ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ཝང་ཀྲིན་ཧྲིན་གྱིས་གཞི་རིམ་བྱ་བར་རྟོག་ཞིབ་བྱེད་དུས་ནག་འཇོམས་ངན་སེལ་སོགས་བླང་བྱ་བཏོན།
ཝང་ཀྲིན་ཧྲིན་གྱིས་གཞི་རིམ་བྱ་བར་རྟོག་ཞིབ་བྱེད་དུས་ནག་འཇོམས་ངན་སེལ་སོགས་བླང་བྱ་བཏོན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ།
དུས་ཚོད།:2018-08-27 10:38:00
ཀློག་གྲངས།:
སྤྱི་ཟླ8པའི་ཚེས21ཉིན་ནས་ཚེས23ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་སྔ་གཞུག་ཏུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ཞང་དང་གྲོང་རྡལ། རྡོ་སོལ་གཏེར་ཁུལ། སྤྱི་བདེ་ལས་དོན་གྱི་སའོ་དང་རུ་ཁག་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ། ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཡུལ་དངོས་ནས་རྟོག་ཞིབ་དང་དུས་ངེས་མེད་ཀྱི་སྒོ་ནས་འདྲི་རྩད། གསང་བའི་སྒོ་ནས་བཅར་འདྲི་བྱེད་པ་བཅས་ཀྱི་ཐབས་ལམ་སྤྱད་དེ། བོད་ཁུལ་གྱི་བརྟན་འཇགས་དང་སྐྱེ་ཁམས་བདེ་འཇགས། ནག་འཇོམས་ངན་སེལ། མེ་མདའ་གཞུང་བཞེས་དང་འབར་གས་འགོག་བཅོས། ཉེན་རྟོག་པར་དགའ་ཞེན་བྱེད་པ་སོགས་ཀྱི་བྱ་བར་བླང་བྱ་ཞིབ་ཕྲ་བཏོན།
ཝང་ཀྲིན་ཧྲིན་གྱིས་བསྟན་དོན། གཞི་རིམ་ལས་གནས་ཀྱིས་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་བྱ་བའི་བརྗོད་དོན་གཙོ་གནད་དུ་བཟུང་ནས། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྲོག་ཤིང་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་མངོན་སྟངས་ལ་གོ་བ་གཏིང་ཟབ་བླངས་ནས། དུས་རིམ་སྔོན་མའི་བཅོས་སྐྱོང་ལས་དོན་ཁྲོད་གནས་པའི་ཡོངས་ཁྱབ་ཅན་དང་འཕེལ་ཕྱོགས་ཅན་གྱི་གནད་དོན་ལ་ཁ་གཏད་གཞལ་དགོས་ཤིང་། བརྟན་འཇགས་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ། བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གནད་ས་དམ་དུ་བཟུང་ནས། ཁག་ཁུར་གྱི་འདུ་ཤེས་དྲག་པོ་དང་ཞུམ་མེད་ཀྱི་སྤོབས་པར་བརྟེན་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ནུས་པ་ལག་ལེན་ལ་འདེབས་པར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།