སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་གསུམ་པ་ཚོགས་མགོ་བརྩམས་པ།
སྐབས་བཅུ་གསུམ་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་ཐེངས་གསུམ་པའི་གྲོས་ཚོགས་ཚོགས་མགོ་བརྩམས་པ།
སྤྱི་ཟླ1པོའི་ཚེས14ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་ཐེངས་གསུམ་པའི་གྲོས་ཚོགས་དེ་ཁུལ་གྲོས་ཚོགས་ལྟེ་གནས་སུ་སྤེལ་མགོ་བརྩམས་ཤིང་། གྲོས་ཚོགས་སུ་ཞུགས་འོས་པའི་ཨུ་ཡོན228དང་། དངོས་སུ་ཞུགས་པའི་ཨུ་ཡོན183ཡིན་ལ། གཏན་འཁེལ་གྱི་མི་གྲངས་དང་འཚམ།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིས་བརྒྱད་ཅུ་དང་། ཀྲུའུ་ཞི་གཞོན་པ་ལིན་ཅི་ཀྲུང་། སྟག་འབུམ་རྒྱལ། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། བློ་གསལ་རྒྱ་མཚོ། ཁྲེན་ཀྲེན་ཆིན། དེ་མིན་དྲུང་ཡིག་ཆེན་མོ་ལུས་ཅིན་ཞང་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཤིང་། ལིན་ཅི་ཀྲུང་གིས་གྲོས་ཚོགས་ལ་མདོ་འཛིན་མཛད།
ཁུལ་ཏང་སྲིད་འགོ་ཁྲིད་པ་ཀྲང་ཝུན་ཁོས་དང་། ཝང་ཅན་མིན། ཀུན་བཟང་། ལི་ཐིང་ཞང་། ཁྲེན་ཧུང་ལིན། མཱ་ཅན་ཧུང་། ལི་ཆིང་མིང་། ལི་ཞའོ་ལིན། ཡན་ཁང་ལིན། ཀླུ་འབུམ་རྒྱལ། ཡང་ཀྲའོ་ཆིན། ཝང་ཕེན། ཧྲི་ཅིན་ཡུག ཝང་ཡུང་བུ། དེ་མིན་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀའོ་ཡོན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཙན་ཁྲོན་ཧྥང་བཅས་གདན་ཞུ་ལྟར་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།
ཕྱི་དྲོའི་དུས་ཚོད16སྟེང་། གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས། ལིས་བརྒྱད་ཅུས་སྲིད་གྲོས་བྱ་བའི་སྙན་ཞུ་ཕུལ་བ་སྟེ། ཁོང་གིས་གསུང་རྒྱུར། 2017ལོ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་ལོ་ཞིག་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་བཏང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་བསྟེན་པ་རྒྱུན་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལ་དམིགས་ནས། “བསྒྱུར་བ་བཞིའི”ཐབས་ལམ་དང་བྱེད་ཐབས་ཤུགས་ཆེན་པོས་ལག་བསྟར། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་དང་། འགན་འཁྲི་སྒྲུབ་པའི་འདུ་ཤེས་གསར་གཏོད། འགན་སྒྲུབ་གཞི་རྟེན་སྣ་མང་ཕུན་ཚོགས་སུ་བསྒྱུར་བ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཐོག འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་བསྡུ། ཐབས་འདོན་ཇུས་འབུལ། ཁྱོན་ཡོངས་ཞབས་ཞུ་ལ་སོགས་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རང་སྐྱོང་ཁུལ་གྱི་མཉམ་འདྲེས་གསར་གཏོད་དང་རྗེས་འདེད་མཆོང་སྐྱོད་ཀྱི་ཕྱོགས་སུ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པ་ཡིན།
