ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གི་དྲིས་ལན་བརྒྱ་རྩ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-12-11 08:45:00 ཀློག་གྲངས།:
1. ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་བརྗོད་བྱ་གཙོ་བོ་ཅི་ཡིན།
ལན། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་བླངས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན།
2. ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཁག་ག་ཚོད་ལ་བགོས་ཡོད་པ་དང་། ནང་དོན་གཙོ་བོ་ཅི་ཡིན།
ལན།  ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་བསྡོམས་པས་ཁག་ཆེན་པོ་བཅུ་གསུམ་དུ་བགོས་ཡོད་དེ། ⑴འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར། ⑵དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི། ⑶དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་དང་གཞི་རྩའི་ཇུས་གཞི། ⑷འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་ལམ་གསར་པ་འབྱེད་པ། ⑸འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ། ⑹མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བ། ⑺རིག་གནས་རང་རྟོན་བརྟན་པོར་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། ⑻དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོར་འདེགས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། ⑼སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། ⑽ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཕྱོགས་ཡོངས་ནས་སྤེལ་བ། ⑾“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ⑿ཞི་བའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། ⒀བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་གྱིས་བསྐྱངས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་ཡིན།
3. ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་དུས་སྐབས་གང་ཞིག་ལ་བསྡུས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན།
ལན། རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན།
4.ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་དག་བླངས་ཡོད།
ལན། དཔལ་འབྱོར་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་བླངས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་བརྒལ་གཏོར་གལ་ཆེན་བྱས་པ། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གོམ་སྟབས་གལ་ཆེན་སྤོས་པ། བསམ་བློའི་རིག་གནས་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ། མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་མངོན་པར་གསལ་བ། དམག་དར་དམག་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། ཞང་ཀང་དང་ཨོ་མིན་གྱི་བྱ་བར་གོང་འཕེལ་གསར་པ་བྱུང་བ། ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་གཏིང་ཟབ་ཏུ་སྤེལ་བ། ཏང་ཕྱོགས་ཡོངས་ནས་ནན་གྱིས་སྐྱོང་བར་ཕན་འབྲས་ཁྱད་འཕགས་བླངས་པ་བཅས་རེད།
5.རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པ་ཅི་ཡིན།
ལན། ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་ཡིན་ཞེས་བསྟན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ་ལས་ཉེ་རབས་ཀྱི་ཚུན་ལ་ཡུན་རིང་གི་གོད་ཆག་མྱངས་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས། ཕྱུག་པོར་འགྱུར་བ་དང་སྟོབས་ཆེན་དུ་འགྱུར་བའི་མཆོང་སྐྱོད་རླབས་ཆེན་བསུས་འོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་འོང་བ་མཚོན་ཡོད་ལ། ཚན་རིག་གི་སྤྱི་ཚོགས་རིང་ལུགས་ལ་དུས་རབས་ཉེར་གཅིག་པའི་ཀྲུང་གོ་ནས་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོས་ཁེངས་པ་དང་། འཛམ་གླིང་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་པ་མཚོན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་མདུན་ལམ་རྒྱ་བསྐྱེད་ནས། འཛམ་གླིང་སྟེང་གི་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད་ལ་རང་སྟེང་གི་རང་བཙན་རང་བཞིན་སྲུང་འཛིན་ཡང་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་དེ་དག་ལ་གདམ་ག་གསར་པ་འདོན་སྤྲོད་བྱས་ཏེ། མིའི་རིགས་ཀྱི་གནད་དོན་ཐག་གཅོད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ཕུལ་བ་མཚོན་ཡོད།
6. ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གང་ཡིན།
ལན། སྙན་ཞུའི་ནང་དུ“ངེས་གསལ་བརྒྱད”བཀོལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་རྒྱས་བཤད་བྱས་ཡོད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། གོམ་སྟབས་གཉིས་སུ་བགོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས་པ་ངེས་གསལ་ཡིན་པ། དུས་རབས་གསར་པའི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ལ་ཕུན་སུམ་མི་ཚོགས་པའི་འཕེལ་རྒྱས་བར་གྱི་འགལ་བ་ཡིན་པས། ངེས་པར་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཀྱི་ཐུན་མོང་གི་འབྱོར་ཕྱུག་ལ་རྒྱུན་ཆད་མེད་པར་ཡར་སྐུལ་བྱེད་དགོས་པ་ངེས་གསལ་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ནི“ཕྱོགས་ལྔ་གཞི་གཅིག”དང་འཐབ་ཇུས་བཀོད་སྒྲིག་ནི“ཕྱོགས་ཡོངས་བཞི”ཡིན་པས། བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་བརྟན་དུ་གཏོང་དགོས་པ་ངེས་གསལ་ཡིན་པ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་དེ་ཡིན་པ་ངེས་གསལ་ཡིན་པ། ཏང་གི་དུས་རབས་གསར་པའི་དམག་དར་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། གཡུལ་ལས་རྣམ་པར་རྒྱལ་ཐུབ་པ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱས་ཏེ། མི་དམངས་དམག་དཔུང་འདི་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་དགོས་པ་ངེས་གསལ་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྤེལ་ན་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པ་ངེས་གསལ་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་སྟོབས་ཆེས་ཆེན་པོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཡིན་པས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་ནས། ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་གི་འཛུགས་སྐྲུན་ཁྲོད་ཟིན་པའི་གོ་གནས་གལ་ཆེན་འབུར་དུ་ཐོན་པར་བྱེད་དགོས་པ་ངེས་གསལ་ཡིན་པ་བཅས་སོ།།
7.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“གཞི་རྩའི་ཇུས་གཞི”གང་ཡིན།
ལན། ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། འཕེལ་རྒྱས་ཁྲོད་དུ་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་རྒྱུ་དེ་ཡིན།
