ཝང་གོ་ཧྲེང་རང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2017-01-19 09:05:00 ཀློག་གྲངས།:


ཝང་གོ་ཧྲེང་རང་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

      སྤྱི་ཟླ1པོའི་ཚེས17ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་སྔ་གཞུག་ཏུ་མཚོ་ཤར་དང་བཅིངས་འགྲོལ་དམག མཚོ་ལྷོ། མཚོ་བྱང་བཅས་ཀྱི་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།


མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་གིས་གསུང་བཤད་གནང་བཞིན་པ།

     མཚོ་ལྷོ་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་།  ཝང་གོ་ཧྲེང་གིས་འཐུས་མི་ཚོར་བཤད་རྒྱུར།  ང་ཚོས་མཉམ་དུ་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་པའི་གོ་རིམ་ནི་བསམ་འཆར་གཅིག་བསྡུས་བྱེད་པའི་གོ་རིམ་ཞིག་ཡིན་པས།  ཚང་མའི་དྲང་བདེན་དང་ཞིབ་ཕྲའི་སྒོ་ནས་བཤད་རྒྱུ་དང་།བསམ་འཆར་མང་བོ་འདོན་རྒྱུ་ནི་ཁོང་གི་རེ་བ་ཡིན་ཞེས་བསྟན། ཀྲང་ཝུན་ཁེ།བསོད་ནམས་དོན་གྲུབ།  ཀྲང་ཧྥིན།  བ་རྡོ།  ཏུའུ་ཅེ།  རྡོ་རྗེ་འབུམ་སོགས་འཐུས་མིས་མཚོ་སྔོན་པོ་གནམ་གྲུ་ཐང་འཛུགས་སྐྲུན་དང་།  ཞིང་ཕྱུགས་ལས་ཁེ་ལས་ཅན་གསོ་སྤེལ།  མཚོ་སྐོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐུལ་འདེད་གཏོང་བ་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་།  འཐུས་མི་ཚོས་མཚོ་སྔོན་པོ་ཡུལ་སྐོར་ལྗོངས་ཁུལ་སྲུང་སྐྱོབ་སྐོར་གླེང་སྐབས།  ཝང་གོ་ཧྲེང་གིས་བཤད་རྒྱུར།  མཚོ་སྔོན་པོ་ནི་མཚོ་སྔོན་གྱི་མིག་ལྟ་བུ་ཡིན་ལ།  ང་ཚོས་ངེས་པར་དུ་རི་ཆུ་བཟང་བོ་འདི་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ།  སྒྲིག་སྲོལ་ལམ་ལུགས་གསར་སྤེལ་གྱི་སྟེང་ཤུགས་སྣོན་པ་དང་།གང་ལེགས་སྒོས་ཕྱོགས་སོ་སོ་དང་མང་ཚོགས་ཀྱི་ཧུར་སེམས་ལ་སྐུལ་སློང་དང་།  མགྱོགས་མྱུར་གྱིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ།ནུས་ཤུགས་ཡོད་རྒུས་མིང་གྲགས་ཆེ་བའི་མཚོ་སྔོན་པོའི་མིང་བྱང་དར་སྤེལ་གཏོང་དགོས།


མཚོ་ལྷོ་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཀྱི་ཡུལ་དངོས།

     མཚོ་ལྷོ་ཁུལ་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་སྟེང་དུ།  ཝང་གོ་ཧྲེང་གིས་མཚོ་ལྷོ་ཁུལ་གྱིས་ལོ་གཅིག་རིང་གི་ལས་རིམ་ཁག་སོ་སོར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན།  ཁྱོན་ཡོངས་ནས་འགྱུར་ལྡོག་བཞིའི་འཕེལ་རྒྱས་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་།  སྐྱེ་ཁམས་ཀྱི་རིན་ཐང་ཆེ་ཤོས་སྔོག་འདོན་གཏིང་ཟབ་བྱེད་པ།  སྐྱེ་ཁམས་ཀྱི་སྦས་ཤུགས་ཆེན་པོའི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་པ་བཅས་ལ་འབད་དེ།  ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་གྱི་དགེ་མཚན་དུ་བསྒྱུར་དགོས།  སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་།  མི་རིགས་རིག་གནས་ཐོན་ལས་དང་།  ཁྱད་ལྡན་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་ཐོན་ལས་བཅས་འཕེལ་རྒྱས་སུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ར་བ་ལེགས་པོར་གཉེར་ནས། མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་པོའི་ཕྱོགས་སུ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།