མཚོ་ལྷོ་ཁུལ་ཏང་སྲིད་འགོ་ཁྲིད་པ་ཀྲང་ཝུན་ཁོས།
ལིས་བརྒྱད་ཅུས་གསུང་རྒྱུར། ལོ་ངོ་གཅིག་གི་རིང་ལ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་ནུས་སྒྲུབ་པའི་གོ་རིམ་ནང་དུ། བྱ་བའི་ལྟེ་གནས་ལ་དམིགས་ནས་རང་ངོས་ཀྱི་ཁྱད་ཆོས་མངོན་ཐབས་བྱས་ཚུལ་གཙོ་བོ་གཤམ་གསལ“ལྡན་པ་གསུམ”གྱི་ཕྱོགས་ནས་མཚོན་ཐུབ་སྟེ།
སྲིད་གྲོས་བྱ་བར་རྒྱབ་སྐྱོར་བྱས་པར་ཤུགས་ཚད་ལྡན་པ། ཁུལ་ཨུས་ཏང་མང་མཉམ་ལས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱེད་པའི་མཐོ་ཚད་ནས་ལངས་ཏེ། ཁྱོན་ཡོངས་འཛིན་སྐྱོང་དང་ཕྱོགས་ཡོངས་མཐུན་སྦྱོར་གྱི་སྒོ་ནས་སྲིད་གྲོས་ཀྱིས་ཁྲིམས་ལྟར་སྒྲིག་བརྩི་འགན་སྒྲུབ་བྱེད་པར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་སྲིད་གྲོས་ཀྱི་ལོ་འཁོར་གྲོས་མོལ་བྱ་བའི་འཆར་གཞི་ལ་ཆེད་དོན་ཞིབ་འཇུག་དང་། ཁུལ་སྲིད་གྲོས་ཏང་ཙུའུའི་བྱ་བའི་སྙན་ཞུ་ལ་ཉན་འཇོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བཅས་བྱས་ཐོག ཁུལ་ཨུ་དང་། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཀྱིས་གྲོས་མོལ་ཚོགས་འདུར་ཞུགས་པ་དང་། བྱ་བའི་གནས་ཚུལ་གྱི་བརྡ་ཁྱབ་གཏོང་བ། བསམ་འཆར་དང་གྲོས་གཞི་ལ་ཉན་འཇོག་བྱེད་པ་ལ་སོགས་པའི་རྣམ་པ་བརྒྱུད་ནས། ཨུ་ཡོན་དང་མཉམ་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་བྱས་ཏེ། སྲིད་གྲོས་བྱ་བ་ལེགས་སྒྲུབ་བྱེད་པར་གསོན་ཤུགས་དང་སྒུལ་ཤུགས་ཆེན་པོ་བསྣན་པ་ཡིན།
དམངས་གཙོའི་ལྟ་སྐུལ་རྒྱ་བསྐྱེད་བཏང་བར་ཡངས་ཚད་ལྡན་པ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་ཏན་དང་། ཤུགས་ཆེན་པོས་དམངས་གཙོ་དར་སྤེལ་དང་བསམ་འཆར་ལ་ཡོངས་ཁྱབ་ཏུ་ཉན་འཇོག་བྱས་ཏེ། ལྟ་སྐུལ་གྱི་ཁ་ཕྱོགས་དང་། རྩ་དོན། དལ་ལྷོད་བཅས་ལ་དངོས་འབྲེལ་གདེང་ཚོད་ཡོད་པར་བྱས། དམངས་གཙོའི་ལྟ་སྐུལ་གྱི་ཚུལ་ཤེས་སྲིད་རྟོགས་དང་། མཐུན་སྦྱོར་དངོས་འབེབས། གཉེར་སྒྲུབ་ལན་སློག ཁེ་དབང་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། གནད་འགག་གི་གནད་དོན་དང་གནད་འཁེལ་ཤུགས་འདོན་ལ་དམ་པོར་དམིགས་ནས། གནས་པའི་དཀའ་ངལ་དང་མི་འདང་བའི་ཞན་ཆ་འཚོལ་ཐབས་བྱས་ཐོག སྤྲོ་སེམས་ལྡན་པ་ལས་ཁ་གཏད་དུ་མི་ལངས་པའི་གྲོས་བསྡུར་དང་། བདེན་པ་བདེན་ཐུབ་ཡིན་པ་ལས་ཁྲལ་མངོན་སླ་བཅོས་མིན་པའི་སྤེལ་རེས། རྣོ་ངར་ཆེ་ཡང་ཐལ་སྤྱོད་མ་ཡིན་པའི་སྐྱོན་བརྗོད་བཅས་ཀྱི་དཔེ་བཟང་དར་སྤེལ་བྱས་ཏེ། དངོས་གནས་ལྟ་སྐུལ་བྱེད་ཕོད་པ་དང་། ལྟ་སྐུལ་བྱེད་མཁས་པ། ལྟ་སྐུལ་ངོ་མ་བྱེད་ཐུབ་པར་བཅས་བྱས།