8.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་ཇི་ལྟར་གོ་བ་ལེན་དགོས།
ལན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་བྱས་ཡོད་པ་དང་གོང་འཕེལ་བཏང་ཡོད་ལ། འདི་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་གྲུབ་འབྲས་ཆེས་གསར་པ་ཡིན་པ་དང་། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་དགོས།
9.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་གོ་དོན་ཅི་ཡིན།
ལན། དུས་རབས་གསར་པ་འདི་ནི་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་མུ་མཐུད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལེན་པའི་དུས་རབས་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དེར་མཐུད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་རབས་ཡིན་ཞིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མཛེས་སྡུག་གི་འཚོ་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཏེ། རིམ་བཞིན་དུ་མི་དམངས་ཡོངས་རྫོགས་མཉམ་དུ་འབྱོར་ཕྱུག་ལྡན་པར་བྱེད་པའི་དུས་རབས་ཡིན་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་ཧུར་ཐག་གིས་མངོན་འགྱུར་བྱེད་པའི་དུས་རབས་ཡིན་ལ། རང་རྒྱལ་ཉིན་རེ་བཞིན་དུ་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་སྙིང་དང་ཉེ་བར་བཅར་ནས་མིའི་རིགས་ཀྱི་ཆེད་དུ་རྒྱུན་ཆད་མེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པའི་དུས་རབས་ཡིན།
10.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་གཏན་ཁེལ་གསལ་པོ་བྱས་པའི་འཕེལ་རྒྱས་ཀྱི་སྤྱིའི་ལས་འགན་ཅི་ཞིག་ཡིན།
ལན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། གོམ་སྟབས་གཉིས་སུ་བགོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།
11.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་གཏན་ཁེལ་གསལ་པོ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་བཀོད་སྒྲིག་ཅི་ཞིག་ཡིན།
ལན། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ཡིན། ཕྱོགས་ལྔ་གཞི་གཅིག་ནི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཡིན་ལ། ཕྱོགས་ཡོངས་བཞི་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་བཞིན་སྐྱོང་བ། ཏང་ཕྱོགས་ཡོངས་ནས་ནན་གྱིས་སྐྱོང་བ་བཅས་ཡིན།
12.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་གཏན་ཁེལ་གསལ་པོ་བྱས་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ཅི་ཞིག་ཡིན།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་དེ་ཡིན།
13.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་གཏན་ཁེལ་གསལ་པོ་བྱས་པའི་རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་བཞིན་སྐྱོང་བའི་སྤྱིའི་དམིགས་འབེན་ཅི་ཞིག་ཡིན།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།
14.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་གཏན་ཁེལ་གསལ་པོ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཅི་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་ཁྱད་སྟོབས་ཅི་ཡིན།
ལན། ཆེས་རྩ་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཆེས་ཆེ་བའི་ཁྱད་སྟོབས་ཀྱང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།
15.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་རུལ་སུངས་ངོ་རྒོལ་གྱི་ཕན་འབྲས་ལ་གདེང་འཇོག་ཇི་ལྟར་བྱས་ཡོད།
ལན། རུལ་སུངས་བྱེད་མི་ཕོད་པའི་དམིགས་འབེན་ཐོག་མར་མངོན་འགྱུར་བྱས་པ་དང་། རུལ་སུངས་བྱེད་མི་རུང་བའི་གཟེབ་དྲ་ཇེ་དམ་ནས་ཇེ་དམ་ཡིན་ལ། རུང་སུངས་བྱེད་མི་འདོད་པའི་འགོག་རགས་ལས་བཞིན་པའི་སྒང་ཡིན་པ་དང་། རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོད་རང་བཞིན་གྱི་རྣམ་པ་ཆགས་ཟིན་པ་མ་ཟད་སྲ་བརྟན་དང་གོང་འཕེལ་དུ་འགྲོ་བཞིན་ཡོད།
16.ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཅི་ཞིག་ཡིན།
ལན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པ་ནི་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་བསམ་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་སྙེག་རྒྱུ་དེ་ཡིན།
17. རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་ཅི་ཞིག་ལ་གྱུར་ཡོད།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབ་པས། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ལ་ཕུན་སུམ་མི་ཚོགས་པའི་འཕེལ་རྒྱས་བར་གྱི་འགལ་བ་རུ་གྱུར་ཡོད།
18. རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་གི“ངེས་པར་དུ་ཤེས་དགོས་པ”གཉིས་གང་ཡིན།
ལན། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་ནི་ཁྱོན་ཡོངས་ལ་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བར་བླང་བྱ་གསར་པ་མང་པོ་བཏོན་ཡོད་པ་ངེས་པར་དུ་ཤེས་དགོས་ལ། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འགྱུར་ལྡོག་གིས་ང་ཚོས་རང་རྒྱལ་སྤྱི་ཚོགས་རིང་ལུགས་སུ་གནས་པའི་ལོ་རྒྱུས་དུས་རིམ་ལ་བརྡར་ཤ་བཅད་པ་དེ་བསྒྱུར་མེད་པ་དང་། རང་རྒྱལ་སྔར་བཞིན་མ་ཟད་ད་དུང་དུས་ཡུན་རིང་པོར་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་གཞི་རྩའི་གནས་ཚུལ་བསྒྱུར་མེད་ལ། རང་རྒྱལ་ནི་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པའི་རྒྱལ་སྤྱིའི་གོ་གནས་བསྒྱུར་མེད་པ་ངེས་པར་དུ་གསལ་པོར་ཤེས་དགོས།
19.ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ལམ་ཕྱོགས་ཅི་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་བདེ་སྐྱིད་ཀྱི་རྩ་བ་གང་ཡིན།
ལན། ང་ཚོའི་ཏང་གི་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་ནི། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་དཀྱིལ་སྙིང་དུ་འཛིན་པ་དང་། རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་དང་རང་སྟོབས་རང་སྤེལ། དཀའ་སྤྱད་ལས་བརྩོན་བཅས་རྒྱུན་འཁྱོངས་བྱས་ནས། རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་རྒྱུ་དེ་ཡིན། ཏང་གི་རྩ་བའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་བདེ་སྐྱིད་ཀྱི་རྩ་བ་ཡིན།
20. ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་མངོན་འགྱུར་བྱེད་པའི“ངེས་པར་དུ་གསུམ”གང་དག་ཡིན།
