2017ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་བཏོན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2017-02-08 09:19:00 ཀློག་གྲངས།:
     སྤྱི་ཟླ2པའི་ཚེས5ཉིན།  དུས་རབས་གསར་པ་ཤར་ཚུན་གྱི“ཞིང་གསུམ”ལས་དོན་ལ་མཛུབ་སྟོན་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྤེལ་ཐེངས་བཅུ་བཞི་བ་དེ་ཤིན་ཧྭ་གསར་འགྱུར་ཁང་ལ་དབང་བསྐུར་ནས་ཡོངས་བསྒྲགས་བྱས། 
     ཡིག་ཆའི་མཚན་བྱང་ལ《  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་སྒུལ་ནུས་གསར་པ་སྐྱེད་བསྲིང་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》  ཞེས་འཁོད་ཡོད། དེར་ཁྱོན་རྒྱ་ཡིག་གི་ཡིག་འབྲུ13000ཙམ་དང་། ས་བཅད6 དོན་ཚན33ཡོད་པའི་ནང་། “ཐོན་ཟོག་དང་ཐོན་ལས་ཀྱི་གྲུབ་ཆ་བཟང་སྒྲིག་བྱས་ནས་ཞིང་ལས་ཀྱི་སྤུས་ཕན་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་རྒྱུ་དང་། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ལ་སྐུལ་མ་བཏང་ནས་ཞིང་ལས་རྒྱུན་བསྲིང་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྟོབས་ཆེར་བཏང་ནས་ཞིང་ལས་དང་ཐོན་ལས་ཀྱི་འཁོར་འབྲེལ་དང་རིན་ཐང་གི་འཁོར་འབྲེལ་ཡངས་སུ་གཏོང་རྒྱུ། ཚན་རྩལ་ལ་བརྟེན་ནས་གསར་གཏོད་ལ་སྐུལ་མ་གཏོང་ཤུགས་ཆེ་རུ་བཏང་ནས་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་མགྱོགས་པོ་ཡོང་བར་ཁྲིད་སྟོན་བྱེད་རྒྱུ། ཞིང་ལས་དང་གྲོང་གསེབ་ཀྱི་ཞན་ཆ་གསབ་ནས་གྲོང་གསེབ་ཏུ་འཕེལ་རྒྱས་མཉམ་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ། གྲོང་གསེབ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་བཅས་རེད།
     ཡིག་ཆའི་ནང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་རྨང་གཞིའི་ཐོག་ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་ཞིང་པའི་ཡོང་འབབ་མང་དུ་གཏོང་བ་དང་མཁོ་སྤྲོད་ནུས་ལྡན་འགན་ལེན་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བྱེད་པ་དང་། ཞིང་ལས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བྱེད་པ། སྒྲིག་གཞི་སྒྱུར་བཅོས་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་རྩ་བའི་ཐབས་ལམ་དུ་བྱས་ནས་ཞིང་ལས་དང་ཐོན་ལས་དང་། ཐོན་སྐྱེད། ཚོང་གཉེར་བཅས་ཀྱི་མ་ལག་བཟང་སྒྲིག་བྱེད་པ་དང་། ས་ཞིང་ལས་ཕན་པ་ཐོན་ནུས་དང་། ཐོན་ཁུངས་བེད་སྤྱོད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ནུས་བཅས་མཐོ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ཁུངས་ཟད་གྲོན་ཤུགས་ཆེན་ལ་བརྟེན་པ་དང་གྲངས་འབོར་གྱི་དགོས་མཁོ་སྐོང་རྒྱུ་གཙོ་བོར་བྱེད་པ་ནས་ལྗང་མདོག་སྣོད་བཅུད་རྒྱུན་བསྲིང་ཡོང་བ་དང་སྤུས་ཚད་ཀྱི་དགོས་མཁོ་སྔར་བས་སྐོང་རྒྱུར་ཕྱོགས་པའི་བར་འགྱུར་ལྡོག་གཏོང་དགོས་ལུགས་འཁོད་ཡོད།
     ཡིག་ཆའི་ནང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་ནི་བརྒྱུད་རིམ་རིང་པོ་ཞིག་རེད། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་དང་ཕྱོགས་ཁག་གི་ཁེ་ཕན་མཐུན་སྦྱོར་ཡོང་བ་བྱེད་པར་ཚོད་བགམ་ཆེན་པོ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དང་འགྲན་སློང་ལ་ཐད་ཀར་གདོང་ལེན་བྱེད་པར་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། སྒྱུར་བཅོས་ལས་བྱུང་བའི་དཀའ་ངལ་གདོང་ལེན་བྱེད་ཕོད་པ། སྒྱུར་བཅོས་ཀྱི་མ་གནས་ཉུང་དུ་གཏོང་གང་ཐུབ་བྱེད་པ། སྒྱུར་བཅོས་ལས་བྱུང་བའི་ཉེན་ཁར་དོགས་ཟོན་ཆེར་བསྐྱེད་བཅས་ཀྱི་སྒོ་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་མི་ཆག་པར་བྱེད་པ་དང་། ཞིང་པའི་འབབ་འཕར་གྱི་འཕེལ་ཕྱོགས་མི་ཟློག་པ། གྲོང་གསེབ་བརྟན་ལྷིང་ཡོང་བར་གནད་དོན་མི་ཐོན་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།