མཚོ་ལྷོ་ཁུལ་གྱིས“ནག་འཇོམས་ངན་སེལ”ཐད་ལ་སྐས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ།

རྩོམ་པ་པོ།:ལྷ་དཔལ་སྐྱབས། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2018-09-20 11:56:00 ཀློག་གྲངས།:

     ཉིན་འདི་དག་གི་རིང་ལ་གསར་འགོད་པས་རིག་སྨོན་ཆུ་བོའི་ཁྲལ་བསྡུ་ས་ཚིགས་སུ་ཡོང་དུས་རླུང་འཚུབ་རྒོད་ཅིང་དྲོད་གྲང་མར་ཆག་པའི་སྟོན་མཇུག་གི་རླུང་བུའི་ཁྲོད་སྤྱི་བདེ་དང་ལམ་སྲིད། སྐྱེལ་འདྲེན། ཁྲལ་བསྡུ་ལས་གཉེར་སྡེ་ཁག་བཅས་ཀྱི་ལས་སྒྲུབ་མི་སྣ་དག་གིས་འགྲོ་འོང་བྱེད་བཞིན་པའི་རླངས་འཁོར་རེ་རེ་ལ་རྩད་ཞིབ་བྱས་པ་མ་ཟད། “ནག་འཇོམས་ངན་སེལ”ལ་རྡུང་རྡེག་གཏོང་བའི་གཞུང་ལམ་ཐད་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཆེད་དོན་བྱེད་སྒོ་སྤེལ་པའི་ཆེད་དོན་དྲིལ་སྒྲོག་ཡིག་ཆ་བཀྲམ་པ་རེད།
     རིག་སྨོན་གྲོང་བརྡལ་གྱི་ཁྲལ་བསྡུ་ས་ཚིགས་ནི་སྟོང་སྐོར་ནས་རིག་སྨོན་བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་སྤྱི་ལེ96ཡི་མཚམས་སུ་ཡོད་ལ། མཚོ་སྔོན་མངའ་ཁོངས་དང་བོད་རང་སྐྱོང་ལྗོངས་ལ་འགྲོ་བའི་གཞུང་ཤིང་ལྟ་བུ་ཞིག་ཡིན་ལ། མཚོ་སྔོན་པོའི་ས་ཁུལ་དུ་ཡོད་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཀྱང་ཡིན་པ་རེད། ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཟུང་འབྲེལ་སྒོས་སྒྲུབ་པའི་གཞུང་ལམ་སྟེང་གི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་སྤེལ་ཡུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་ལག་བསྟར་གནས་ཤིག་ཡིན་ལ། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཡན་ལག་རུ་ཁག་གི་ཐད་གཏོགས་རུ་ཆེན་བཅས་ཀྱིས་མཚོ་ལྷོ་ཁུལ་གྱི་ལམ་སྲིད་ཡན་ལག་རུ་ཁག་དང་གསེར་ཆེན་རྫོང་གི་མྱུར་བགྲོད་ལམ་སྲིད་རུ་ཆེན། གསེར་ཆེན་རྫོང་སྤྱི་བདེ་ཅུའུ། རིག་སྨོན་གྲོང་བརྡལ་ཁྲལ་བསྡུ་ས་ཚིགས། རིག་སྨོན་གྲོང་བརྡལ་ཚད་བརྒལ་ཚད་ལེན་ས་ཚིགས། སྟོང་སྐོར་ལམ་སྲིད་ཁྲིམས་འཛིན་ཡན་ལག་རུ་ཁག་བཅས་ལ་མཉམ་འབྲེལ་བྱས་ཏེ། “ནག་ཚོགས་ཡོད་ན་ནག་ཚོགས་ལེབ་རྡུང་། ནག་ཚོགས་མེད་ན་ངན་པ་གཏིང་འཇོམས། ངན་པ་མེད་ན་ཟིང་ཆ་ཞོལ་འཇགས”ཀྱི་རྩ་དོན་ལྟར“ནག་སེལ་ངན་འཇོམས”ཐད་ཀྱི་ཆེད་དོན་བྱ་འགུལ་སྤེལ་བ་རེད།
