“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ལོ་ངོ་ལྔའི་རིང་། བོད་ལྗོངས་ཀྱིས་ཇི་ལྟར་མཉམ་འདྲེས་བྱས་པ།

རྩོམ་པ་པོ།:བཀྲ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2018-03-07 09:13:00 ཀློག་གྲངས།:

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ལོ་ངོ་ལྔའི་རིང་། བོད་ལྗོངས་ཀྱིས་ཇི་ལྟར་མཉམ་འདྲེས་བྱས་པ་ཡིན་ནམ།

     སྤྱི་ཟླ3པའི་ཚེས4ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེན་མོའི་གསར་འགྱུར་ཡོངས་བསྒྲགས་ཁང་ནས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་གཏམ་བཤད་པ་ཀྲང་ཡེ་སུའེ་ཡིས་ཚོགས་ཆེན་གྱི་གྲོས་རིམ་དང་དམངས་འཐུས་ཚོགས་ཆེན་གྱི་ལས་ཀའི་འབྲེལ་ཡོད་ཀྱི་གནད་དོན་ཐད་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། “རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་བཏོན་པའི་ལོ་ངོ་ལྔའི་རིང་གི་གྲུབ་འབྲས་ལ་གདེང་འཇོག་ཇི་ལྟར་གནང་པའི་ཐད་ལན་བསྐྱོན་དུས། ཁོང་གིས་ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་ངོ་ལྔ་འཁོར་བ་རེད། ལོ་ལྔའི་རིང་། ཕྱོགས་ཁག་དག་གི་ཐུན་མོང་འབད་བརྩོན་འོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནི་བསམ་ཕྱོགས་ནས་བྱ་སྤྱོད་དུ་གྱུར་པ་དང་། བསམ་འདུན་ནས་དངོས་ཡོད་དུ་གྱུར་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་བསྟན་བྱུང་།
     ཀྲང་ཡེ་སུའེ་ཡིས། གྲུབ་འབྲས་ཐོབ་པ་དེ་དག་ལས་རྟོགས་ཐུབ་པ་ནི། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་མཉམ་ལས་གཉིས་ཁེའི་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ལ། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ཡོངས་ཁྱབ་རེ་འདུན་དང་ཡང་མཐུན་པ་རེད། "འདས་པའི་ལོ་ལྔ་ཡི་ནང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་རྒྱལ་དང‘རྒྱུད་གཅིག་ལམ་གཅིག’གི་མཉམ་ལས་རྒྱལ་ཁབ་ཁག་དང་ཆིངས་ཡིག་དང་ཆོད་ཡིག་མང་པོར་མིང་རྟགས་འགོད་པར་ཆོག་མཆན་སྤྲོད་རྒྱུ་ཐག་བཅད་ནས། མུ་མཐུད་དུ‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་སྐུལ་འདེད་གཏོང་པར་ཁྲིམས་ལུགས་ཀྱི་འགན་སྲུང་མཁོ་སྤྲོད་གནང་པ་རེད། ‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ནི་མིག་སྔར་ད་དུང་དུས་འགོའི་དུས་རིམ་ན་ཡོད་པ་དང་། དེ་ནི་གསར་ཐོན་བྱ་དངོས་མཐའ་དག་དང་འདྲ་བར། འགྲན་རྩོད་ཅི་རིགས་འབྱུང་པ་ནི་ཧ་ཅང་རྒྱུན་ལྡན་རེད། ང་ཚོས‘རྒྱུད་གཅིག་ལམ་གཅིག’སྐུལ་འདེད་གཏོང་བར་ཕན་ཐོགས་ཤིང་དགེ་མཚན་ལྡན་པའི་དགོངས་འཆར་ལ་དགའ་བསུ་ཞུ་རྒྱུ་ཡིན་ལ། ཕྱོགས་སོ་སོས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་ཡིན་ན‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་འཕེལ་རྒྱས་སྔར་ལས་ཆེ་བ་འཐོབ་པར་ཡིད་ཆེས་ཡོད་ཅེས་བསྟན་བྱུང་།
གོ་སྐབས། མཐའ་མཚམས་ནས་མདུན་ཕྱོགས།
     བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་འཐབ་ཇུས་ཀྱི་ལྟེ་བ་དང་སྒོ་མོ་འབྱེད་ཡུལ་ཡིན་ལ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མཐའ་མཚམས་ས་ཁུལ་གྱི་སྒོ་འབྱེད་གསར་སྤེལ་གྱི་ས་ཁོངས་གལ་ཆེན་དང་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་ལ་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་ཡིན་ལ། བྷང་ག་ལ་དང་འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་སྒོ་མོ་གལ་ཆེན་ཞིག་ཀྱང་རེད།
