ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་སྔོན་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
མཚོ་སྔོན་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ།
དུས་ཚོད།:2018-08-07 10:30:00
ཀློག་གྲངས།:
སྤྱི་ཟླ8པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་དངོས་འབེབས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་གོ་གནས་ཇེ་གཏོར་གཏོང་བ་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་འགག་ལས་རིམ་གཅིག་བསྡུས་བཅས་བྱས་ཏེ། དུས་རབས་གསར་བ་དང་ཁག་ཁུར་གསར་བ། བྱེད་ཕྱོགས་གསར་བ་བཅས་ཀྱི་བླང་བྱ་ལྟར་དུ། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ལས་སྒོ་གཏིང་ཟབ་དུ་སྤེལ་དགོས་ཟེར།
ལིག་ཉིང་གིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ནི་དེང་རབས་ཀྱི་དགོས་མཁོ་དང་དམངས་སེམས་ཀྱི་འདོད་བློར་མཐུན་ཞིང་། ཁྲིམས་སྐྱོང་གི་དབང་ཟིལ་མངོན་ཐུབ་པའི་རླབས་ཆེན་གྱི་འཐབ་རྩོད་ཅིག་ཡིན། ས་གནས་སྡེ་ཁག་སོ་སོས་ཆབ་སྲིད་བརྩི་བའི་སྔོན་འགྲོའི་འོག་ཏུ། མི་དམངས་སྲོག་ཤིང་ཡིན་པའི་བསམ་བློ་རྒྱུན་འཁྱོངས་དང་། ཤུགས་ཆེན་པོས་དོ་མཉམ་མིན་པ་དང་ཚད་ཤིང་གཅིག་གྱུར་མིན་པ། བྱ་བའི་གོང་འོག་སྦྲེལ་མཐུད་མིན་པ། སྟོབས་ཤུགས་བཀོལ་བ་འདང་ངེས་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་པའི་སྟེང་དུ་དུས་ཚོད་གང་ཡོད་བཏོན་ནས་ཕན་འབྲས་ལོན་པར་བརྩོན་དགོས་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ནི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་མཐུད་ཀྱི་དམག་འཐབ་ཞིག་ཡིན་པས། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་གནད་འགག་ལས་རིམ་ལ་གོ་བ་ཡང་དག་ལེན་པ་དང་བྱ་བའི་གནད་ས་འབུར་དུ་ཐོན་པར་བྱེད་པ། འགྲུབ་ཚད་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བཅས་བྱས་ཏེ། ཆེད་དམིགས་འཐབ་རྩོད་ལས་དོན་ཐོག་མཐའ་བར་གསུམ་ཀུན་ཏུ་བརྟན་པོ་དང་ཚད་ལྡན། ཕན་འབྲས་ལྡན་པ་བཅས་ཡོང་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅཱ་ཚའེ་དང་ཀྲང་ཞི་མེན། ཝང་ཡུས་ཡན། ཝང་ཀྲིན་ཧྲིན། ཁྲིན་མེན་ཀོ ཡན་པའེ་བཅས་ཚོགས་འདུར་ཞུགས་པར་མ་ཟད། ཞིབ་ཕྲའི་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་གྲོང་ཁྱེར་དང་ཁུལ་སོ་སོའི་ནག་འཇོམས་ངན་སེལ་བྱ་བའི་ཆེད་དམིགས་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་སྐོར་ཞིབ་ལྟ་སྐུལ་གཉིས་པའི་གནས་ཚུལ་ཁྱབ་སྒྲོག་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།