ལན། ངེས་པར་དུ་ཀྲུང་གོ་མི་དམངས་ཀྱི་མགོ་བོ་གནོན་པའི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་རི་བོ་ཆེན་པོ་གསུམ་རྩ་རྫོགས་བྱས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་གཅིག་གྱུར། སྤྱི་ཚོགས་གཏན་འཇགས་བཅས་མངོན་འགྱུར་བྱེད་དགོས་པ་དང་། ངེས་པར་དུ་རང་རྒྱལ་གྱི་དོན་དངོས་དང་མཐུན་པའི་སྔོན་ཐོན་སྤྱི་ཚོགས་ལམ་ལུགས་འཛུགས་དགོས་ལ། ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མི་དམངས་ཀྱི་འདོད་བློར་བསྟུན་ནས། བཅོས་སྒྱུར་སྒོ་འབྱེད་བྱེད་ཕོད་པར་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་ལ་ནམ་ཡང་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེན་པོས་ཁེངས་པར་བྱེད་དགོས།
21.འཐབ་རྩོད་རླབས་ཆེན་སྤེལ་བའི“སྔར་ལས་རང་རྟོགས་ལྔ་དང་། མཐའ་གཅིག་ཏུ་ལྔ”གང་དག་ཡིན།
ལན། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ཀྱིས་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཉམས་དམས་སུ་གཏོང་བ་དང་འཁྱོག་བཤད་བྱེད་པ། དགག་པ་རྒྱག་པ་བཅས་ཀྱི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་ལ་གཏོར་བརླག་བྱེད་པ་དང་མང་ཚོགས་དང་ཁ་འབྲལ་བའི་བྱ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་བཅོས་སྒྱུར་དང་གསར་གཏོད་ཀྱི་དུས་རབས་འཕེལ་རྒྱས་ཁྲོད་དུ་ཟབ་ཞུགས་བྱས་ཏེ། དུག་ངན་ནད་རྙིང་ཡོད་ཚད་མཐའ་གཅིག་ཏུ་སེལ་དགོས། སྔར་ལས་རང་རྟོགས་ཀྱིས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། མེས་རྒྱལ་ཁ་བྲལ་དུ་གཏོང་བ་དང་། མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་བྱུང་བའི་དཀའ་ངལ་དང་འགྲན་རྩོད་ཡོད་ཚད་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་དགོས།
22.ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ཟབ་སྤེལ་བྱེད་པའི་ཁྲོད་ཀྱི“དུས་རྟག་ཏུ”གསུམ་གང་དག་ཡིན།
ལན། ང་ཚོའི་ཏང་དུས་རྟག་ཏུ་དུས་རབས་ཀྱི་གདོང་ལེན་དང་མི་རིགས་ཀྱི་སྒལ་རུས་སུ་འགྱུར་བར་བྱེད་དགོས་པ་དང་། དུས་རྟག་ཏུ་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་བར་བྱེད་དགོས་ལ། རང་སྟེང་ནས་ངེས་པར་དུ་དུས་རྟག་ཏུ་ཉམས་སད་ཐེག་ཐུབ་དགོས།
23.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ལས་ནན་གྱིས་བསྟན་པའི“རླབས་ཆེན་བཞི”གང་དག་ཡིན། རླབས་ཆེན་གང་གིས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད།
ལན། འཐབ་རྩོད་རླབས་ཆེན་དང་བཟོ་སྐྲུན་རླབས་ཆེན། ལས་དོན་རླབས་ཆེན། ཕུགས་འདུན་རླབས་ཆེན་བཅས་ཡིན་ལ། དེའི་ནང་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་པ་ནི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ཡིན།
24.ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་དང་རང་རྒྱལ་གྱི་ལས་དོན་སྣ་ཚོགས་ཀྱི་གོང་འཕེལ་གྱིས་བཏོན་པའི་དུས་རབས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ནི་གང་ཡིན།
ལན། ངེས་པར་དུ་གཞུང་ལུགས་དང་ལག་ལེན་ཟུང་སྦྲེལ་གྱི་སྟེང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་ལན་ཆ་ཚང་འདེབས་རྒྱུ་དེ་ཡིན།
25. “ལོ་རྒྱུས་ཀྱི་ཆོས་ཉིད་ཆེན་པོ་གསུམ”ནི་གང་དག་ཡིན།
ལན། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་བཅས་ཡིན།
26.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ། “ཏང་གིས་བྱ་བ་ཡོད་ཚད་ལ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ”ཞེས་པ་ཇི་ལྟར་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་ཡོད།
ལན། ཏང་སྲིད་དམག་དམངས་སློབ་མ་དང་། ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀུན་ལ་ཏང་གིས་འགོ་ཁྲིད་པ་ཡིན་ཞེས་བརྗོད་ཡོད།
27.ཀྲུང་གོ་གུང་ཁྲན་ཏང་གི“ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ”གང་དག་ཡིན།
ལན། དེང་རབས་ཅན་འཛུགས་སྐྲུན་བྱེད་པ་། མེས་རྒྱལ་གྱི་གཅིག་གྱུར་ཡོངས་འགྲུབ་བྱེད་པ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་བཅས་ཡིན།
28.ཅི་ཞིག་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་རྩ་བའི་སྟོབས་ཤུགས་ཡིན།
ལན། མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་རྩ་བའི་སྟོབས་ཤུགས་ཡིན།
29.ང་ཚོས་དུས་ཡུན་རིང་པོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཁྲོད་དུ་སྤྱི་སྡོམ་བྱས་པའི“ཁོ་ན་དང་ད་གཟོད”གཉིས་གང་དག་ཡིན།
ལན། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁོ་ནས་ད་གཟོད་ཀྲུང་གོ་དང་སྤྱི་ཚོགས་རིང་ལུགས། མར་ཁེ་སི་རིང་ལུགས་བཅས་གོང་འཕེལ་གཏོང་ཐུབ།
30.སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་དགོས་ངེས་རེ་བ་ཅི་ཞིག་ཡིན།
ལན། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་ནུས་ལྡན་སྒོས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན།
31.འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་གང་ཡིན། ཀྲུང་ཧྭ་མི་རིགས་ཡུན་མཐུད་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་གང་ཡིན།
ལན། འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ནི་དམངས་ཚིས་བདེ་སྐྱིད་གོང་དུ་སྤེལ་རྒྱུ་དེ་ཡིན་ལ། ཀྲུང་ཧྭ་མི་རིགས་ཡུན་མཐུད་འཕེལ་རྒྱས་ཀྱི་སྟོང་ལོའི་ཇུས་ཆེན་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།
32. “རྒྱུན་འཁྱོངས་བཞིའི”དམག་སྐྱོང་ཇུས་གཞི་དང་། “སྔར་ལས་གཙིགས་འཛིན་ལྔའི”འཐབ་ཇུས་མཛུབ་སྟོན་གང་དག་ཡིན།
ལན། ཆབ་སྲིད་ཀྱིས་དམག་འཛུགས་པ་རྒྱུན་འཁྱོངས་དང་། བཅོས་སྒྱུར་གྱིས་དམག་དར་བར་བྱེད་པ་རྒྱུན་འཁྱོངས། ཚན་རྩལ་གྱིས་དམག་རྒྱས་པར་བྱེད་པ་རྒྱུན་འཁྱོངས། ཁྲིམས་བཞིན་དམག་སྐྱོང་བ་རྒྱུན་འཁྱོངས་བཅས་བྱེད་རྒྱུ་དང་། དངོས་འཐབ་ལ་དམིགས་པར་སྔར་ལས་གཙིགས་འཛིན་དང་། གསར་གཏོད་སྐུལ་ཁྲིད་ལ་སྔར་ལས་གཙིགས་འཛིན། མ་ལག་འཛུགས་སྐྲུན་ལ་སྔར་ལས་གཙིགས་འཛིན། ཞིབ་གཉེར་འབྲས་བཟང་ལ་སྔར་ལས་གཙིགས་འཛིན། དམག་དམངས་མཉམ་འདྲེས་ལ་སྔར་ལས་གཙིགས་འཛིན་བཅས་བྱེད་རྒྱུ་དེ་ཡིན།
33.ཀྲུང་གོ་གུང་ཁྲན་ཏང་གི་ཆེས་མངོན་པར་གསལ་བའི་རང་གཤིས་གང་ཡིན།
ལན། རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ་དང་། ཏང་དོ་དམ་དང་བཅོས་སྐྱོང་ནན་མོ་བྱེད་པ་དེ་ཡིན།
34.འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་གང་ཡིན།
ལན། ད་ནས་ཉིས་སྟོང་ཉི་ཤུ་ལོའི་བར་ཡིན།
35.འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི“འཐབ་ཇུས་ཆེན་པོ་བདུན”གང་དག་ཡིན།
ལན། ཚན་རིག་སློབ་གསོས་རྒྱལ་ཁབ་འཕེལ་བར་བྱེད་པའི་འཐབ་ཇུས་དང་། ཤེས་ལྡན་མི་སྣས་རྒྱལ་ཁབ་དར་བར་བྱེད་པའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས། ཞང་སྡེ་དར་སྤེལ་འཐབ་ཇུས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས། རྒྱུན་སྲིང་འཕེལ་རྒྱས་ཀྱི་འཐབ་ཇུས། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་བཅས་ཡིན།
36.ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་བཏོན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབད་འཐབ་དམིགས་འབེན་གང་ཡིན། དེར་འགྱུར་ལྡོག་ཅི་ཞིག་བྱུང་ཡོད།
