མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་སྡུར་བྱས།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2017-10-22 14:59:00 ཀློག་གྲངས།:

     ཟླ10པའི་ཚེས18ཉིན།ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ།ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་མུ་མཐུད་དུ་གྲོས་སྡུར་བྱས།བློ་མཐུན་ལིས་ཡོན་ཁྲའོ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་སྡུར་ལ་ཞུགས་ནས་གཏམ་བཤད་གནང་བ་དང་།ལིའུ་ཉིང་དང་ཝང་ཞའོ་སོགས་མཚོ་སྔོན་གྱི་འཐུས་མི་རྣམས་ཀྱིས་གཏམ་བཤད།

བློ་མཐུན་ལིས་ཡོན་ཁྲའོ་ཡིས་བཤད་རྒྱུར།བློ་མཐུན་ཞི་ཅིན་ཕེན་གྱིས་ཕུལ་བའི་སྙན་ཞུའི་ནང་དར་ཆ་མཐོན་པོར་སྒྲེང་ནས་སྔར་འཛིན་ཕྱི་གཏོད་བྱས་ཏེ།མི་རྣམས་ལ་དད་མོས་ཀྱི་འབོད་སྐུལ་དང་ཁ་ཕྱོགས་ཀྱི་སྣེ་སྟོན།ཡར་བརྩོན་གྱི་སྟོབས་ཤུགས།རྒྱལ་ཁ་ཡི་ཡིད་ཆེས་བཅས་བསྩལ་བས།དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དུས་རབས་གསར་པར་སླེབས་པ་དང་ལོ་རྒྱུས་གསར་བ་འབྲི་བར་སྣེ་སྟོན་བྱེད་པའི་སྤྱིའི་རྩ་འཛིན་དང་སྤྱིའི་བཀོད་སྒྲིག   སྤྱིའི་སྐུལ་སློང་བཅས་ཡིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྤོབས་ཆེན་པོ་དང་འགན་འཁྲི་གཙང་ལེན་གྱི་འདུ་ཤེས་དྲག་པོའི་སྒོ་ནས།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་ནསརང་བཞིན་གྱི་འགྱུར་བ་བྱུང་ཡོད་ཅིང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་ཉིད་དུས་རབས་གསར་བའི་ནང་དུ་ཞུགས་སུ་བཅུག་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ།འཐབ་ཇུས་གསར་བ་བཅས་ཀྱིས།དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་བཏོད་པར་མ་ཟད།མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་དུས་བབས་གསར་བ་ཞིག་ཏུ་སྐྱོད་དུ་བཅུག་པ་རེད།སྙན་ཞུའི་ནང་བཏོན་པའི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་རྒྱས་བཤད་ནི་ཆབ་སྲིད་ཐད་ཀྱི་ཐག་གཅོད་གཙོ་བོ་དང་གཞུང་ལུགས་ཐད་ཀྱི་གསར་གཏོད་ཆེན་པོ་ཡིན་པས་།རྗེས་ཀྱི་ལོ་ངོ་སུམ་ཅུའི་རིང་ལ་གོམ་སྟབས་གཉིས་ཀྱི་ལམ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་འབད་འཐབ་དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པར་མ་ཟད།འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ལ་བརྟེན་ནས་དེང་རབས་ཅན་དུ་སྐྱོད་འདོད་པའི་མི་རིགས་དང་མི་ཚང་མར་ཡིད་སྨོན་འཆོར་སའི་ལངས་ཕྱོགས་གསར་བ་བསྟན་ཡོད་ཟེར།

     འཐུས་མི་ལིའུ་ཉིང་གིས་བཤད་རྒྱུར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་ནས།མར་ཁེ་སི་རིང་ལུགས་བདེན་དོན་གྱི་གཟི་འོད་ཕྱོགས་བཅུར་འཕྲོས་སུ་བཅུག་པ་ལ།ཆེས་མཐོ་བའི་མི་དམངས་རང་བཞིན་དང་བསམ་བློའི་རང་བཞིན།གསར་གཏོད་རང་བཞིན།འཐབ་ཇུས་རང་བཞིན་བཅས་ལྡན་པར་མ་ཟད།ཀྲུང་གོ་མི་དམངས་དང་མིའི་རིགས་ཡར་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་བྱས།སྙན་ཞུས་སྤྱི་ཚོགས་འགལ་བ་གཙོ་བའི་སྐོར་གྱི་ཆོད་གཏམ་གསར་བ་ནི་གལ་ཆེའི་གཞུང་ལུགས་གསར་གཏོད་ཡིན་པ་བསྟན་པ་དང་།མཚོ་སྔོན་གྱིས་དབུལ་ཕོངས་གཙང་སེལ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ལག་ལེན་དུ་བསྟར་བ་ནི།ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་སྤྱི་ཚོགས་འགལ་བ་གཙོ་བོར་དམིགས་ཏེ་སྤེལ་བའི་བྱེད་ཐབས་ཡང་དག་གི་ཚུར་སྣང་ཡིན།མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་བཏང་ནས།ཐོག་མཐའ་བར་གསུམ་དུ་ཏང་གི་འོས་འགན་དང་ལེན་བྱ་རྒྱུ་ནི་ལས་དོན་ཡོངས་ཀྱི་གཙོ་བོར་བཟུང་སྟེ།བར་མ་ཆད་པའི་ངང་སྲིད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཤིང་།སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གོམ་སྟབས་དང་བསྟུན་དེ་ཏང་གི་མགོ་ཁྲིད་ཀྱི་རྗེས་སུ་འབྲངས་པར་ཡིད་ཆེས་ཇེ་བརྟན་དུ་བཏང་ནས།ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་མ་ལུས་པ་དངོས་འབེབས་དང་དོན་འཁྱོལ་བྱེད་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།