     དེ་ཡང་ཟླ6པའི་ཚེས25ཉིན་ནས་བཟུང་དུས་ཡུན་ཟླ་བ4ལྷག་གི་ཆེད་དོན་བྱ་འགུལ་སྤེལ་བ་བརྒྱུད། ལས་ཁུངས་སོ་སོས་རམ་འདེགས་དང་རང་འགན་རང་སྒྲུབ། ཕན་ཚུན་རོགས་འདེགས། མཉམ་འབྲེལ་བཅོས་སྐྱོང་བཅས་ཀྱི་རྩ་དོན་བརྩི་སྲུང་གིས་རྐང་བཙུགས་ནས་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་ནས་ཞིང་ཆེན་བར་གྱི་གཞུང་ལམ་གཙོ་བོ། ཕུག་ལམ། ཟམ་གདུང་སོགས་ཀྱི་ཐད་གཏོགས་སྒྲིག་གཞི་ལ་བསམ་གཟས་ནས་གནོད་འཚེ་གཏོང་མཁན། རླངས་འཁོར་གྱི་ལམ་གླ་མི་སྟེར་བར་བྲོས་བྱོལ་བྱེད་མཁན་བཅས་ལ་། དྲག་ཤེད་ཀྱིས་འགོག་རྒོལ་བྱས་པས། རླངས་འཁོར་གྱི་ཐེག་ཚད་བརྒལ་བ་སོགས་ཕྱོགས་མི་འདྲ་བ་བརྒྱད་ཀྱི་ཐད་ནས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས་ཁྲིམས་ཐག་ནན་མོ་བཅད་པ་དང་། ཁྲིམས་འགལ་ཡང་བའི་རིགས་ལ་སློབ་གསོ་བཏང་སྟེ་ཉེན་བརྡའི་ཁྲིམས་ཆད་བཅད་ནས་ནག་འཇོམས་ངན་སེལ་ཀྱི་ཆེད་དོན་འཐབ་རྩོད་བྱ་བའི་མཁའ་དབུགས་ཆེས་ཆེར་བཏང་བ་རེད།
     ད་ལྟའི་བར་མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཡན་ལག་རུ་ཁག་གི་ཐད་གཏོགས་རུ་ཆེན་གྱིས་ཉེན་རྟོག་པ་མི400མངགས་ནས་ཁྲིམས་འགལ་ཐད་ཀྱི་གྱོད་དོན་འདྲ་མིན600ལྷག་རྩད་ཆོད་ཅིང་། རིག་སྨོན་གྲོང་བརྡལ་གྱི་ཁྲལ་བསྡུ་ས་ཚིགས་སུ་གཅིག་བསྡུས་ཀྱིས་དྲིལ་སྒྲོག་ཐེངས5དང་དྲིལ་སྒྲོག་བསྒྲགས་བརྡ་བྱང12། དྲིལ་སྒྲོག་ཡིག་ཆ957མར་བགྲམས་ཏེ། ནག་ཉེས་ཅན་གྱི་རླངས་འཁོར90ལྷག་ལ་ཐག་གཅོད་ནན་མོ་བྱས། སྟོང་སྐོར་ལམ་སྲིད་ཀྱི་ཁྲིམས་འཛིན་ཡན་ལག་རུ་ཁག་གི་ལམ་སྐོར་མྱུལ་ཞིབ་རྩད་གཅོད་ཐེངས10ལྷག་ལ་ཁྱོན་བསྡོམས་སྤྱི་ལེ491གི་མཚམས་སོ་སོར་ལམ་སྲིད་ཁྲིམས་འཛིན་མི་སྣ30བཞག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།