ལན། སྙན་ཞུའི་ནང་བཏོན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབད་འཐབ་དམིགས་འབེན་ནི། རང་རྒྱལ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་རྒྱུ་དེ་ཡིན། འགྱུར་ལྡོག་ནི། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འབད་འཐབ་དམིགས་འབེན་དེ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ནས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལ་རྒྱ་བསྐྱེད་ནས་མཛེས་སྡུག་ཁ་སྣོན་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་དེང་རབས་ཅན་འཛུགས་སྐྲུན་གྱི་དམིགས་འབེན་གཉིས་སྦྲེལ་མཐུད་སྔར་ལས་བཟང་པོ་བྱས་པ་དེ་ཡིན།
37.དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཅི་ཞིག་ཡིན།
ལན། དུས་རིམ་དང་པོ་སྟེ་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་རྒྱུ་དང་། དུས་རིམ་གཉིས་པ་སྟེ་ཉིས་སྟོང་སོ་ལྔ་ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ལོ་བཅོ་ལྔར་འབད་འཐབ་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།
38.དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་དུས་རིམ་ཅི་འདྲ་ཞིག་ཏུ་གནས་ཡོད།
ལན། རང་རྒྱལ་གྱི་དཔལ་འབྱོར་མྱུར་ཚད་མཐོན་པོས་འཕར་སྣོན་འབྱུང་བའི་དུས་རིམ་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་དུ་སྐྱོད་བཞིན་ཡོད་ལ། འཕེལ་སྟངས་སྒྱུར་བ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར། འཕར་སྣོན་སྒུལ་ཤུགས་བརྗེ་སྤོར་བཅས་ཀྱི་འགག་གཏོར་གྱི་དུས་རིམ་དུ་གནས་ཡོད།
39.འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར“ཕྱོགས་དྲུག”གི་བྱ་བ་གང་དག་བསྒྲུབ་དགོས།
ལན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། གསར་དར་རྣམ་པའི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཞང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་མྱུར་དུ་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱེད་དགོས།
40.དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་ན། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཤུགས་འདོན་ས་གང་བྱེད་དགོས།
ལན། དངོས་གཟུགས་དཔལ་འབྱོར་བྱས་ཏེ། འདོན་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་བྱེད་རྒྱུ་དེ་འབད་ཡུལ་གཙོ་བོར་བརྩི་དགོས།
41.གསར་གཏོད་རྣམ་པའི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་ན་ཕྱོགས་གང་དག་གི་ལག་རྩལ་གསར་གཏོད་ངེས་པར་དུ་འབུར་དུ་ཐོན་པར་བྱེད་དགོས།
ལན། གནད་འགག་ཐུན་མོང་གི་ལག་རྩལ་དང་། སྔོན་ཐོན་ཁྲིད་སྟོན་གྱི་ལག་རྩལ། དེང་རབས་བཟོ་སྐྲུན་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་བཅས་འབུར་དུ་ཐོན་པར་གསར་གཏོད་བྱེད་དགོས།
42.རྒྱལ་ཇུས་དམངས་ཚིས་དང་འབྲེལ་བའི་རྩ་བ་རང་བཞིན་གྱི་གནད་དོན་གང་ཡིན།
ལན། ཞིང་ལས་ཞིང་སྡེ་ཞིང་པའི་གནད་དོན་ཡིན།
43.ཞིང་སྡེའི་ས་ཞིང་འགན་ལེན་སྐོར་ཐེངས་གཉིས་པའི་དུས་ཡུན་ལོངས་རྗེས་ཇི་ལྟར་བྱ་དགོས།
ལན། ས་ཞིང་འགན་ལེན་འབྲེལ་བ་བརྟན་འཇགས་ཡིན་པ་མ་ཟད་ཡུན་རིང་མི་འགྱུར། ས་ཞིང་འགན་ལེན་སྐོར་ཐེངས་གཉིས་པའི་དུས་ཡུན་ལོངས་རྗེས་ཡང་བསྐྱར་ལོ་སུམ་ཅུ་ལ་ཇེ་རིང་དུ་གཏོང་རྒྱུ་རེད།
44.ཞང་སྡེའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་རེ་བ་ཅི་ཞིག་ཡིན།
ལན། ཐོན་ལས་དར་རྒྱས། སྐྱེ་ཁམས་ཡིད་འོང་། ཞང་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཡིན།
45.ཞིང་སྡེའི་གཞི་རིམ་རྨང་གཞིའི་བྱ་བར་ཤུགས་སྣོན་དགོས་ན། ཞང་སྡེའི་བཅོས་སྐྱོང་མ་ལག་ཇི་ལྟར་འཛུགས་སྐྲུན་བྱེད་དགོས།
ལན། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་མཉམ་སྦྲེལ་བྱེད་དགོས།
46. “ཞིང་གསུམ”བྱ་བའི་དཔུང་སྡེ་ཅི་འདྲ་ཞིག་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་དགོས།
ལན། ཞིང་ལས་ཤེས་པ། ཞིང་སྡེར་དགའ་བ། ཞིང་པར་དགའ་བ་བཅས་ཀྱི་དཔུང་སྡེ་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་དགོས།
47.དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་གྱི་གཙོ་གནད་དང་དམིགས་འབེན་ཅི་ཞིག་ཡིན།
ལན། ངེས་པར་དུ་ཐོན་དབང་ལམ་ལུགས་དང་རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་གཙོ་གནད་དུ་བཟུང་ནས། ཐོན་དབང་གིས་ནུས་པ་ལྡན་པར་ཡར་སྐུལ་བྱེད་པ་དང་། རྒྱུ་རྐྱེན་རང་དབང་འཁོར་སྐྱོད་བྱེད་པ། རིན་གོང་གི་འགྱུར་ལྡོག་མྱུར་བ། འགྲན་རྩོད་འདྲ་མཉམ་ཡིན་ལ་གོ་རིམ་ལྡན་པ། ཁེ་ལས་ལེགས་རྒྱལ་ཞན་ཕམ་འབྱུང་བ་བཅས་མངོན་འགྱུར་བྱེད་དགོས།
48.ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པའི་ཁྱད་ཆོས་གཙོ་བོ་ཅི་ཞིག་ཡིན།
ལན། སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་མཉམ་རོགས།
49.སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རེ་བ་གང་ཡིན།
ལན། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན།
50.རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ནི་ཅི་འདྲའི་དམངས་གཙོ་ཡིན།
ལན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ཆེས་རྒྱ་ཆེ་ཞིང་ཆེས་དོན་དངོས་ཡིན་ལ། ཆེས་གོ་ཆོད་པའི་དམངས་གཙོ་ཡིན།
51.སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་རེ་བ་ཅི་ཞིག་ཡིན།
ལན། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་བསྐྱེད་པ་བཅས་བྱས་ཏེ། ལམ་ལུགས་མ་ལག་བཀོལ་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན།
52.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་གྱི“ལྡོག་མེད་གཉིས”གང་ཡིན།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་ནི། ཉེ་རབས་ཚུན་ལ་ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པའི་ལོ་རྒྱུས་གཏན་ཚིགས་དང་། གཞུང་ལུགས་གཏན་ཚིགས། ལག་ལེན་གཏན་ཚིགས་བཅས་ཀྱི་ལྡོག་མེད་གྲུབ་འབྲས་ཡིན་ལ། ཏང་གི་རྩ་བའི་ངོ་བོ་རྒྱུན་འཁྱོངས་དང་ཏང་གི་རྩ་བའི་དམིགས་བྱ་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་རེ་བ་ཡིན།
53.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་དང་འབྲེལ་བའི“མི་རུང་བ་གསུམ”གང་དག་ཡིན།
ལན། དམིགས་བསལ་གྱི་སྤྱི་ཚོགས་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་གོམས་སྲོལ་དང་ཁ་བྲལ་ནས་སྤྱི་མཚན་དུ་གྱུར་པའི་ཤན་འབྱེད་བྱ་མི་རུང་། ཚད་གཞི་གཅིག་ཁོ་ན་རྒྱུན་འཁྱོངས་བྱ་མི་རུང་། ཕྱི་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་མ་དཔེ་བཀོལ་ནས་ཞྭ་དཔེ་ལྷམ་འགེབས་བྱ་མི་རུང་།
    54.མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བར“ཕྱོགས་དྲུག”གི་བྱ་བ་གང་དག་བསྒྲུབ་དགོས།
