ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཞི་བ་ཚོགས་མགོ་བརྩམས་པ།
སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཞི་བ་ཚོགས་མགོ་བརྩམས་པ།
རྩོམ་པ་པོ།:མཚོ་ལྷོ་ཁུལ་བོད་སྐད་ཨུའི་ཡིག་ས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2019-02-23 12:47:00
ཀློག་གྲངས།:
སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཞི་བ་ཚོགས་མགོ་བརྩམས་པ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་བརྒྱད་ཅུ་དང་། ཀྲུའུ་ཞི་གཞོན་པ་ལིན་ཅི་ཀྲུང་། སྟག་འབུམ་རྒྱལ། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། བློ་གསལ་རྒྱ་མཚོ། ཁྲེན་ཀྲེན་ཆིན། དེ་མིན་དྲུང་ཡིག་ཆེན་མོ་ལུས་ཅིན་ཞང་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཤིང་། ལིན་ཅི་ཀྲུང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་། ཁུལ་དཔོན་བསོད་ནམས་དོན་གྲུབ། ཝང་ཅན་མིན། ལི་ཐིང་ཞང་། ཀུན་བཟང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སོ་སོ་བཅས་གདན་ཞུ་ལྟར་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ལ། ཁུལ་ཨུའི་པུའུ་ཨུ་སོ་སོ་དང་། ཆབ་ཆར་སྡོད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་ཁུར་བ་བཅས་གྲོས་ཚོགས་སུ་ཞུགས།
སྔ་དྲོའི་དུས་ཚོད9ཡིི་སྟེང་། གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས། ལིས་བརྒྱད་ཅུས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ་སྟེ། ཁོང་གིས་གསུང་རྒྱུར། 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་འཛུགས་པའི་ལོ་ཞིག་ཡིན་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁར་ཕུ་ཐག་གཅོད་པའི་ལོ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གོང་འོག་རྒྱུན་མཐུད་ཀྱིས་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བསྟེན་པ་དང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཐོག ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་བྱེད་རྒྱུ་དང་། གནད་འཕིགས་དབུལ་སྐྱོར། སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་ཐབས་ལེགས་པོ་བཀོད་པར་དམིགས་ནས། འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་བསྡུ། ཐབས་འདོན་ཇུས་འབུལ། ཁྱོན་ཡོངས་ཞབས་ཞུ་ལ་སོགས་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་བརྒྱད་ཅུས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ།
ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྔར་ལས་བློ་ཐག་ཆོད་པའི་ངང་རྒྱུན་འཁྱོངས་བྱས། སྲིད་གྲོས་ཀྱི་ནང་ཞུགས་ལས་ཁུངས་ཁག་དང་རྒྱ་ཆེའི་ཨུ་ཡོན་རྣམས་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དུ་བཅུག་པ་དང་། ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ལས་ཁུངས་དག་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་དང་ཏང་གི་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས།རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམས་ལ“འདུ་ཤེས་བཞི”བརྟན་པོར་བཙུགས་པ། ཏང་གིས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གྱི་བསམ་བློའདི་རྒྱུན་འཁྱོངས་བྱེད་པར་སྔར་ལས་རང་རྟོགས་དང་སྤྱོད་ལམ་སྔར་ལས་བརྟན་པོ། ལས་དོན་སྔར་ལས་དོན་འཁྱོལ་བྱས་པ་ཡིན།
ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སྔར་ལས་ནུས་ལྡན་དང་དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་བྱས། མཐའ་གཅིག་ཏུ་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱས་ཐོག ཕྱོགས་ཡོངས་ནས་དོན་དག་གལ་ཆེན་དང་། ལས་དོན་གལ་ཆེན་ཁུལ་ཨུར་སྙན་སེང་དང་ཡར་ཞུ་བྱེད་པའི་ལམ་ལུགས་བཙུགས་པ་དང་།ལོ་རེའི་སྲིད་གྲོས་ཀྱི་བརྗོད་གཞི་གཙོ་བོ་དང་ལས་དོན་བཀོད་སྒྲིག་གཙོ་བོ།རྟོག་ཞིབ་གཟིགས་ཞིབ་སོགས་ཀྱི་ལས་དོན་དུས་ལྟར་ཁུལ་ཨུ་ལ་སྙན་སེང་ཞུ་བ་དང་།དུས་བཀག་ལྟར་ཁུལ་ཨུ་ལ་ཏང་ཙུའུ་ཡི་ལས་དོན་བསྒྲུབས་པའི་གནའ་ཚུལ་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལོ་རེའི་བྱ་བའི་སྙན་ཞུ་ཡར་ཞུ་བྱེད་པ་དང་།རང་རྟོགས་སྒོས་ཁུལ་ཨུའི་བྱ་བའི་གཙོ་གནད་གང་དུ་ཡོད་ཚེ་སྲིད་གྲོས་ཀྱི་བྱ་བའང་དེ་ལ་ཕྱོགས་པ་དང་། ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་བློ་བསམ་གཅིག་མཐུན།དམིགས་འབེན་ཕྱོགས་མཚུངས།ལས་ཀའི་སྟོབས་ཤུགས་གཅིག་སྒྲིལ་བྱས།
གྲོས་མོལ་སྲིད་གླེང་གི་ཕན་འབྲས་སྔར་བས་གཏིང་ཟབ་སྒོས་ཤུགས་ཆེ་རུ་གཏོང་བར་རྒྱུན་འཁྱོངས་བྱས། གྲོས་དོན3བདམས་ཏེ་དམངས་གཙོའི་ཏང་ཁག་དང་རིགས་ཁོངས་ཁག་གི་ཨུ་ཡོན་རྣམ“ཟླ་ཟུང་གྲོས་མོལ”གདན་འདྲེན་ཞུས་ནས་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་པ་དང་ཇེ་ཟབ་ཏུ་བཏང་བ་དང་། ལྟ་སྐུལ་གྱི་རྣམ་པ་རྒྱུན་མི་ཆད་པར་རྒྱ་བསྐྱེད་བཏང་བ་དང་། གྲོས་མོལ་བྱེད་གྲངས་ཀྱང་ཇེ་མང་དུ་བཏང་། སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་དང་མང་ཚོགས་ཀྱིས་དོ་ཁུར་དང་གླེང་ཐེངས་མང་བའི་དཀའ་གནད་དག་ལ་སྲིད་གླེང་ལྟ་སྐུལ་བྱས་ཤིང་། གྲོས་བསྡུར་བྱ་གཞི5ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། གྲོས་བསྡུར་བྱ་གཞི6བདམས་ནས་ཆེད་དོན་གཟིགས་ཞིབ་གནང་སྟེ། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་བློ་བསྡུས་དགེ་འཚོལ་དང་། ཐབས་འདོན་ཇུས་འབུལ་སོགས་བྱས་ནས་སྲིད་དོན་གྲོས་བསྡུར་ལྟ་སྐུལ་ཕན་འབྲས་ཀྱི་ནུས་ཤུགས་ཆེ་བར་བཏང་།
ཨུ་ཡོན་གྱི་གཙོ་ཤུགས་ནུས་པ་སྔར་ལས་ཞིབ་ཕྲའི་ངང་འདོན་སྤེལ་བྱེད་པར་རྒྱུན་འཁྱོངས་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི“འཐབ་ས་དང་པོ་བཞི”ཡི་བླང་བྱ་གལ་ཆེན་ནན་ཏན་གྱིས་ལག་བསྟར་བྱས་ཤིང་། མཚོ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི《འགན་སྒྲུབ་ལས་ཀའི་སྒྲིག་སྲོལ》ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དོན་ཐོག་ཏུ་འཁྱོལ་བ་དང་། སྲིད་གྲོས་ཨུ་ཡོན་གྱི“གཅིག་རེ་བཞིའི”བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཨུ་ཡོན་རྩ་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་བརྟག་དཔྱད་ཞིབ་འཇུག་ཏུ་བསྐྱོད་པ་དང་། ཆེད་དོན་གཟིགས་ཞིབ་གནང་བ། གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་གཏོང་བ། གནས་ཡུལ་གཞན་ལ་ཕྱིན་ནས་བརྟག་ཞིབ་སློབ་སྦྱོང་བྱེད་པ། ལས་སྒོའི་གསོ་སྦྱོང་གཅིག་སྡུད་དང་ལས་ཀའི་བརྡ་འཕྲིན་བརྒྱུད་གཏོང་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་ཧུར་ཐག་སྒོས་ཨུ་ཡོན་གྱིས་རང་གི་འགན་འཁྲི་ལག་བསྟར་བྱེད་པར་ཞབས་ཞུའི་ལས་སྟེགས་བསྐྲུན། ཨུ་ཡོན་རྣམས་དང་འབྲེལ་གཏུགས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དེ། ཨུ་ཡོན་གྱིས་འགན་འཁྲི་བསྒྲུབ་པའི་ཧུར་སེམས་ལ་སྐུལ་མ་བཏང་བ་དང་། ཨུ་ཡོན་གྱི་ཕྱོགས་གཏོགས་ཚོར་ཤེས་དང་འགན་ཁུར་འདུ་ཤེས་ལ་ཤུགས་བསྣན་པ་ཡིན།
མཛད་སྒོ་མཇུག་སྒྲིལ་རྗེས། སྲིད་གྲོས་ཀྱི་ལས་རིགས་སོ་སོའི་ཨུ་ཡོན་དང་། ཟུར་ཞུགས་མི་སྣ《སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ》དང《ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་གྲོས་གཞི་བྱ་བའི་སྙན་ཞུ》ལ་ཚོ་ཆུང་བགོས་ནས་བགྲོ་གླེང་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།