ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > 2019ལོའི་ལོ་སར་སྐྱེལ་འདྲེན་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་གསལ་བརྡ།
2019ལོའི་ལོ་སར་སྐྱེལ་འདྲེན་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་གསལ་བརྡ།
རྩོམ་པ་པོ།:པད་མ།
ཡོང་ཁུངས།:མཚོ་ལྷོ་ཁུལ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག
དུས་ཚོད།:2019-01-29 14:55:00
ཀློག་གྲངས།:
ཉེན་ཁ་ཆེ་བའི་ལམ་དུམ་དང་དུས་ཚོད།
ཟླ1པའི་ཚེས26ཉིན་ནས་ཟླ2ཚེས2ཉིན་བར། G6པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ། ཟི་ལིང་ནས་སྟོང་སྐོར་བར་གྱི་རིམ་པ་དང་པོའི་གཞུང་ལམ་སྟེང་ཞིང་ཆེན་བརྒལ་ནས་འགྲོ་འོང་བྱེད་པའི་རླངས་འཁོར་འཕར་སྣོན་འབྱུང་སྲིད་པ་མ་ཟད། སློབ་ཕྲུག་གི་འགྲོ་སྐྱོད་དང་། ཨར་ལས་ལས་མི་འགྲོ་སྐྱོད། ཕྱིར་ཕ་ཡུལ་ལ་འགྲོ་སྐྱོད་བྱེད་པ་བཅས་ཕན་ཚུན་དུས་གཅིག་ལ་ཁེལ་བས། འགྲུལ་བ་སྐྱེལ་བསུ་བྱེད་པའི་མཐོ་རླབས་སྔ་པོ་ནས་འཕྱུར་ངེས།
ཟླ2པའི་ཚེས1ནས་ཚེས4བར། ཟི་ལིང་གྲོང་ཁུལ་གཙོ་བྱས། མཐའ་སྐོར་གྱི་མཚོ་ཤར་གྲོང་ཁུལ། སྟོང་སྐོར། སྐུ་འབུམ། དགོན་ལུང་། རྟ་ཐང་རྫོང་བཅས་ཀྱི་མྱུར་བགྲོད་གཞུང་ལམ་བཅས་སུ་འགྲུལ་བ་སྐྱེལ་བསུ་བྱེད་པ་མང་བའི་དུས་ལ་ཁེལ་ཡོད་ལ། དེ་མཐའ་སྐོར་གྱི་ཟི་ལིང་ནས་དགོན་ལུང་བར་གྱི་རིམ་པ་དང་པོའི་གཞུང་ལམ། ཟི་ལིང་ནས་སྟོང་སྐོར་བར་གྱི་རིམ་པ་དང་པོའི་གཞུང་ལམ། ཟི་ལིང་ནས་རྟ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ལ་རླངས་འཁོར་འགྲོ་འོང་ཚད་ཇེ་མང་དུ་འགྲོ་རྒྱུ་ཡིན་པ།
ཁྱད་ཆོས་གཙོ་བོ།
ཟླ1པོའི་ཚེས21ཉིན་ནས་ཟླ2པའི་ཚེས7ཉིན་བར། འགྲུལ་སྐྱེལ་རླངས་འཁོར་བགྲོད་སྐྱོད་བྱེད་པ་གཙོ་བོའི་དུས་ཞིག་ཡིན་པ་དང་། དུས་དེ་སུ་དངོས་སྐྱེལ་རླངས་འཁོར་ཧ་ལམ་སྐྱོད་མཚམས་བཞག་ཡོད་ལ། ལམ་ངོས་སུ་འགྲོ་སྐྱོད་བྱེད་པ་དག་མང་ཆེ་བ་སྒེར་སྤྱོད་རླངས་འཁོར་དང་ལམ་ཐག་རིང་པོར་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར། ཞིང་ཆེན་ནང་ཁུལ་ནས་འགྲོ་འོང་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་བཅས་གཙོ་བོར་གྱུར་བའི་འགྲུལ་གཞུད་རྣམ་པ་ཞིག་དུ་འགྱུར་ངེས།