ལན།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་ཕན་ནུས་ལྡན་པར་གཅིག་གྱུར་བྱེད་པ་དང་གཅིག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་པ་དང་གཉིས། སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་གསུམ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལག་ལེན་ཟབ་སྤེལ་བྱེད་པ་དང་བཞི། ལས་ཁུངས་དང་སྲིད་འཛིན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ལྔ། རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་དྲུག་བཅས་ཡིན།
55.ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གསུམ་བར་གྱི་འབྲེལ་བར་ཇི་ལྟར་རྒྱུས་ལོན་བྱེད་དགོས།
ལན། ཏང་གི་འགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་རྩ་བའི་ཁག་ཐེག་ཡིན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་རྩ་བའི་ཁྱད་ཆོས་ཡིན་ལ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁབ་སྐྱོང་བའི་རྩ་བའི་ཐབས་ལམ་ཡིན། འདི་གསུམ་ག་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ལག་ལེན་རླབས་ཆེན་ལས་གཅིག་གྱུར་བྱེད་དགོས།
56.མི་དམངས་དམངས་གཙོའི་ཡང་སྙིང་ཅི་ཞིག་ཡིན།
ལན། དོན་དག་ཡོད་ན་གྲོས་མོལ་བཟང་པོ་བྱེད་པ་དང་། མི་མང་གི་དོན་དག་ལ་མི་མང་གིས་གྲོས་མོལ་བྱེད་པ་དེ་ཡིན།
57.ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་ཐབས་ཤེས་གལ་ཆེན་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་དམིགས་བསལ་རྣམ་པ་དང་ཐུན་མིན་ཁྱད་སྟོབས་ནི་ཅི་ཞིག་ཡིན།
ལན། གྲོས་མོལ་དམངས་གཙོ་ཡིན།
58.རྒྱལ་ཁབ་ཕྱོགས་ཡོངས་ནས་ཁྲིམས་བཞིན་སྐྱོང་བར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་གང་ཡིན།
ལན། ཁྲིམས་སྐྱོང་ལག་ལེན་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ལྟར་ཁྲིམས་འཛུགས་པ་དང་། ཁྲིམས་བསྟར་ནན་མོ་བྱེད་པ། དྲང་གཞག་གིས་ཁྲིམས་འཛིན་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་བྱེད་དགོས། 
59.སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རིག་གནས་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ཁྲིམས་སྐྱོང་གི་འདུ་ཤེས་ཅི་འདྲ་འཛུགས་དགོས།
ལན། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་དགོས།
60.རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལག་ལེན་ཟབ་སྤེལ་བྱེད་ན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་དེ་ཅི་ཞིག་བསྒྲུབ་དགོས།
ལན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་སྣེ་ཁྲིད་དེ་ཁྲིམས་བཀུར་ཁྲིམས་སློབ་ཁྲིམས་བརྩི་ཁྲིམས་བཀོལ་བྱེད་དགོས་ལ། རྩ་འཛུགས་དང་མི་སྒེར་གང་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དམིགས་བསལ་དབང་ཆ་ལས་བརྒལ་མི་རུང་ཞིང་། ཁྲིམས་ཚབ་གཏམ་བྱེད་དང་དབང་བཀོལ་ཁྲིམས་གནོན། ཁེ་སྙེག་ཁྲིམས་འགལ། ཕྱོགས་འཛིན་ཁྲིམས་འགལ་བཅས་གཏན་ནས་བྱ་མི་རུང་།
61.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་ལ་མཚན་ཉིད་ཇི་ལྟར་བཞག་ཡོད།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་ནི། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་ལོ་རྒྱུས་ཀྱིས་སྦྲུམ་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་བྱུང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཁྲོད་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཁྲོད་དུ་ཞུན་བརྡར་བྱས་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་ཆེན་ཁྲོད་དུ་རྩ་བ་རྒྱས་པ་ཡིན།
62.ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་ཇི་ལྟར་འཕེལ་རྒྱས་སུ་གཏོང་དགོས།
ལན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཕེལ་རྒྱས་སུ་གཏོང་ན། མར་ཁེ་སི་རིང་ལུགས་མཛུབ་སྟོན་དུ་བཟུང་ནས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། དེང་རབས་ཀྲུང་གོའི་དོན་དངོས་ལ་རྐང་འཛུགས་པ། དེང་གི་དུས་རབས་ཆ་རྐྱེན་ལ་ཟུང་སྦྲེལ་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ། མི་རིགས་ཀྱི་ཡིན་ལ་ཚན་རིག་དང་མཐུན་ཞིང་སྤྱི་བྱིངས་ཅན་གྱི་སྤྱི་ཚོགས་རིང་ལུགས་རིག་གནས་གོང་འཕེལ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་སྒོས་གོང་འཕེལ་གཏོང་དགོས།
63.རིག་གནས་རང་རྟོན་བརྟན་པོར་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བར“ཕྱོགས་ལྔ”ཡི་བྱ་བ་གང་དག་བསྒྲུབ་དགོས།
ལན། འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པ། བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཡིན།
64.དེང་རབས་ཀྲུང་གོའི་སྙིང་སྟོབས་ཀྱི་གཅིག་བསྡུས་མཚོན་བྱེད་ཅི་ཞིག་ཡིན་པ་དང་། དེས་མི་དམངས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འཚོལ་སྙེག་གཅིག་བསྡུས་བྱས་ཡོད།
ལན། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ཡིན་ཏེ། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བརྩོན། ཡིད་རྟོན། མཛའ་མཐུན་བཅས་ཡིན།
65.བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པའི“ཡོད་པ་གསུམ”གང་དག་ཡིན།
ལན། མི་དམངས་ལ་དད་མོས་ཡོད་པ། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད་པ། མི་རིགས་ལ་རེ་བ་ཡོད་པ།
66.རིག་རྩལ་གསར་རྩོམ་དར་རྒྱས་སུ་གཏོང་བའི་རྩ་བའི་རེ་བ་ཅི་ཡིན།
ལན། བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་རྩེར་སོན་པ། བཟོ་རྩལ་སྤུས་ལེགས་པ་བཅས་ཀྱི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་བརྗོད་བྱའི་གསར་རྩོམ་ལ་ཤུགས་བསྣན་ནས། ཏང་དང་། མེས་རྒྱལ། མི་དམངས། དཔའ་བོ་བཅས་ལ་བསྟོད་གླུ་འབུལ་བའི་ཕུལ་བྱུང་བརྩམས་ཆོས་རྒྱུན་མ་ཆད་པར་བརྩམ་དགོས།
67.རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། རིག་གནས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ན། སྒྲིག་སྲོལ་རྐྱེན་སྲོལ་ཅི་འདྲ་འཛུགས་དགོས།
ལན། སྤྱི་ཚོགས་ཕན་འབྲས་གོ་གནས་དང་པོར་འཇོག་དགོས་པ་དང་། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡིན་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་དགོས།
68.ང་ཚོའི་ཏང་གི་དུས་ནམ་ཡང་འགྱུར་བ་མེད་པའི་འབད་འཐབ་ཀྱི་དམིགས་འབེན་ཅི་ཞིག་ཡིན།
ལན། མི་དམངས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་བསྐྲུན་རྒྱུ་དེ་ཡིན།
69.ང་ཚོས་སྤྱི་ཚོགས་འགན་སྲུང་མ་ལག་ཅི་འདྲ་ཞིག་འཛུགས་དགོས།
