མང་རྫོང་གི་རྫོང་མཁར་གྱི་དོ་དམ་བྱ་བར་རྣམ་པ་གསར་བ་མངོན་པ།
རྩོམ་པ་པོ།:ཚེ་རིང་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-03-22 08:33:00
ཀློག་གྲངས།:
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་མིའི་འཚོ་གནས་ཁོར་ཡུག་དོ་དམ་ཇེ་ལེགས་སུ་གཏོང་ཆེད་དང་མི་བགྲོད་འཕྲེད་ལམ་གྱི་འགྲིམ་འགྲུལ་སྒྲིག་གཞི་ཁག་ཐག་བྱ་ཆེད། རང་རྫོང་གིས་གཞུང་ལམ་གྱི་སྒྲིག་བཀོད་སྒྲིག་ཆས་འཐུས་ཚང་དུ་བཏང་བ་སྟེ། ཟླ3པའི་ཚེས10ཉིན་ནས་བཟུང་། མཁར་གྲོང་དོ་དམ་ཅུས་ནས་རྫོང་མཁར་གྱི་སྲང་ལམ་ནས་གང་བྱུང་དུ་ཚོང་རྫས་བཤམས་པ་དང་གང་འདོད་དུ་བརྡ་ཁྱབ་སྤེལ་བའི་རྣམ་པར་ཕྱོགས་བསྡུས་བཅོས་སྐྱོང་སྤེལ།
སྒྲོག་བྱང་སྦྱོར་འགེལ་གྱི་བྱེད་ཐབས་བརྒྱུད། ཐང་ཚོང་བཤམས་མཁན་གྱིས་དུས་ཐུང་ཐང་བཤམས་བདག་འཛིན་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། དུས་མཚུངས་སུ།སྲང་ལམ་གཅོ་བོའི་ཚོང་ཁང་གི་སྒོ་ཕྱིའི་བདག་གཉེར་དང་དངོས་རྫས་གང་སར་འཇོག་པའི་གནས་ཚུལ་ལ་ཁྱིམ་རེ་རེ་བཞིན་གཙང་བཤེར་བྱས། ཚོང་བ་ཁ་ཤས་ཀྱིས་ཁྲིམས་སྐྱོང་མི་སྣའི་ཐེངས་མང་བའི་བསླབ་བྱ་ལ་མ་ཉན་པས། ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་དང་ལེན་བྱས་ཏེ་སྒྲིག་འགལ་དངོས་ཟོག་བཀག་ཉར་བྱས་ཤིང་བདེན་དཔང་འཛིན་ཡིག་མེད་པའི་སྒྲིག་འགལ་དངོས་ཟོག་ཡོད་ཚད་གཙང་སེལ་བྱས། མིག་སྔར།ཁྲོམ་ར་དང་ཐང་ཆེན་ཉེ་འཁོར་གྱི་བཀོད་སྒྲིག་གཅིག་གྱུར་དང་གཙང་དག སྲང་ལམ་གཙོ་བོའི་གཞོགས་གཉིས་ཀྱི་སྒོ་ཕྱིའི་བདག་གཉེར་གྱི་གནས་ཚུལ་ཡང་མངོན་གསལ་ཇེ་ལེགས་སུ་ཕྱིན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།