སྲིད་གཞུང་བྱ་བའི་སྙན་ཞུ་ལས་འཕྲོས་པའི་སྐད་ཆ15།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2019-03-07 10:32:00 ཀློག་གྲངས།:
     ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་རེད། སྲིད་གཞུང་བྱ་བའི་སྙན་ཞུ་ལས་སྐད་ཆ་འདི་དག་དངོས་གནས་དམངས་བློ་དང་མཐུན་པ་ཞིག་རེད།
     1.དཀའ་ངལ་ལ་སྣང་ཆུང་དང་ཡིད་ཆེས་ལ་གཡོ་འགུལ། ངར་ཤུགས་ལ་ལྷོད་གཡེང་བཅས་བྱེད་མི་རུང་།
     2.ཚར་རྒྱུ་རྫོགས་རྒྱུ་མེད་པའི་རྙོག་དྲའི་བདེན་དཔང་གིས་ཁེ་ལས་དང་མང་ཚོགས་སྡུག་ལ་གཏད་མི་རུང་།
     3.སྲིད་གཞུང་སྡེ་ཁག་གིས་ཞབས་འདེགས་ལེགས་པོ་ཞུ་དགོས་པ་རང་འགན་ཡིན་ལ། ཞབས་ཞུ་བསྒྲུབ་མ་ཐུབ་ན་འགན་ཤོར་རེད།
     4.བློ་ཐག་རྦད་ཆོད་སྒོས་ཁེ་ལས་དང་སྤྱི་ཚོགས་ལ་བཞག་པའི་དམ་བཅའ་དོན་འཁྱོལ་བྱས་ཏེ། དཀའ་ངལ་ག་ཚོད་ཡོད་ཀྱང་དོན་ཆེན་འདི(ཁྲལ་འཕྲི་དངུལ་གཅོག)ངེས་པར་དུ་ལེགས་པོར་བསྒྲུབ་དགོས།
     5.ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་སྣོན་བྱུང་ཚེ། ད་གཟོད་ང་ཚོར་སྔར་ལས་ཀྱང་གདེང་ཚོད་ཡོད།
     6.ཡོན་ཏན་སྣ་གཅིག་ལ་བརྟེན་ནས་གཞོན་ནུ་མང་པོར་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་དགོས་ལ། ལས་རིགས་སུམ་བརྒྱ་དྲུག་ཅུ་ཡིས་ཤེས་ལྡན་པ་སྐར་ཚོགས་ལྟར་རྣམ་པར་བཀྲ་རུ་ཡང་འཇུག་དགོས།
     7.ཤེས་ལྡན་མི་སྣ་སྣ་ཚོགས་སྤྱད་ན། ཀྲུང་གོའི་གསར་གཏོད་ཀྱི་ལས་དོན་ལ་སྔར་ལས་འཕེལ་རྒྱས་ལེགས་པོ་འབྱུང་ཐུབ་ལ། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བར་བྱས་རྗེས་འཇོག་ཐུབ།
     8.དཀའ་ཚེགས་དང་རྔུལ་ཆུ་ལ་བརྗེས་པའི་ཞིང་པ་ཞོར་ལས་པས་གླ་ཕོག་དུས་ལྟར་ལེན་ཐུབ་པར་འགན་ལེན་བྱ་དགོས།
     9.ཡིད་རྟོན་ཟོལ་མེད་ཐུབ་པར་སྲིད་གཞུང་གིས་སྣེ་ཁྲིད་དགོས་ཤིང་།“འགོ་ཁྲིད་གསར་པས་སྔ་མའི་ལས་རྔ་རྙིང་པར་ཁ་ཡ་མི་བྱེད་པ” གཏན་ནས་འགོག་དགོས།
     10.ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་གསར་སྐྲུན་བྱས་ཏེ། ཁེ་ལས་པས་བློ་བདེ་ངང་ནས་ཚོང་གཉེར་དང་ཁེ་ལས་བསྒྲུབ་ཏུ་འཇུག་དགོས།
     11.ང་ཚོས་མང་ཚོགས་ལ་གནོད་སེལ་རྒུད་སྐྱོབ་དང་མཁོ་ཐོག་རོགས་རམ་བྱས་ཏེ། དམངས་ཚིས་ཀྱི་མཐའ་ཐིག་དམ་སྲུང་བྱ་དགོས།
     12.སྲིད་གཞུང་གིས་བསྒྲུབས་པའི་བྱ་བ་ཡོད་ཚད་པོ། མ་གཞི་ནས་མང་ཚོགས་ཀྱིས་རེ་ལྟོས་བྱེད་ས་དག་ཡིན་ན་འགྲིག
     13.ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚང་མར་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱ་དགོས་ལ། དྲང་བཞག་མིན་པ་དང་ཚུལ་མཐུན་མིན་པའི་ཁྲིམས་ལག་བསྟར་གྱི་སྣང་ཚུལ་ཐམས་ཅད་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ཏེ། སྲིད་འཛིན་བྱ་བར་མགོ་བདེ་བྱེད་མཁན་ཚང་མར་མཐའ་གཅིག་ཏུ་འཐུས་ཤོར་བདའ་འདེད་བྱ་དགོས།
     14.རིམ་པ་སོ་སོའི་སྲིད་གཞུང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཅོས་སྐྱོང་བྱས་ཏེ། ལས་བྱེད་པ་དག་ཡིག་ཆའི་བྲག་རྩིག་དང་ཚོགས་པའི་རྒྱ་མཚོ། ཐོབ་ཐང་འགྲན་སྡུར་དང་ཞིབ་བཤེར་ཚད་འཇལ་གྱི་གདོང་ལེན་རྫོགས་མེད། ཚར་རྒྱུ་མེད་པའི་ཡིག་ཚགས་དང་རྩིས་ཁྲ་ཡར་སྤྲོད་ཀྱི་བཀག་སྡོམ་ཁྲོད་ཐར་བར་བྱས་ཏེ། སེམས་ཤུགས་ཡོངས་སུ་དངོས་ཡོད་གནད་དོན་ཐག་གཅོད་ཐུབ་པའི་བྱ་བའི་སྟེང་བཀོལ་དགོས།
     15.ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་གདོང་གཏད་དེ། འགན་འཁྲི་འཁུར་ཕོད་པ་དང་ལས་གནས་བསྲུང་ཐུབ་པ། སེམས་ཤུགས་ཡོད་རྒུས་བྱ་བ་ལེགས་པོར་བསྒྲུབ་སྟེ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།