ལན། དམངས་ཡོངས་ལ་ཁེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་འདོམས་བྱེད་པ། འགན་དབང་གསལ་བ། འགན་སྲུང་འོས་འཚམ་ཡིན་པ། རྒྱུན་སྲིང་ཡིན་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་དགོས། དམངས་ཡོངས་འགན་སྲུང་ཁྲོད་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། མཁར་གྲོང་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་ཚབ་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་ཚབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྒན་གསོའི་འགན་ཚབ་རྒྱལ་ཡོངས་སུ་གཅིག་འདོམས་བྱེད་པ་མྱུར་དུ་མངོན་འགྱུར་བྱེད་དགོས། གཅིག་གྱུར་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ཚབ་ལམ་ལུགས་དང་ནད་རིགས་ལྕི་མོའི་འགན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ལས་ཤོར་དང་ལས་རྨས་འགན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་སྤྱི་ཚོགས་འགན་ཚབ་སྤྱི་ཐུན་ཞབས་ཞུའི་སྟེགས་བུ་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ལ་གཅིག་འདོམས་བྱས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྙིང་རྗེའི་ལས་དོན། གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། རྒན་པ་བཅས་ལ་གཅེས་སྐྱོང་དང་ཞབས་ཕྱི་སྒྲུབ་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། དབང་བོ་སྐྱོན་ཅན་གྱི་ལས་དོན་གོང་འཕེལ་དུ་བཏང་ནས། དབང་བོ་སྐྱོན་ཅན་གྱི་ཁམས་གསོ་ཞབས་ཞུ་ལ་ཤུགས་སྣོན་དགོས། ཁང་པ་ནི་སྡོད་ཁང་དུ་བཀོལ་བ་ལས་ཚོང་གི་ཁེ་སྤོགས་ལེན་པར་མི་བཀོལ་བ་རྒྱུན་འཁྱོངས་བྱས་ཏེ། གཙོ་ཤུགས་མང་པོས་མཁོ་འདོན་བྱེད་པ་དང་། ཐབས་ལམ་མང་པོ་ནས་འགན་སྲུང་བྱེད་པ། གླ་འཚོང་མཉམ་སྡེབ་ཀྱི་སྡོད་ཁང་ལམ་ལུགས་མྱུར་དུ་བཙུགས་ཏེ། མི་དམངས་ཡོངས་ལ་སྡོད་ཁང་ཡོད་པར་བྱེད་དགོས།
70.དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྒྱལ་བའི་ཐད་ཀྱི་ཏང་གི་དམ་བཅའ་བརྟན་པོ་ཅི་ཞིག་ཡིན། ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་གྱི་དབུལ་སྐྱོར་དམིགས་འབེན་ཅི་ཞིག་ཡིན།
ལན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་རྒྱུན་འཁྱོངས་བྱས་ནས། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་བྱེད་རྒྱུ་དེ་རེད། ཉིས་སྟོང་ཉི་ཤུ་ལོར། རང་རྒྱལ་གྱིས་ད་ལྟའི་ཚད་གཞིའི་འོག་ཏུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་རྫོང་ཚང་མར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དུ་འཇུག་པ། ཁུལ་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་སེལ་བ་བཅས་བྱས་ཏེ་དབུལ་བོ་ངོ་མར་དབུལ་སྐྱོར་བྱས་ཏེ་དབུལ་ཕོངས་ལས་ངོ་མས་ཐར་དུ་འཇུག་རྒྱུ་རེད།
71.བདེ་ཐང་ཀྲུང་གོའི་འཐབ་ཇུས་ཇི་ལྟར་ལག་བསྟར་བྱེད་དགོས།
ལན། རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་འཐུས་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་རྒྱུན་གྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་། སྨན་བཅོས་འགན་སྲུང་ལམ་ལུགས། སྤུས་ལེགས་འབྲས་བཟང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཅས་ཕྱོགས་ཡོངས་ནས་འཛུགས་པ་དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་ཀུན་མཁས་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྨན་ལ་བརྟེན་ནས་སྨན་པ་གསོ་མཚམས་ཡོངས་སུ་བཞག་ནས། སྨན་རྫས་མཁོ་འདོན་གྱི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྔོན་འགོག་གཙོར་འཛིན་པ་དང་། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། བདེ་ཐང་དཔལ་ཡོན་གྱི་འཚོ་བ་རོལ་སྟངས་དར་སྤེལ་བྱེད་པ་བཅས་བྱས་ཏེ། ནད་ཡམས་ལྕི་མོ་སྔོན་འགོག་དང་ཚོད་འཛིན་བྱེད་དགོས། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ཏེ། མི་དམངས་ལ་སེམས་བདེ་མོས་ཟ་མ་ཟ་རུ་འཇུག་དགོས། ཀྲུང་ནུབ་སྨན་བཅོས་མཉམ་འཛིན་གྱིས་ཀྲུང་ལུགས་སྨན་བཅོས་ལས་དོན་རྒྱུན་འཛིན་དང་གོང་འཕེལ་གཏོང་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། བུ་སྐྱེས་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་ཀྱི་ཆ་སྡེབས་འབྲེལ་མཐུད་ལ་ཡར་སྐུལ་བྱས་ཏེ། མི་གྲངས་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་ལ་ཤུགས་སྣོན་དགོས། མི་གྲངས་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏད་ལེགས་པོ་འཇལ་ནས། རྒན་གསོ་དང་རྒན་བརྩི། རྒན་བཀུར་གྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། སྨན་གསོ་ཟུང་སྦྲེལ་གྱིས་ལོ་ལོན་གྱི་ལས་དོན་དང་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས།
72.སྤྱི་ཚོགས་བཅོས་སྐྱོང་གི“མཉམ་གསུམ”དང“ཅན་བཞི”ནི་གང་དག་ཡིན།
ལན། མཉམ་འཛུགས་དང་། མཉམ་བཅོས། མཉམ་སྤྱོད་བཅས་ནི་མཉམ་གསུམ་དང་། སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ནི་ཅན་བཞི་ཡིན།
73.ཏང་གི་བྱ་བ་ཡོད་ཚད་ཀྱི་ཆེས་མཐོ་བའི་ཚད་གཞི་གང་ཡིན།
ལན།ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནི་ཆེས་མཐོ་བའི་ཚད་གཞི་ཡིན།
74.སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་བྱེད་ཕྱོགས་ཅི་ཞིག་ཡིན།
ལན། གྲོན་ཆུང་དམིགས་བསལ་དུ་འཛིན་པ་དང་། སྲུང་སྐྱོབ་དམིགས་བསལ་དུ་འཛིན་པ། རང་བྱུང་སླར་གསོ་གཙོ་བོར་འཛིན་པ་བཅས་ཡིན།
75.མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི“སྐོང་དགོས་པ་གཉིས”གང་ཡིན།
ལན། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྔར་ལས་མང་པོ་བསྐྲུན་ནས་མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོངས་མཁོ་སྐོང་དགོས་པ་མ་ཟད། སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱས་ཏེ་མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་ཡིད་འོང་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་དགོས་པ་དེ་ཡིན།
76.སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི“ཕྱོགས་བཞི”གང་དག་ཡིན།
ལན། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་གི་འབུར་ཐོན་གནད་དོན་ཧུར་ཐག་གིས་ཐག་གཅོད་པ། སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་ཤུགས་ཚད་ཇེ་ཆེར་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པ་བཅས་ཡིན།
77.ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་ཅི་འདྲ་བཙུགས་ཏེ་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ཤུགས་ཚད་ཇི་ལྟར་ཇེ་ཆེར་གཏོང་དགོས།
ལན། ང་ཚོས་ངེས་པར་དུ་དྭངས་མོའི་ཆུ་དང་སྔོ་ལྗང་གི་རི་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་འདུ་ཤེས་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རིའི་མ་ལག་ལེགས་སྒྱུར་བྱེད་པ། སྐྱེ་ཁམས་བར་ཁྱམས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་དྲ་རྒྱ་བཙུགས་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་མཐོར་འདེགས་བྱེད་དགོས།
78.རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཕྱོགས་ཡོངས་ནས་སྤེལ་བའི་དམིགས་འབེན་ཅི་ཡིན།
