ནག་འཇོམས་ངན་སེལ་དང་ནག་རྡུང་ངན་སེལ་གཉིས་ཅི་ཞིག་མི་འདྲ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-18 15:44:00 ཀློག་གྲངས།:
     ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། རྒྱལ་ཡོངས་སུ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ། དེ་ན་ཐེངས་འདིའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ2000ལོ་དང2006ལོ་གཉིས་ལ་རྒྱལ་ཡོངས་སུ་བསྟུད་མར་ལོ10ལོ་སྤེལ་བའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དང་བསྡུར་ན་མི་འདྲ་ས་ཅི་ཞིག་ཡོད་དམ།
1.དོ་སྣང་བྱེད་ཚད་མི་འདྲ་བ། ཞི་ཅིན་ཕིང་ཧྲུའུ་ཅིས་དངོས་སུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཀྲམ་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་ཅིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས30ལྷག་ཞུགས་ལ། 《ནག་ཚོགས་སྟོབས་ཤུགས་ཀྱི་ནག་ཉེས་གྱོད་དོན་སྒྲུབ་པའི་གནད་དོན་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ།
2.ཆབ་སྲིད་ཀྱི་དོན་སྙིང་མི་འདྲ་བ། ཐེངས་འདིའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་རྒྱལ་ཁ་ལོན་པའི་སྐབས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དུས་རབས་གསར་བར་བསྐྱོད་པའི་གནད་དུས་སུ་བཀོད་འདོམས་གནང་བ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཀོད་འདོམས་གནང་ཞིང་། སྤྱི་ཚོགས་གཏན་འཇགས་དང་རྒྱལ་ཁབ་ཡུན་རིང་གཏན་འཇགས་ཡོང་བ་དང་། བློ་ཕྱོགས་གཏད་མིན་དང་གཞི་རིམ་སྲིད་དབང་སྲ་བརྟན་དང་འབྲེལ་བ་ཡིན།
3.རྡུང་ནས་འཇོམས་པར་འགྱུར་བས། ནང་དོན་ཐད་མི་འདྲ་བ། ཐེངས་འདིའི་ནག་འཇོམས་ངན་སེལ་ནི་སྔར་ལས་རང་འགུལ་ལྡན་ལ་ཁྱབ་རྒྱ་སྔར་ལས་ཆེ།
4.རྡུང་རྡེག་གི་གནད་འཛིན་ས་མི་འདྲ་བ། ཐེངས་འདིའི་ནག་འཇོམས་ངན་སེལ་ནི་མིག་སྔར་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ཁྲོད་གནས་པའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་འཇགས་ཚོར་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་འབུར་ཐོན་ལ་ཁ་གཏད་ཅིང་། ནག་ཚོགས་སྟོབས་ཤུགས་ཀྱི་ནག་ཉེས་འབུར་ཐོན་གྱི་གཙོ་གནད་ས་ཁུལ་དང་གཙོ་གནད་ལས་རིགས། གཙོ་གནད་ཁྱབ་ཁོངས་གཞི་བྱས་ཏེ། རྡུང་རྡེག་བྱ་ཡུལ12གཏན་འཁེལ་བྱས།
5.གནད་འཛིན་ས་དང་ཟུང་སྦྲེལ་ས་མི་འདྲ་བ། ཐེངས་འདིའི་ནག་འཇོམས་ངན་སེལ་ནི་གཞི་རིམ་སྲིད་དབང་སྲ་བརྟན་དང་ཏང་གི་སྲིད་བསྟར་ནུས་ཤུགས་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གནད་དུ་བཟུང་སྟེ། སྤྱི་ཚོགས་ཁྱོན་ཡོངས་བསྟུད་མར་གཏན་འཇགས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་མངོན་འགྱུར་བྱེད་པ་ཡིན།