     2017ལོར། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས《ཀྲུང་གོའི་གཟའ་རེའི་གསར་འགྱུར》གྱི་བཅར་འདྲི་དང་ལེན་བྱེད་སྐབས། 2015ལོར་རྒྱལ་ཁབ་ཀྱིས《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུ་ཐུན་མོང་ཐོག་བསྐྲུན་རྒྱུར་སྐུལ་མ་གཏོང་བའི་བསམ་འདུན་དང་འགུལ་སྐྱོད》ཁྱབ་བསྒྲགས་བྱས་རྗེས། བོད་ལྗོངས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ཁོངས་སུ་བསྡུས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་ཡང་བསྐྱར་བོད་ལྗོངས་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་དུ་གཏན་འཁེལ་གནང་ནས་བོད་ལྗོངས་ལ་དེ་བས་གལ་ཆེའི་འཐབ་ཇུས་ཀྱི་གོ་གནས་བསྩལ་པ་རེད། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཕྱི་ནང་གི་འཕེལ་ཕྱོགས་ཆེན་པོར་ཞིབ་འཇུག་དང་བརྡར་ཤ་ཡང་དག་གནང་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ནང་གནས་ཆོས་ཉིད་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ཕྱོགས་བསྡུས་ཀྱི་བསམ་གཞིགས་གནང་སྟེ། མིག་སྔར་གཞི་ཚུགས་པ་དང་ཕུགས་རིང་ལ་དམིགས་ནས་ཐག་བཅད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། ཀྲུང་དབྱང་གིས“སྲུང་ཡོལ་གཉིས་དང་ས་གནས་བཞིའི”(རྩོམ་སྒྲིག་པའི་མཆན་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་ས་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ)རྨང་གཞིའི་ཐོག་བོད་ལྗོངས་ཀྱི་འཐབ་ཇུས་གཏན་གནས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས། འཐུས་ཚང་དུ་བཏང་པ་ཡིན་ལ། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྤྱིའི་སྒྲིག་གཞིའི་ནང་བཅུག་པ་དང་། བོད་ལྗོངས་ཀྱིས་མེས་རྒྱལ་ནང་ས་དང་ཨེ་ཤེ་ཡ་ལྷོ་མར་འབྲེལ་མཐུད་ཐད་ས་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་རྒྱུ་དང་། ཕྱི་ནང་གཉིས་ཀར་སྒོ་འབྱེད་ཇེ་མགྱོགས་སུ་གཏོང་པར་བར་སྟོང་ཆེན་པོ་འདོན་སྤྲོད་བྱས་ཡོད། བོད་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མཉམ་འདྲེས་བྱེད་པའི་གོ་སྐབས་ནི་ཧ་ཅང་ཆེན་པོ་དང་ཤིན་ཏུ་དཀོན་པོ་ཡིན་པ་རེད།
     ཆེ་དགྲ་ལྷས“ང་རང་མི་སྒེར་གྱིས་གོ་བ་ལེན་ཕྱོགས་ལྟར་ན། དོན་དངོས་ཐོག་དེ་ནི་བོད་ལྗོངས་སྔོན་ཆད་ཀྱི་ལྷོ་ནུབ་མཐའ་མཚམས་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་མདུན་ཕྱོགས་ལ་བསྒྱུར་པ་རེད”ཅེས་བརྗོད་བྱུང་།
བྱེད་ཐབས། སྤྱི་ཡོངས་ལ་འདྲེས་པར་རྩ་ལམ་གཏོང་དགོས།
     ཤེས་རྟོགས་བྱུང་པར་གཞིགས་ན། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་སུ་ཚུད་པ་ནས་བཟུང་། བོད་ལྗོངས་ཀྱིས་ཐོག་མར་སྔར་བས་ཧུར་བརྩོན་གྱི་སྒོ་འབྱེད་སྲིད་ཇུས་ལག་བསྟར་གནང་ཞིང་། ཕྱོགས་གཅིག་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཧུར་ཐག་སྒོས་ཕྱི་ཕྱོགས་སུ་སྒོ་འབྱེད་མ་འཇོག་ཁྱབ་ཁོངས་རྒྱ་ཆེར་བཏང་ཞིང་། ལྷ་ས་དང་གཞིས་རྩེར་ཕྱོགས་བསྡུས་ཁྲལ་སྲུང་ཁུལ(ཁྲལ་སྲུང་ཟོག་འགྲེམས་གླིང་ཁུལ)འཛུགས་རྒྱུ་འཚོལ་ཞིབ་བྱས་པ་མ་ཟད་ཕྱི་ཕྱོགས་ཉོ་ཚོང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ལ། གཞན་ཡང་།  བོད་ལྗོངས་ཀྱིས་ད་དུང་ནང་སའི་ཁྲོམ་རའི་ནང་མཉམ་འདྲེས་ཡོང་བར་འབད་པ་ཧུར་ཐག་བྱས་ཤིང་། མུ་མཐུད་དུ་ཤར་རྒྱུད་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་ལ་མཉམ་ལས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད་འདུག