ལན། ཉིས་སྟོང་ཉི་ཤུ་ལོར་འཕྲུལ་ཆས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཐད་གོང་འཕེལ་ཆེན་པོ་འབྱུང་བ། འཐབ་ཇུས་ནུས་ཤུགས་མཐོར་འདེགས་ཆེན་པོ་འབྱུང་བ་བཅས་ལ་ཁག་ཐེག་བྱེད་དགོས། རྒྱལ་ཁབ་དེང་རབས་ཅན་གྱི་འཕེལ་རིམ་དང་གཅིག་གྱུར་སྒོས་དམག་དོན་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། མཚོན་ཆ་སྒྲིག་ཆས་དེང་རབས་ཅན་བཅས་ཕྱོགས་ཡོངས་ནས་སྤེལ་ཏེ། ཉིས་སྟོང་སོ་ལྔ་ལོར་རྒྱལ་སྲུང་དང་དམག་དོན་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་། དུས་རབས་འདིའི་དུས་དཀྱིལ་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས།
79.མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཅི་ཞིག་ཡིན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་པའི་གནད་འགག་གང་ཡིན།
ལན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཆབ་སྲིད་ཀྱི་རྨང་གཞི་དང་། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པར་བྱེད་པའི“གོ་གཉིས་ལོའི་ཐུན་མོང་ལྟ་བ”ནི་གནད་འགག་ཡིན།
80.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དུ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པའི“གང་རུང་དྲུག”གང་དག་ཡིན།
ལན། ང་ཚོས་མི་གང་རུང་དང་། རྩ་འཛུགས་གང་རུང་། སྲིད་ཏང་གང་རུང་གིས་དུས་གང་རུང་ལ་ཐབས་ཤེས་གང་རུང་སྤྱད་དེ་ཀྲུང་གོའི་མངའ་ཁོངས་གང་རུང་ཞིག་ཀྲུང་གོ་ལས་ཁ་བྲལ་དུ་གཏན་ནས་གཏོང་དུ་མི་འཇུག
81.ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པའི“ངོ་རྒོལ་གསུམ”དང“གཏན་ནས་མི་སྲིད་པ་གཉིས”གང་དག་ཡིན།
ལན། རང་གི་འདོད་བློ་བཙན་གྱིས་གཞན་ཐོག་ཏུ་འཇོག་པར་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ། བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པར་ངོ་རྒོལ་བྱེད་པ་བཅས་དང་། རྒྱལ་ཁབ་གཞན་པའི་ཁེ་ཕན་ཤོར་བ་རིན་ཐང་བྱས་ཏེ་རང་ཉིད་འཕེལ་རྒྱས་སུ་གཏན་ནས་གཏོང་མི་སྲིད་པ་དང་། རང་གི་ཚུལ་མཐུན་གྱི་ཁེ་དབང་ གཏན་ནས་འདོར་མི་སྲིད།
82.ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཐབ་རྩོད་རླབས་ཆེན་སྤེལ་བ་དང་། ལས་དོན་རླབས་ཆེན་སྒྲུབ་པ། ཕུགས་འདུན་རླབས་ཆེན་མངོན་འགྱུར་བྱེད་པའི“གཡོ་འགུལ་མེད་པ་གཉིས”གང་ཡིན།
ལན། ངེས་པར་དུ་གཡོ་འགུལ་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། གཡོ་འགུལ་མེད་པར་ཏང་སྔར་ལས་བརྟན་པོ་དང་སྔར་ལས་ནུས་ལྡན་དུ་འཛུགས་སྐྲུན་བྱེད་དགོས།
83.ཏང་ཡོངས་ཀྱིས་གསལ་པོར་ཤེས་དགོས་པའི“རྙོག་འཛིང་གཉིས”གང་ཡིན།
ལན། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་སྲིད་འཛིན་གྱི་ཁོར་ཡུག་རྙོག་འཛིང་ཡིན་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་ལ་བར་ཆད་བཟོ་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཡིན།
84.ཏང་ནང་དུ་གནས་པའི“མི་གཙང་བ་གསུམ”གང་དག་ཡིན།
ལན། བསམ་བློ་མི་གཙང་བ། རྩ་འཛུགས་མི་གཙང་བ། ཀུན་སྤྱོད་མི་གཙང་བ།
85.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ནན་གྱིས་བསྟན་པའི“ཚོད་བགམ་བཞི”དང“ཉེན་ཁ་བཞི”གང་དག་ཡིན།
ལན། སྲིད་འཛིན་གྱི་ཚོད་བགམ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་གྱི་ཚོད་བགམ། ཕྱི་ཕྱོགས་དཔལ་འབྱོར་གྱི་ཚོད་བགམ་བཅས་ནི་ཚོད་བགམ་བཞི་དང་། བསམ་བློའི་སྟེང་ལྷོད་གཡེང་བྱེད་པའི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་འབྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ནི་ཉེན་ཁ་བཞི་ཡིན།
86.དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཅི་ཞིག་ཡིན།
ལན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། ཏང་གིས་ཏང་ལ་དོ་དམ་དང་ཏང་ཕྱོགས་ཡོངས་ནས་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། ཏང་གི་དུས་ཡུན་རིང་པོའི་སྲིད་འཛིན་ནུས་པའི་འཛུགས་སྐྲུན་དང་། སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་གཙོ་ཐིག་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་གྱུར་བཀོད་འདོམས་བྱེད་པ། ཕུགས་བསམ་ཡིད་ཆེས་དམིགས་བྱ་བཅས་བརྟན་པོར་གཏོང་རྒྱུ་གཞི་རྩ་བྱེད་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་རྒྱུ་ཤུགས་འདོན་སར་བྱེད་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་གཏིང་ཟབ་ཏུ་སྤེལ་བ་དང་། ལམ་ལུགས་འཛུགས་སྐྲུན་དེའི་ཁྲོད་དུ་སྦྲེལ་ནས། རུལ་སུངས་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་འཛུགས་སྐྲུན་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས་ཏེ། ཏང་འདི་ཉིད་དུས་རྟག་ཏུ་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་དཀར་པོས་གོང་བཀུར་བྱེད་པ། རང་སྟེང་ནས་གསར་བརྗེ་བྱེད་ཕོད་པ། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འཛུགས་སྐྲུན་བྱེད་དགོས།
87.བློ་བརྟན་འགྱུར་མེད་སྒོས་ཏང་ཕྱོགས་ཡོངས་ནས་ནན་གྱིས་བསྐྱངས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པར“ཕྱོགས་བརྒྱད”ཀྱི་བྱ་བ་གང་དག་བསྒྲུབ་དགོས།
ལན། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱེད་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲོལ་བསྲང་ཁྲིམས་གཅུན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རུལ་སུངས་ངོ་རྒོལ་འཐབ་རྩོད་ཐད་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་ཡིན།
88.ཇི་ལྟར་ལོ་རྒྱུས་དུས་འཁོར་གྱི་ཚད་ལས་བརྒལ་ནས། ཏང་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་དགོས།
ལན། རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་བརྩོན་སེམས་དང་སྤོབས་པ་ཡོད་པ་དང་། རྩ་ལག་མཉམ་བཅོས་ཟབ་མོ་བྱས་ཏེ། ལས་བྱེད་པ་གཙང་བ་དང་སྲིད་གཞུང་གཙང་བ། ཆབ་སྲིད་གཙང་བ་བཅས་ལ་ཁག་ཐེག་བྱས་ན། ད་གཟོད་ལོ་རྒྱུས་དུས་འཁོར་གྱི་ཚད་ལས་བརྒལ་ཐུབ།
89.རུལ་སུངས་ངོ་རྒོལ་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པའི“རྒྱུན་འཁྱོངས་གསུམ”དང“མཐའ་གཅིག་ཏུ་གཅིག”གང་དག་ཡིན།
ལན། བཀག་ས་མེད་པ་དང་། ཡོངས་སུ་ཁེབས་པ། བཟོད་སྒོམ་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། བཀག་འགོག་གཙིགས་སུ་འཛིན་པ་དང་། མཐོ་གནོན་ལ་ཤུགས་སྣོན་པ། འཇིགས་སྣང་སྐྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ལྐོག་རྔན་སྤྲོད་ལེན་བྱེད་མཁན་གཉི་གར་རྩད་གཅོད་པ་རྒྱུན་འཁྱོངས་བྱེད་པ་བཅས་ནི་རྒྱུན་འཁྱོངས་གསུམ་དང་། ཏང་ནང་དུ་ཁེ་ཕན་ཚོགས་པ་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་ནི་མཐའ་གཅིག་ཏུ་གཅིག་ཡིན།
90.ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས་པའི་སྲིད་འཛིན་གྱི“ནུས་པ་བརྒྱད”གང་དག་ཡིན།