ལྟེ་བའི་ལས་འགན་ནང་ཞུགས་པར་ཟབ་ཚད་ལྡན་པ། མི་རིགས་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཐོག ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་གནད་འཁེལ་དབུལ་སྐྱོར་གྱི་འབྲེལ་གཏུག་བྱེད་གནས་ས་གྲུ་བཞི་ཡུལ་ཚོའི་ས་གྲུ་བཞི་སྡེ་བར་ཐེངས་མང་བོར་སོང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སློབ་སྟོན་བྱས་ཤིང་། གཞི་རིམ་ཏང་ཡོན་ལ་ཏང་གི་ཤེས་བྱའི་སློབ་ཁྲིད་བྱས་ཏེ། ལས་བྱེད་མང་ཚོགས་དང་མཉམ་དུ་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་འབད་པ་བྱས་པར་བརྟེན། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་བྱ་བར་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱེད་ཐུབ་པ་བྱུང་། དེ་དང་དུས་མཚུངས་སུ། ཚན་པའི་ཁོངས་མིས་སྤྱི་ཡོངས་ལ་བསམ་བློ་བཏང་ཞིང་རང་འགུལ་གྱིས་ལས་འགན་དང་དུ་བླངས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་ཞིང་ཆེན་ཏང་གི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཐོག “བསྒྱུར་བ་བཞིའི”བརྟག་དཔྱད་ཞིབ་འཇུག་ཆེན་མོ་དང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་སློབ་སྟོན་ལ་སོགས་པའི་བྱ་བའི་ནང་དུ་ཧུར་ཐག་གིས་ཞུགས་པ་དང་། ཀྲུའུ་ཞི་གཞོན་པ་གཅིག་གདན་འདྲེན་ཞུས་པ་ལྟར་ཞིང་ཆེན་དང་། དམག་དཔུང་། ས་གནས་བཅས་མཉམ་འབྲེལ་གྱི་སྒྲོག་འགྲེལ་ཚོ་ཆུང་ནང་དུ་ཞུགས་ཏེ་ཞིང་ཆེན་ཡོངས་ཀྱི་བཅའ་སྡོད་དམག་དཔུང་ཁག་ལ་སོང་ནས་སྒྲོག་འགྲེལ་སྙན་ཞུ་སྤེལ་བ་ཡིན།
ལི་བརྒྱད་ཅུས་བྱ་བའི་སྙན་ཞུ་འབུལ་བཞིན་པ།
2017ལོར། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་བོ་གཤམ་གསལ་ཕྱོགས་ལྔ་ནས་བྱ་བ་བསྒྲུབས་པ་ཡིན་ཏེ། 1.སྒྲིག་ཁྲིམས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གྲོས་མོལ་དམངས་གཙོའི་ཕྱོགས་ནས་རྣམ་པ་གསར་བ་མངོན་པ། 2.དངོས་འཚོལ་བདེན་གཉེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་གླེང་ལྟ་སྐུལ་གྱི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས་པ། 3.མཐུན་སྒྲིལ་དམངས་གཙོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་ཤུགས་གཅིག་སྒྲིལ་གྱི་ཕྱོགས་ནས་གོམ་པ་གསར་བ་སྤོས་པ། 4.དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་བཅོས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་བླངས་པ། 5.དངོས་གཉེར་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་འཛུགས་སྐྲུན་གྱི་ཕྱོགས་ནས་བཀྲག་མདངས་གསར་བ་མངོན་པ།
གྲོས་ཚོགས་ཀྱི་ཟུར་ཞིག