6.འགེབས་སྲུང་གི་རྡུང་རྡེག་དྲག་ཚད་མི་འདྲ་བ། 《བརྡ་སྦྱོར》གྱིས་དགོངས་དོན། ནག་འཇོམས་ངན་སེལ་ནི་རུལ་སུངས་ལ་ངོ་རྒོལ་དང་གཞི་རིམ་སྦྲང་རྡུང་ལ་སྦྱར་ཏེ། གཞི་ནས་ནག་ཚོགས་སྟོབས་ཤུགས་ཀྱི“འབྲེལ་དྲ”དང“འགེབས་སྲུང”འཇོམས་པ་ཡིན།
7.རྡུང་རྡེག་གི་ཁྱབ་ཁོངས་མི་འདྲ་བ། ཐེངས་འདིར་ནག་ཚོགས་རང་བཞིན་གྱི་རྩ་འཛུགས་དང་དེའི་འགེབས་སྲུང་ལ་རྡུང་རྡེག་བྱེད་པ་ལས་གཞན་ད་དུང་ཁྲིམས་ལྟར་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་ལ་ཆད་གཅོད་དང“མཉེན་པའི་གཏུམ་སྤྱོད”སྤྱད་པའི་ནག་ཉེས་ལ་ཁྲིམས་ཆད་གཅོད་པ། ཁྲིམས་ལྟར་ཁྲིམས་འགལ་དངུལ་བུན་གཏོང་བའི་བུ་ལོན་འདེད་པའི་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་གཏོང་བ། ཁྲིམས་ལྟར་གྱོད་འབྲེལ་རྒྱུ་ནོར་ཐག་གཅོད་བྱེད་པ།
8.ནན་ཚད་མི་འདྲ་བ། ཡང་དག་པའི་སྒོ་ནས་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་དང“འགེབས་སྲུང”ལ་ཆད་གཅོད་ཀྱི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ།
9.སྲིད་ཇུས་ཁྲིམས་ལུགས་ཀྱི་དབྱེ་མཚམས་མི་འདྲ་བ། ཐེངས་འདིའི་ནག་འཇོམས་ངན་སེལ་གྱི་སྲིད་ཇུས་ཁྲིམས་ལུགས་དབྱེ་མཚམས་ཤིན་ཏུ་གསལ་བོ་ཡིན་ཏེ། སྲིད་ཁྲིམས་ལས་ཁུངས་སོ་སོས་སྔར་ལས་ལྷག་པར་སྲིད་ཇུས་ཁྲིམས་ལུགས་ཀྱི་དབྱེ་མཚམས་ངེས་གསལ་སྒོས། ཁྲིམས་བསྟར་བསམ་བློ་གཅིག་གྱུར་དང་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ནག་ཚོགས་སྟོབས་ཤུགས་སྣ་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་དྲག་པོ་གཏོང་བ་མ་ཟད། ཁྲིམས་ལྟར་གྱོད་སྒྲུབ་གཟབ་ནན་ངང་རྒྱུན་འཁྱོངས་བྱ་དགོས་ཤིང་། གྱོད་སྒྲུབ་སྤུས་ཚད་དང་གྱོད་སྒྲུབ་ཕན་ནུས་ཀྱི་གཅིག་གྱུར་ཁག་ཐེག་དང་། ཆབ་སྲིད་ཕན་ནུས་དང་ཁྲིམས་ལུགས་ཕན་ནུས། སྤྱི་ཚོགས་ཕན་ནུས་ཀྱི་གཅིག་གྱུར་ཁག་ཐེག་བྱ་དགོས།
10.གྱོད་སྒྲུབ་དགོངས་ཚུལ་མི་འདྲ་བ། 《བརྡ་སྦྱོར》གྱིས་དགོངས་དོན། སྲིད་ཁྲིམས་ལས་ཁུངས་སོ་སོས་རང་འགུལ་སྒོས་འདྲི་གཅོད་ལྟེ་བ་ཡིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་ལ་གོམས་ལོབ་བྱེད་པ་དང་། དངོས་གནས་གྱོད་གཞིའི་དོན་དངོས་དང་བདེན་དཔང་། སྒྲུབ་རིམ། ཁྲིམས་ལུགས་བེད་སྤྱོད་བཅས་ཀྱི་འགག་སྒོ་སྲུང་བ་དང་། ཚ་འདྲི་བྱས་ནས་ངོས་ལེན་དང་མ་ཉེས་ཁ་ཡོལ་བཀག་འགོག་བྱས་ཏེ། གྱོད་གཞི་རེ་རེ་ནི་སྒུལ་རྒྱུ་མེད་པའི་གྱོད་གཞིར་སྒྲུབ་པར་ཁག་ཐེག་བྱ་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།