ལན། སློབ་སྦྱོང་གི་ནུས་པ་ཇེ་ཆེར་གཏོང་བ་དང་། ཆབ་སྲིད་འགོ་ཁྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། བཅོས་སྒྱུར་གསར་གཏོད་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཚན་རིག་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་ཇེ་ཆེར་གཏོང་བ། མང་ཚོགས་བྱ་བའི་ནུས་པ་ཇེ་ཆེར་གཏོང་བ། དངོས་འབེབས་དམ་འཛིན་གྱི་ནུས་པ་ཇེ་ཆེར་གཏོང་བ། ཉེན་ཁར་ཁ་ལོ་སྒྱུར་བའི་ནུས་པ་ཇེ་ཆེར་གཏོང་བ་བཅས་ཡིན།
91.ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་འཇོག་ན། ངེས་པར་དུ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པ་གསུམ་ཡོད། དེ་གང་དག་ཡིན།
ལན། རང་དོན་རིང་ལུགས་དང་ཁ་ཐོར་རིང་ལུགས། རང་དབང་རིང་ལུགས། རང་གནས་རིང་ལུགས། མི་བཟང་རིང་ལུགས་བཅས་ལ་མཐའ་གཅིག་ཏུ་བཀག་འགོག་དང་ངོ་རྒོལ་བྱེད་དགོས་པ་དང་། ཕྱོགས་རིས་རིང་ལུགས་དང་། ཕྱོགས་འཛིན་རིག་གནས། ཁེ་གཉེར་རིག་གནས་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། ཕྱོགས་གཉིས་མ་དང་ངོ་གཉིས་མར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་བཅས་ཡིན།
92.ཏང་ཡོངས་ཀྱི་བློ་མཐུན་གྱི་རྩ་བའི་ཆབ་སྲིད་ཀྱི་ཁག་ཁུར་ཅི་ཞིག་ཡིན།
ལན། ཏང་ལ་བློ་དཀར་བ། ཏང་ལ་སེམས་ཁྲལ་བྱེད་པ། ཏང་ལ་འགན་ནུས་སྒྲུབ་པ། དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཡིན།
93.གུང་ཁྲན་ཏང་མིའི་བསམ་བློའི་རྒྱབ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་གང་ཡིན།
ལན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ཡིན།
94.སྙན་ཞུའི་ནང་དུ་ཅི་འདྲའི་ལས་བྱེད་པ་ཡར་འཐེན་བཟང་བཀོལ་བྱེད་དགོས་པ་བསྟན་ཡོད། དུས་སྐབས་གསར་པའི་ལས་བྱེད་བཟང་པོའི“ཚད་གཞི་ལྔ”ནི་གང་དག་ཡིན།
ལན། “འདུ་ཤེས་བཞི”དང“རང་རྟོན་བཞི”བརྟན་པོར་བཅངས་པ། ཏང་ཀྲུང་དབྱང་གི་དབང་ཟིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་མཐའ་འཁྱོལ་བྱེད་པ། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་ལས་བྱེད་པ་ཡར་འཐེན་བཟང་བཀོལ་བྱེད་དགོས། དུས་སྐབས་གསར་པའི་ལས་བྱེད་བཟང་པོའི“ཚད་གཞི་ལྔ”ནི་ཡིད་ཆེས་བརྟན་པ། དམངས་ལ་ཞབས་འདེགས་ཞུ་བ། སྲིད་བརྩོན་དངོས་གཉེར་བྱེད་པ། ཁག་ཁུར་བྱེད་ཕོད་པ། སྤྱོད་པ་གཙང་བ་བཅས་ཡིན།
95.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ནན་གྱིས་བསྟན་པའི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲོལ་བསྲང་ཁྲིམས་གཅུན་བྱེད་པའི“ཡིན་ཕྱིན་གཉིས”གང་ཡིན།
ལན། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ཡིན་ཕྱིན་ཚང་མར་གཟབ་ནན་གྱི་ལྟ་སྟངས་འཛིན་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་ལ་གནོན་པའི་བྱ་སྤྱོད་ཡིན་ཕྱིན་ཚང་མ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས།
96.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་རེ་བ་བཏོན་པའི་བརྗོད་གཞིའི་སློབ་གསོ་སྣ་གཉིས་སྤེལ་དགོས་པ་གང་ཡིན།
ལན།“དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་དམག་དར་གྱི་འགན་འཁྲི་ཁག་ཁུར་བྱེད་པའི”བརྗོད་གཞིའི་སློབ་གསོ་དང་། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་དམ་པོར་བཅངས་པའི”བརྗོད་གཞིའི་སློབ་གསོ་གཉིས་ཡིན།
97.ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་འཐབ་ཕྱོགས་གཅིག་གྱུར་བྱ་བར་རྒྱས་བཤད་གལ་ཆེན་ཅི་འདྲ་བྱས་ཡོད།
ལན། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་སྲ་བརྟན་དང་གོང་འཕེལ་གཏོང་དགོས་ཏེ། གཅིག་གྱུར་འཐབ་ཕྱོགས་ནི་ཏང་གི་ལས་དོན་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་ཡིན་པས་ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་གཞི་ཁོང་དུ་ཆུད་པར་བྱེད་པ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་མཉམ་དུ་འདོན་ས་འཚོལ་བ་དང་སེམས་འདུན་མཉམ་དུ་མཐུན་སར་བསྙེག་དགོས། ཡུན་རིང་མཉམ་གནས་དང་ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏོད། སྐྱིད་སྡུག་མཉམ་མྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། དམངས་གཙོའི་ཏང་ཁག་དག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་རེ་བ་ལྟར་འགན་ནུས་ལག་བསྟར་སྔར་ལས་བཟང་པོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ཟབ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ལྟ་བ་བརྟན་པོར་ཆགས་པར་བྱེད་པ། མི་རིགས་བར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་པ། མི་རིགས་སོ་སོ་མཛུབ་མོ་ལྔ་པོ་བཞིན་དུ་དམ་པོར་འབྲེལ་བར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པ་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བར་ཤུགས་སྣོན་པ་དང་། སྤྱི་ཚོགས་རིམ་པ་གསར་པའི་མི་སྣའི་བྱ་བ་བཟང་པོར་སྒྲུབ་ནས། ཁོ་ཚོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དུ་འཇུག་དགོས། སྤྱི་ཚོགས་མཛའ་གཙང་གི་རྣམ་པ་གསར་པའི་སྲིད་ཚོང་འབྲེལ་བ་བཙུགས་ཏེ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་གོང་འཕེལ་འགྲོ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཡར་སྐུལ་བྱེད་དགོས། ཕྱི་སྡོད་རང་མི་དང་ཕྱིར་ལོག་རང་མི་ལ་ཡོངས་ཁྱབ་ཏུ་མཐུན་སྒྲིལ་འབྲེལ་འདྲིས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ཐད་ལ་མཉམ་དུ་ནུས་ཤུགས་འདོན་དགོས།
98.ཀྲུང་གོ་གུང་ཁྲན་ཏང་མིའི་ཏང་ཞུགས་མནའ་ཚིག་ཅི་ཞིག་ཡིན།
ལན། ཏང་ཞུགས་མནའ་ཚིག་ནི། ང་རང་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པའི་རེ་འདུན་ཞུ། ཏང་གི་རྩ་འཛིན་ལ་བརྩི་བཀུར་བྱེད། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད། ཏང་ཡོན་གྱི་འོས་འགན་ལག་བསྟར་བྱེད། ཏང་གི་ཆོད་དོན་ལག་བསྟར་བྱེད། ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱེད། ཏང་གི་གསང་བ་དམ་སྲུང་བྱེད།  ཏང་ལ་བློ་དཀར། བྱ་བར་འབད་བརྩོན་བྱེད། གུང་ཁྲན་རིང་ལུགས་ཀྱི་ཆེད་དུ་མི་ཚེ་གང་བོར་འབད་འཐབ་བྱེད། དུས་ནམ་ཡང་ཏང་དང་མི་དམངས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་བའི་གྲ་སྒྲིག་བྱེད། ཏང་དང་རྒྱབ་འགལ་གཏན་ནས་མི་བྱེད།
99.ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་བདམས་ཐོན་བྱུང་བའི་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་གང་དག་ཡིན།
ལན། ཞི་ཅིན་ཕིང་དང་། ལི་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲེང་བཅས་ཡིན།
100.སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་གང་དག་ཡིན།
ལན། སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ནི་ཀྲའོ་ལི་ཅི་ཡིན། ཧྲུའུ་ཅི་གཞོན་པ་ནི་དབྱང་ཞའོ་ཏུའུ་དང་། ཀྲང་ཧྲིན་མེན། ལིའུ་ཅིན་གོ། དབྱང་ཞའོ་ཁྲའོ། ལིས་ཧྲུའུ་ལེ། ཞུའུ་ལིན་དབྱི། ཞའོ་ཕེ། ཁྲིན་ཞའོ་ཅང་བཅས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།