མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་དམངས་འཐུས་གྲོས་ཚོགས་ཐེངས་ལྔ་བ་མཇུག་སྒྲིལ།
སྤྱི་ཟླ2པའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བའི་གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ་ཞིང་། ཐེངས་འདིའི་གྲོས་ཚོགས་སུ་འབྱོར་འོས་པའི་འཐུས་མི250དང་། དངོས་སུ་འབྱོར་བའི་འཐུས་མི222ཡོད་ལ། གྲོས་ཚོགས་སུ་ཞུགས་པའི་འཐུས་མིའི་མི་གྲངས་དེ་ཁྲིམས་འབེབས་ཀྱི་དགོངས་དོན་དང་མཐུན།
མཛད་སྒོའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁོས་དང་། ཝང་ཅན་མིན། ཀླུ་འབུམ་རྒྱལ། གསེར་མཚོ། ལིན་ཆིང་ཅི། དབྱང་ཀྲའོ་ཆིང་། ཚེ་རིང་ཐར། ལི་ཅན་ཆི། ལི་སུང་སིན་བཅས་ཀྲུའུ་ཞིའི་མདུན་གྲལ་དུ་བཞུགས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་མིན་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
གྲོས་ཚོགས་ཀྱིས་ཁུལ་དམངས་འཐུས་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་འདེམས་བསྐོའི་མིང་ཐོ་དང་། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོ་ལ་གྲོས་འཆམ་བྱུང་ཞིང་། དབྱང་ཧྲུའུ་ཕིང་ནི་མཚོ་ལྷོ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་གཙོར་བསྐོས་པ་དང་། མགོན་པོ་རྡོ་རྗེ་དང་བརྒྱད་ཅུས། ཡན་ཞིའུ་ཧྥང་། ཏུའུ་སེན། ལི་ཅིན་ཐིང་། ཀྲའོ་ལི། བསོད་ནམས་ཚེ་རིང་བཅས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་ལ། ཚོགས་ཞུགས་མི་སྣས་བདམས་ཐོན་བྱུང་བའི་བློ་མཐུན་རྣམས་ལ་རྟེན་འབྲེལ་ཞུས།
གྲོས་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་དང་། མཚོ་ལྷོ་ཁུལ2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་ལ་གྲོས་འཆམ་བྱུང། མཚོ་ལྷོ་ཁུལ2018ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2019ལོའི་སྔོན་རྩིས་སྐོར་ལ་གྲོས་འཆམ་བྱུང་། ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་ལ་གྲོས་འཆམ་བྱུང་། དེ་མིན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་ལ་གྲོས་འཆམ་བྱུང་བ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་སྐོར་ལ་གྲོས་འཆམ་བྱུང་།
ཝང་ཅན་མིན་གྱིས་གསུང་དོན། འཐུས་ཚབ་རྣམ་པས་ཁུལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རེ་བཅོལ་སྟོང་ཟད་དུ་མི་གཏོང་བར། དམངས་གཙོ་དར་སྤེལ་དང་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་། བློ་གྲོས་ལྡན་པའི་བསམ་འཆར་བཏོན་ཏེ་ལྷན་དུ་འཕེལ་རྒྱས་ཀྱི་འཆར་ཇུས་ཆེན་པོ་གྲོས་བསྡུར་སྒོས་ཞུམ་མེད་མདུན་བསྐྱོད་དང་འགན་བསྟར་གྱི་ནུས་པ་འདོན་སྤེལ་བྱེད་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com