ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།
མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2019-03-08 09:52:00
ཀློག་གྲངས།:
སྤྱི་ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཝང་ཅན་ཅུན་དང་ལིག་ཉིང་གིས་གཏམ་བཤད། ཀྲུང་དབྱང་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཀྲང་ཅི་ནན་ཚོགས་འདུར་ཞུགས་ནས་འཐུས་མི་རྣམས་ཀྱི་བསམ་འཆར་ལ་ཉན།
ཁྲིན་ཞི་ཡིས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡོད། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པའི་ཆེས་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་ཤོས་ཡིན། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་རྒྱུ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བར་བྱེད་པའི་སྤྱིའི་ལས་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འཛུགས་སྐྲུན་བྱ་བའི་སྤུས་ཚད་བར་མ་ཆད་པའི་སྒོ་ནས་ཇེ་མཐོར་གཏད་དེ། ཤུགས་ཆེན་པོས་བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་འབྱུང་བར་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་སྙོམ་པ། དམངས་ཚིས་ལ་ཕན་བདེ་བསྐྲུན་པ། ཉེན་ཁ་འགོག་པ། བརྟན་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབ་ནས། ལྷག་ལུས་ཅི་ཡང་མེད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་དགོས་ཟེར།
ཝང་ཅན་ཅུན་གྱིས་བཤད་རྒྱུར། སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་གཟི་མདངས་ཆེས་ཆེར་རྒྱས་པར་བྱས་ཡོད་ཅིང་། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། ལག་ལེན་གྱི་རང་རྟོགས་བཅས་རིས་སུ་མངོན་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་ལ་ཡང་བསྐྱར་སྐུལ་འདེད་གཏོང་དགོས་པའི་དུས་རབས་ཀྱི་དགོངས་པ་དང་། དཔལ་འབྱོར་དུས་ཡུན་རིང་བོར་ལེགས་ལམ་ལ་ཕྱོགས་ཐུབ་པའི་འཕེལ་རྒྱས་ཀྱི་ཤེས་རབ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་བདེ་ཐང་འོས་འགན་ལ་སྲུང་སྐྱོབ་བྱེད་པ། མི་དམངས་སྲོག་ཤིང་ཡིན་པའི་ཐོག་མའི་ཕུགས་འདུན་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་བསྐྲུན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱེད་པ། དཀའ་ངལ་དང་འགྲན་རྩོད་རབས་དང་རིམ་པ་ལས་རྒྱལ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་འཛིན་པ། རྩ་ཁྲིམས་བླ་ནས་བླར་བཀུར་བ་དང་དཀའ་སྤྱད་བདེན་གཉེར་གྱི་བྱེད་ཐབས་རྒྱུན་འཁྱོངས་བྱེད་རྒྱུ་བཅས་བཏོན་ཡོད་པས། དེ་ནི་ཆབ་སྲིད་བརྩི་བ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དམ་པོར་འཛིན་པ། བརྟན་འཇགས་ལ་འགན་སྲུང་བྱེད་པ། དམངས་ཚིས་ལ་མཐོང་ཆེན་བྱེད་པ། རྒྱབ་ཁབ་སྟོབས་ལྡན་དུ་བསྒྱུར་བ། ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཁག་ཁུར་གྱི་འདུ་ཤེས་ལྡན་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། ང་རང་ནས་ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཆེན་པོ་ཡོད་པར་མ་ཟད། དངོས་འབེབས་མཐར་ཕྱིན་བྱེད་པར་བློ་ཐག་རྦད་ཆོད་ཡིན་ཟེར།
ལིག་ཉིང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་ཁྱད་པར་དུ་དཔལ་འབྱོར་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་ལས་དོན་སྤྱིའི་སྒྲུབ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས་ལ་ཁ་ལོ་བསྒྱུར་བ་མཚོན་ཡོད་པས། དེ་ནི་མི་དམངས་སྲོག་ཤིང་དུ་འཛིན་པ་དང་ལྷད་མེད་སྤུས་གཙང་ཡིན་པ། དབྱེ་ཞིབ་རྟིང་ཐག་ཆོད་པ། ཁ་ཕྱོགས་གསལ་སྟོན་བྱས་པའི་སྙན་ཞུ་ལེགས་པོ་ཞིག་རེད། སྙན་ཞུས་ད་ལོའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས་པས། ང་ཚོས་མཚོ་སྔོན་གྱི་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ། དགེ་མཚན་སྔར་ལས་ཆེ་རུ་བསྐྱེད་པ་དང་ཞན་ཆ་དུས་ལྟར་གསབ་ནས། ཇུས་གཞི་ལྟར་ལས་དོན་བསྒྲུབ་དགོས་ཤིང་། གོ་སྐབས་དམ་འཛིན་དང་ཉེན་ཁ་ཅི་ཡོད་འགོག་སེལ་བྱས་ནས། ཕན་འབྲས་ངེས་ཅན་ལོན་པར་འབད་དགོས། ཆེས་ཆེ་བ་གསུམ་གྱི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་ཉར་ནས། ཁྱད་ལྡན་གྱི་གནམ་གཤིས་དང་ས་ཁམས། རིག་གནས། ས་ཁོངས། སྐྱེ་ཁམས། ཐོན་ཁུངས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་དགོས་ལ། ཤུགས་ཆེན་པོས་གྲངས་རིག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་ཆེ་གྲས་མགྱོགས་མྱུར་ངང་བསྐྲུན་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་ལ་ཤུགས་བསྣན་མཐར། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་བྱས་རྗེས་འཇོག་དགོས་ཟེར།
ཝང་ཡུས་པོ་ཡིས་བཤད་རྒྱུར། ང་རང་ངོས་ནས་ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཆེན་པོ་ཡོད། སྲིད་གཞུང་བྱ་བའི་སྙན་ཞུར་ཉན་པ་ལས་ང་ལ་མྱོང་སྣང་ཟབ་མོ་གསུམ་ཡོད་དེ། གཅིག་ནི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་ནི་གནད་འགག་ཡིན་པ་དང་། གཉིས་ནི་གཏད་ཤུགས་རྒྱུན་འཁྱོངས་བྱེད་རྒྱུ་གནད་འགག་ཡིན་པ། གསུམ་ནི་འབད་འཐབ་ཀྱི་སྙིང་སྟོབས་རང་རྒྱུད་ལ་ཉར་རྒྱུ་ནི་གནད་འགག་ཡིན་པ་བཅས་རེད་ཟེར།
ཚོགས་ཐོག་ནས་ད་དུང་འཐུས་མི་ཀྲང་ཞའོ་རུང་དང་ཨ་ཧྲན་ཆིན། ཤ་བོ་སྒྲོལ་མ་སོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་མགྱོགས་མྱུར་ངང་འཛུགས་རྒྱུ་དང་། དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱེད་པ། དབུལ་ཐར་མཁྲེགས་གཏོར་བཟང་བོར་བསྒྲུབ་པ་སོགས་ཀྱི་ཐད་ནས་བསམ་ཚུལ་བཏོན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།