། གྲོང་གསེབ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་ངར་སློང་སྟེ། སྔོན་འགྲོ་གཅིག་དང་སྤུས་མཐོ་གཉིས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་སྲ་བརྟན་གྱི་རྨང་གཞི་འདིང་བར་སྐུལ་འདེད་བཏང་། 

     སྡེ་ཨུ་གཉིས་ཀྱི་ཚན་ཁག་བཅས་ཏང་ཡོན་རྒན་པའི་མཐུན་སྒྲིལ་གྱི་སྣེ་ཁྲིད་འོག་སྡེ་བ་ཡོངས་ཀྱི་སྡེ་དམངས་ཀྱི་སྒུག་རྟེན་སློང་གསུམ་གྱི་བསམ་བློ་མེད་པར་བཟོས་ནས། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལ་བརྟེན་ཏེ། ཧུར་ཐག་གིས་སྡེ་བའི་རྣམ་པ་གསར་བ་བཅས་ཡུལ་སྲོལ་དཔལ་ཡོན་ལེགས་བསྒྱུར་བྱེད་པའི་ཐད་མཐོ་རུ་བཏང་བ་དང་། གཞི་རིམ་ཏང་ཀྲི་པུའུ་ནུས་བ་མཐོར་འདེགས་བཏང་ནས། དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱུང་བའི་ལམ་དུ་བསྐྱོད། དེ་རྗེས་རྩ་འཛུགས་པུའུ་ཀྲང་གིས་གདོང་གཞུང་སྡེ་བའི་སྡེ་ཨུ་གཉིས་ལ་བསམ་འཆར་འགའ་བཏོན་ཏེ། གཅིག་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གཅིག་སྒྲིག་ནུས་ཤུགས་དང་ཡར་བསྐྱེད་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། མུ་མཐུད་དུ་ན་གཞོན་ལས་བྱེད་ཀྱི་ནུས་བ་འདོན་སྤེལ་བྱེད་དགོས། གཉིས་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་འོག་སྡེ་བ་ཡོངས་ཀྱི་དཔལ་འབྱོར་ཡོང་སྒོ་འདོན་སྤེལ་བྱེད་དགོས་ཞེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།