ཟླ2པའི་ཚེས11ཉིན་ནས་ཟླ3ཚེས1ཉིན་བར་། གུང་གསེང་མཇུག་སྒྲིལ་བ་དང་བསྟུན་ནས་སློབ་འགོ་བརྩམས་པ་དང་བཟོ་ལས་ལས་གྲྭས་ལས་འགོ་ཡང་བརྩམས་པས། དངོས་འདྲེན་གྱི་དགོས་མཁོ་དབང་གི་དངོས་སྐྱེལ་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་འགྱུར་ངེས།
ཉེན་ཁ་ཆེ་བའི་ས་ཁུལ།
གྲོང་གསེབ་ས་ཁུལ་ལ་ལོ་གཅིག་གི་ནང་མི་དང་རླངས་འཁོར་འདུ་འཛི་ཆེས་ཆེ་བའི་དུས་ཡིན་ཕྱིར་བདེ་འཇགས་ཀྱི་ཉེན་ཁ་ཇེ་མཐོ་སོང་ཡོད་པ་ཡིན།
དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱ་ལམ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཡང་ཇེ་མགྱོགས་སུ་བཏང་ཡོད་ལ། རིམ་པ་མཐོ་བའི་གཞུང་ལམ་དག་མང་ཚོགས་བགྲོད་སྐྱོད་ཀྱི་བགྲོད་ལམ་གཙོ་བོར་འགྱུར་སྲིད་ཕྱིར། རིམ་པ་མཐོ་བའི་གཞུང་ལམ་སྟེང་རླངས་འཁོར་ཕར་འགྲོ་ཚར་འོང་བྱེད་ཚད་ཇེ་མཐོ་འགྲོ་ངེས་ཡིན། དགུན་དུས་ཁ་བ་བུ་ཡུག་འཚུབ་པ་སོགས་ཀྱི་གནམ་གཤིས་ཆ་རྐྱེན་འོག་དོན་རྐྱེན་འབྱུང་མང་བ་དང་བྱུང་མང་བ་སོགས་ཀྱི་ཉེན་ཁའི་རྐྱེན་ཡང་དེ་བཞིན་དུ་ཇེ་མཐོར་སོང་ཡོད་པ་ཡིན།
འགག་སླ་བའི་ལམ་དུམ་གཙོ་བོ།
པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ།(མཚོ་ཤར་གཙོ་ལམ་ནས་ཁྲའོ་དབྱང་ལམ་དུམ)ཟི་ལིང་ནས་སྟོང་སྐོར་བར་གྱི་རིམ་པ་དང་པོའི་གཞུང་ལམ། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་གསར་བ་བཅས་ཡིན་ལ། འགག་སླ་བའི་ཆ་བསྡུ་ས་ཚིགས་མཚོ་ཤར་གཙོ་ལམ་ཆ་བསྡུ་ས་ཚིགས། མདོ་པ་གཙོ་ལམ་ཆ་བསྡུ་ས་ཚིགས། ཟི་ལིང་ལྷོ་ལམ་ཆ་བསྡུ་ས་ཚགས། དམར་གཙང་ནུབ་ལམ་ཆ་བསྡུ་ས་ཚིགས་བཅས་ཡིན།
གལ་ཏེ་ལམ་འགག་ནས་བགྲོད་སྐྱོད་བྱེད་མི་ཐུབ་ཚེ། གཤམ་གྱི་ལམ་དག་བདམ་ནས་སྐོར་སྐྱོད་བྱས་ཆོག པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་མཚོ་ཤར་གཙོ་ལམ་ཆ་བསྡུ་ས་ཚིགས་སུ་རླངས་འཁོར་བགྲོད་སྐྱོད་མང་རྐྱེན་བགྲོད་ལམ་འགག་ཚེ། ལྷོ་སྐོར་མྱུར་བགྲོད་གཞུང་ལམ་སྟེང་ནས་སྐོར་སྐྱོད་བྱས་ཆོག