     དེ་ཡང་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་དུ་འཛུགས་བསྐྲུན་བྱས་ཏེ་སྔ་ཙམ་ནས་མཐའ་འཁོར་རྒྱལ་ཁབ་དང་སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་ཆས་སྦྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར།  དམངས་སེམས་གཅིག་མཐུན་མངོན་འགྱུར་ཡོང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། 2016ལོར། སྐབས་གསུམ་པའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འདུའི་ཐོག  བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་དང་བལ་བོའི་ཁེ་ལས་ཀྱིས《ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སི་དང་མ་དངུལ་མཉམ་འཇོག་གྲོས་མཐུན》ལ་མིང་རྟགས་བཀོད་ཅིང་། དེས་བོད་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་གཏོད་པའི་ལས་དོན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན།
     2017ལོའི་ཟླ8པའི་ཚེས30ཉིན། ཀྲུང་བལ་རྒྱལ་ཁབ་གཉིས་ཕུད་པའི་ཕྱོགས་གསུམ་པའི་རྒྱལ་ཁབ་ཀྱི་མི་སྣ་གཞན་དག་གིས་ནུས་ལྡན་གྱི་དཔང་ཡིག་བཟུང་ནས་སྐྱིད་གྲོང་དང་རི་ཟུར་བ་འགག་སྒོ་ནས་འགྲོ་འོང་བྱེད་ཆོག་ལ། སྐྱིད་གྲོང་དང་རི་ཟུར་བ་འགག་སྒོ་དངོས་སུ་སྒོ་འབྱེད་རྒྱ་ཆེར་བཏང་བ་རེད། ལོ་དེའི་ཟླ5བར། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་རིམ་པ་གཅིག་པའི་ཚོགས་འདུའི་ཐོག “ཀྲུང་བལ་མཛའ་གྲོགས་བཟོ་ལས་གླིང”དང“བལ་བོ་དང་ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་”བཅས་རྣམ་གྲངས་ཆེན་མོ་གཉིས་ཀྱིས་བལ་བོའི་ཁེ་ལས་དང་མཉམ་ལས་གྲོས་མཐུན་བཞག་པ་དང་། ཀྲུང་གོའི་བོད་ལྗོངས་དང་བལ་བོའི་རྒྱལ་སྤྱིའི་ཐོན་ནུས་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་ཕྱིན་ཏེ་བོད་རང་སྐྱོང་ལྗོངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གཏིང་ཟབ་ཏུ་འདྲེས་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་བརྟན་པོའི་ངང་བསྐྲུན་པར་གོམ་པ་གལ་ཆེན་ཞིག་སྤོས་ཡོད་པ་རེད།
     འབྲེལ་ཡོད་བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ན་ནིང་ལོ་དཀྱིལ་བར། བོད་རང་སྐྱོང་ལྗོངས་སུ“ཕྱིར་སྐྱོད་པའི”ཁེ་ལས་30ལྷག་ཙམ་ལ་བུད་ཡོད་ཅིང་། དེ་དག་ནི་བལ་ཡུལ་དང་ཨ་མེ་རི་ཁ། ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་བོད་སྨན་དང་རིག་གནས། མཁའ་འགྲུལ་བཅས་ཁྱབ་ཁོངས་ལ་འབྲེལ་ཡོད་ཅིང་། མ་ཟད“ཕྱིར་སྐྱོད་པའི”ཁེ་ལས་ཚང་མ་ནི2013ལོའི་རྗེས་སུ“རྒྱུད་གཅིག་ལམ་གཅིག”དང“ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ”གཏོད་པའི་གོ་སྐབས་བཟང་པོར་བརྟེན་ནས་ཕྱི་ཕྱོགས་སུ་བསྐྱོད་པ་ཞིག་རེད།
     “རྒྱུད་གཅིག་ལམ་གཅིག”དང“བྷང་ག་ལ་དང་ཀྲུང་གོ། འབར་མ། རྒྱ་གར་བཅས་ཀྱི་དཔལ་འབྱོར་བར་ཁྱམས”མཉམ་འདྲེས་དང་སྦྲེལ་མཐུད་ཀྱི་བརྒྱུད་རིམ་ཁྲོད།  ལོ་རྒྱུས་ཐོག“ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ”དང“ཐང་བོད་གནའ་ལམ” “ཇ་རྟའི་གནའ་ལམ”སུ་ཞུགས་མཁན་གཙོ་བོ་ཡིན་པའི་ཆ་ནས་བོད་ལྗོངས་ལ་རྣམ་པ་གསར་རྐྱང་ཞིག་མངོན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།