ལིས་བརྒྱད་ཅུས་གསུང་རྒྱུར། 2018ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་འགོ་རྩོམ་པའི་ལོ་དང་། “ལྔའི་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་ཕྱོགས་སུ་སྔ་མཐུད་རྗེས་སྐྱོང་གི་ནུས་པ་ཐོན་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་སྤྱིའི་བསམ་ཕྱོགས་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སྣེ་ཁྲིད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་སྒོས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་མོ་གཉིས་ལ་དམ་པོར་དམིགས་ནས། ལྷག་བསམ་རྣམ་དག་གིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱེད་ཅིང་། ནུས་ཡོད་སྒོས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་དང་། ལམ་ལུགས་ནང་རྐྱེན་འཛུགས་སྐྲུན། རང་སྟེང་ནུས་པ་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཅས་བྱས་ཏེ། མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་སྔོན་སྐྱོད་ཁུལ་དུ་བསྐྲུན་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པར་བློ་གྲོས་དང་ནུས་ཤུགས་འདོན་རྒྱུ་དེ་ཡིན་ཟེར།
གྲོས་ཚོགས་ཀྱི་ཟུར་ཞིག
ལིས་བརྒྱད་ཅུས་སྙན་ཞུ་ཁྲོད་ད་ལོའི་བྱ་བའི་གཙོ་གནད་ལྔ་བཏོན་ཏེ། 1. སློབ་སྦྱོང་དང་ཞིབ་འཇུག་གཙོར་བཟུང་སྟེ། བསམ་བློའི་གཞུང་ལུགས་ཀྱི་ཁ་ཕྱོགས་གསར་བ་གཏན་འཁེལ་བྱེད་པ། 2.གྲོས་མོལ་དང་ལྟ་སྐུལ་བྱེད་པ་གཙོར་བཟུང་སྟེ།གྲོས་འདོན་རིགས་སྒྲུབ་ཀྱི་སྐད་སྙན་སྒྲོག་པར་བྱེད་པ། 3.མཉམ་འབྲེལ་མཉམ་ལས་བྱེད་པ་རྨང་གཞིར་བཟུང་སྟེ། མཐུན་སྒྲིལ་ཡར་བརྩོན་གྱི་བརྗོད་བྱ་གཙོ་བོ་དབྱངས་སུ་གྱེར་བ། 4.དམངས་འཚོ་ལེགས་བཅོས་བྱེད་པ་རྩ་བར་བཟུང་སྟེ། དབུལ་སྐྱོར་དཀའ་སྐྱོང་གི་དྲང་ནུས་བརྒྱུད་སྤྲོད་བྱེད་པ། 5. རྨང་དྲག་གཞི་བརྟན་བྱེད་པ་གཙོར་བཟུང་སྟེ།ཞབས་ཞུའི་དོ་དམ་གྱི་འཇམ་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་སོ།།
གྲོས་ཚོགས་ཀྱི་ཟུར་ཞིག
མཇུག་མཐར། མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟག་འབུམ་རྒྱལ་གྱིས་ཚོགས་ཆེན་ལ་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་གྲོས་གཞི་བྱ་བའི་གནས་ཚུལ་ཡར་ཞུ་བགྱིས། ཁོས་གསུང་རྒྱུར། ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་པའི་སྡེ་ཁག་དང་ཨུ་ཡོན་རྣམས་ཀྱིས་བསམ་འཆར་གྲོས་གཞི127སྤྲད་ཡོད་པ་དང་དཔྱད་ཞིབ་བྱས་པ་བརྒྱུད། གྲོས་གཞི59གཏན་ལ་ཕབ་པ་དང་གྲོས་གཞི45ཐག་གཅོད་བྱས་པས། གྲོས་གཞི་ཐག་བཅད་ཚད95%ལ་བསླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com