མདོ་པ་གཙོ་ལམ་ཆ་བསྡུ་ས་ཚིགས་ཏེ་ཟི་ལིང་མཁར་དང་མཚོ་ལྷོ། མཚོ་བྱང་། ཡུལ་ཤུལ་བཅས་ཀྱི་སྦྲེལ་མཚམས་ཡིན་པ་དང་། གལ་ཏེ་རླངས་འཁོར་བགྲོད་སྐྱོད་བྱེད་ཚད་མང་ནས་བགྲོད་ལམ་འགག་ཚེ། རྒྱལ་ལམ109ནས་སྐོར་བགྲོད་བྱས་ཏེ་བཀག་འགོག་མི་ཡོང་བར་བྱས་ཆོག ཟི་ལིང་ལྷོའི་ཆ་བསྡུ་ས་ཚིགས་དེ་སྐུ་འབུམ་དང་ཁྲི་ཀ་བགྲོད་སའི་ལམ་ཆེན་གཙོ་བོར་ཞིག་ཡིན་ལ། རླངས་འཁོར་བགྲོད་སྐྱོད་བྱེད་པར་མང་རྐྱེན་བགྲོད་ལམ་འགག་སླ། གལ་ཏེ་བགྲོད་ལམ་འགག་ཡོད་ཚེ། གྲོང་ལྷོའི་ཁུལ་གསར་གྲོང་ཁྱེར་བགྲོད་ལམ་ནས་སྐོར་བགྲོད་བྱས་ཆོག དམར་གཙང་ནུབ་ཆ་བསྡུ་ས་ཚིགས་སུ་གལ་ཏེ་རླངས་འཁོར་བགྲོད་སྐྱོད་བྱེད་པར་མང་རྐྱེན་ལམ་འགག་ཚེ། རྒྱལ་ལམG109དང་གཞོང་ཐང་ནས་ཞའོ་ཤ་བར་གྱི་རིམ་པ་དང་པོའི་གཞུང་ལམ་སྟེང་སྐོར་བགྲོད་བྱས་ནས་བཀག་འགོག་མི་ཡོང་བར་བྱས་ཆོག
ཧ་ཅང་གི་གཟབ་ནན་བྱ་དགོས་བའི་ལམ་གཉིས།
ལྷོ་སྐོར་མྱུར་བགྲོད་གཞུང་ལམ་དང་སྐུ་འབུམ་ལམ་གྱི་མྱུར་བགྲོད་ལམ་ཁའི་འབུད་སྒོ་དང་འཛུལ་སྒོ་མཚམས་སུ་ཨར་ལས་དབང་གིས་བགྲོད་ལམ་ཕྱི་བཀག་ནང་སྡོམ་བྱས་ཡོད་ཕྱིར། དུས་སྔ་མོ་ནས་ཟི་ལིང་ནས་དགོན་ལུང་བར་གྱི་རིམ་པ་དང་པོའི་གཞུང་ལམ་སྟེང་བྱང་ནས་ལྷོ་ཕྱོགས་སུ་བགྲོད་བར་བྱོས།
ཉེན་ཁ་ཆེ་བའི་ལམ་དུམ་འདི་དག་ལས་བགྲོད་སྐབས་ཧ་ཅང་གི་གཟབ་དགོས།
པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་ལེ༡༧༡༠དང་སྨིས༡༠༠(1710KM+100M)མཚམས་སུ་ལམ་ཐག་རིང་པོར་ཞིག་ལ་ཐུར་ལམ་ཡིན་པ་མ་ཟད་དཀྱོགས་ལམ་ཡང་མང་བས། ཁ་ཆར་བུ་ཡུག་འཚུབ་པའི་གནམ་གཤིས་འོག་བགྲོད་སྐྱོད་བྱེད་སྐབས་ཁ་ལོ་བའི་ལམ་ངོས་གནས་ཚུལ་ལ་རྒྱུས་ལོན་མེད་མཐར་རླངས་འཁོར་མྱུར་ཚད་མགྱོགས་དབང་གིས་དོན་རྐྱེན་འབྱུང་སླ་ལ་བྱུང་ཡང་མང་བས་ཚང་མས་གཟབ་གཟབ་བྱོས།
པེ་ཅིན་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ལན་ཀྲིག་ཕྱོགས་སུ།
སྤྱི་ལེ1724དང་སྨི500(1724KM+500M)མཚམས་སུ་དྲང་ཐིག་གི་དཀྱོག་ལམ་ལམ་ངོས་ཡིན་ལ། (ཟི་ལིང་ནས་ལན་ཀྲིག་ཕྱོགས་སུ)ལམ་དུམ་འདི་རི་བོའི་སྲིབ་ཕྱོགས་སུ་ཡོད་པ་མ་ཟད། བསྟུད་མར་ཐུར་ལམ་ཡིན་པ་དང་གནམ་གཤིས་མི་ལེགས་པའི་སྐབས་སུ་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བ་དང་། དགུན་དུས་ལམ་ངོས་སུ་དར་ཡང་ཆགས་ཧ་ཅང་གི་སླའོ། ཟི་ལིང་ནས་ཧའོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ(དམར་གཙང་ཕྱོགས་སུ)སྤྱི་ལེ1(1KM)མཚམས་སུ་ལིའུ་ལྦན་ཕྱིར་གཏོང་གཅུ་ལམ་དང་གཙོ་ལམ་དབྱེ་མཚམས་ཡིན་ཕྱིར་ཁ་ལོ་བའི་ཕྱོགས་སྟོན་བྱང་བུ་གོ་ནོར་བྱུང་ནས་དོན་རྐྱེན་གང་མང་བྱུང་མྱོང་བས་ཚང་མས་གཟབ་རོགས།
