ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > རང་ཞིང་གིས་མང་ཚོགས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱ་རྒྱུ་རེད།
རང་ཞིང་གིས་མང་ཚོགས་དབུལ་ཕོངས་ལས་ཐར་བར་ཁག་ཐེག་བྱ་རྒྱུ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2017-02-20 09:18:00
ཀློག་གྲངས།:
2017ལོར་མཚོ་སྔོན་ཞིང་ཆེན་གྱིས་གནད་ཁེལ་དབུལ་ཐར་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། གནད་ཁེལ་དབུལ་ཐར་ལམ་ལུགས་ཀྱི་འགན་སྲུང་དང་ཐོན་ལས་དབུལ་སྐྱོར་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་། ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་ནང་།གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་ཀྱི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་མ་ལག་འཐུས་དང་བྱ་བའི་བྱེད་ཐབས་ཤུགས་ཆེར་བཏང་སྟེ། ལམ་ལུགས་འགན་སྲུང་འཛུགས་པ་དང་རོགས་སྐྱོར་རྣམ་པ་གསར་སྐྲུན་བྱས་ནས་དབུལ་ཕོངས་རྫོང11དབུལ་ཐར་འབྱུང་བ་དང་དབུལ་ཕོངས་སྡེ་བ500དབུལ་ཐར་འབྱུང་བ། དབུལ་ཕོངས་མི་གྲངས་ཁྲི14དབུལ་ཐར་འབྱུང་བའི་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཡོད།
དབུལ་ཐར་མཁྲེགས་གཏོར་ནི་ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་སྒྲིག་གཞི་རང་བཞིན་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་ལས་འགན་གཙོ་བོ་གྲས་ཤིག་ཡིན་ལ། ད་ལོར་མཚོ་སྔོན་གྱིས་དབུལ་སྐྱོར་དང་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འབྲེལ་མཐུད་བྱེད་པའི་བྱ་བ་མངོན་འགྱུར་བྱ་རྒྱུ་རེད། བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཕོངས་མི་གྲངས་ཀྱི་བསམ་བློ་དང་འགུལ་སྐྱོད་གཉིས་གཅིག་གྱུར་ཡོང་བར་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་བསྒྱུར་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱེད་པ་དང་། བརྟན་བརླིང་ངང་དབུལ་ཐར་བྱེད་པའི་ཡུན་ཕན་ལམ་ལུགས་སོགས་ཀྱི་སྲིད་ཇུས་གསར་འཛུགས་དང་འཐུས་ཚང་དུ་བཏང་ཞིང་། དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ།དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱུང་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་གཏན་འཁེལ་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།