དམར་གཙང་ནས་ཨ་སྡེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་དམར་གཙང་ཕྱོགས་སུ།
སྤྱི་ལེ30དང་སྨི500(30KM+500M)མཚམས་སུ་ཆིན་ཧྲ་རི་བོའི་ཕུག་ལམ་ལས་འབུད་གཏོང་གི་མཚམས་ཡིན་ལ།(ཨ་སྡེ་ནས་དམར་གཙང་གི་ཕྱོགས་སུ)ལམ་དུམ་འདི་ཆིན་ཧྲ་རི་བོའི་སྲིབ་ཕྱོགས་སུ་ཡོད་པ་མ་ཟད། བསྟུད་མར་ཐུར་ལམ་ཡང་ཡིན་ལ། གངས་ཆར་འབབ་པའི་གནམ་གཤིས་མང་དུས་ལམ་ངོས་སུ་དར་ཆགས་ནས། རླངས་འཁོར་དོན་རྐྱེན་བྱུང་བ་མང་།
G6མྱུར་བགྲོད་གཞུང་ལམ་སྤྱི་ལེ1861+1857མཚམས(1861KM+1857KM)(ཕྱོགས་གཉིས་ལ)སུ་རིང་ཚད་ལ་ཁྱོན་བསྡོམས་སྨིས4000ཡོད་ལ། ལམ་དུམ་འདི་ཡང་རི་བོའི་སྲིབ་ཕྱོགས་སུ་ཡོད་པར་མ་ཟད་གཟེར་ལམ་ཞིག་ཡང་ཡིན། ཉེ་དུས་འདིར་ཨར་ལས་ལས་བཞིན་ཡོད་པའི་སྒང་ཡིན་ལ། ལས་བྱ་དེ་དབང་གིས་སྔོན་ཡོད་ལམ་ངོས་དང་ལས་བཞིན་པའི་ལམ་ངོས་གཉིས་ལ་མཐོ་དམའ་ཤོར་འདུག དེ་ལས་གཞན་ད་དུང་ལམ་གྱི་གཡས་གཡོན་འགོག་སྲུང་བྱེད་ཐབས་ཀྱི་རིམ་ཚད་ཡང་ཧང་ཅང་གི་དམའ།
G6མྱུར་བགྲོད་གཞུང་ལམ་སྤྱི་ལེ1857+སྨི500—སྤྱི་ལེ1855+སྨི500(1857KM+500M—1855KM+500M)མཚམས་ཀྱི་ལམ་དུམ་འདིས་རིང་ཚད་ཁྱོན་བསྡོམས་སྨི200ཡོད་ལ། ལམ་དུམ་འདི་ཡང་རི་བོའི་སྲིབ་ཕྱོགས་སུ་ཡོད་པའི་གྱེན་ལམ་ཞིག་ཡིན། དགུན་དུས་ཁ་བ་བབས་ནས་དར་ཆགས་རྗེས་ཧ་ཅང་གི་བཞུ་དཀའ་མོ་འདུག བསྟུད་མར་ཐུར་ལམ་དང་བསྟུར་མར་དཀྱོག་ལམ་ཡང་མང་ལ་ནུབ་སྣེ་མཐོ་ལ་ཤར་སྣེ་དམའ་བའི་ལམ་དུམ་ཞིག་ཡིན།
G6མྱུར་བགྲོད་གཞུང་ལམ་སྤྱི་ལེ1857—སྤྱི་ལེ1861(1857KM-1861KM)མཚམས་ཀྱི་ལམ་དུམ་འདི་ཁྱོད་བསྡོམས་སྨི1000ཡོད། ལམ་དུམ་འདི་རི་བོའི་སྲིབ་ཕྱོགས་སུ་ཡོད་པ་མ་ཟད། ཐུར་ལམ་རྐྱང་རྐྱང་ཞིག་ཡང་ཡིན་ལ། དགུན་དུས་ཁ་བ་བབས་ནས་དར་ཆགས་རྗེས་ཧ་ཅང་གི་བཞུ་དཀའ་བ་དང་། ལམ་གྱི་གཡས་གཡོན་ལ་ཨར་ལས་ཀྱི་དབང་གི་ལམ་ངོས་སུ་མཐོ་དམའ་ཤོར་ཡོད་པའི་ལམ་དུམ་ཞིག་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།