ད་ལོའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གསར་འགྱུར་ཚ་ཤོས་ཁག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། དུས་ཚོད།:2017-01-18 14:33:00 ཀློག་གྲངས།:

     སྤྱི་ཟླ1པའི་ཚེས16ཉིན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས།
     ཟླ1ཚེས15ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གཞུང་གི་ལས་ཚབ་འགོ་གཙོ་ཝང་ཅིན་ཅུན་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པ་ཚོགས་པའི་མཛད་སྒོའི་ཐོག་སྲིད་གཞུང་གི་ལས་ཀའི་སྙན་སྒྲོན་ཕུལ་བའི་ནང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་རང་ཞིང་གིས་གསེར་ཆེན་དང་། རེབ་གོང་། ཁྲི་ཀ་སོགས་རྫོང་ལྔ་གྲོང་ཁྱེར་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་སྐོར་བཤད་བྱུང་བ་དེ་ཚེས16ཉིན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཧའེ་ཁུན་གྱིས་ཡང་བསྐྱར་དེ་སྐོར་ངོ་སྤྲོད་གནང་བྱུང་།


ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཧའེ་ཁུན།

     ཁོང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་ཞིང་གིས་རྒྱལ་སྲིད་སྤྱི་ཁབ་ཁང་གི་གྲོང་རྡལ་གསར་བ་ཅན་དུ་བསྒྱུར་བར་སྐུལ་སྤེལ་བྱེད་པའི་སྐོར་གྱི་བསམ་འཆར་འགའ་ཞེས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ཞིང་གི་ཤར་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཟུང་དུ་སྦྲེལ་བར་སྐུལ་སྤེལ་བྱས་ནས་ཐོན་ལས་དང་། སྣོད་བཅུད། དམངས་ཚིས། འགྲིམ་འགྲུལ། ཆ་འཕྲིན། ཟོག་འདྲེན། ཡུལ་སྐོར་བཅས་ཆེན་པོ་དྲུག་མཉམ་སྤེལ་ཀྱི་རྣམ་པ་གསར་བ་འཛུགས་པ་དང་། ཤར་གྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ལ་བརྟེན་ནས་ཞིང་ཆེན་ཧྲིལ་བོ་གྲོང་རྡལ་གསར་བ་ཅན་དུ་བསྒྱུར་བ་དང་གཅིག་གྱུར་འཕེལ་རྒྱས་ཀྱི་དཔེ་ལེགས་བཏོད་པར་སྐུལ་འཁྲིད་བྱ་རྒྱུ། རྒྱལ་ཁབ་ཀྱི་གྲོང་རྡལ་གསར་བ་ཅན་དུ་བསྒྱུར་བའི་ཕྱོགས་བསྡུས་ཚོད་ལྟ་ལ་སྐུལ་སྤེལ་བྱས་ཏེ། གསེར་ཆེན་རྫོང་དང་ཁྲི་ཀ་རྫོང་། མདའ་བཞི་རྫོང་། རྨ་ཆེན་རྫོང་བཅས་རྫོང་ལྔ་གྲོང་ཁྱེར་དུ་བསྒྱུར་བའི་སྔོན་འགྲོའི་ལས་ཀ་མགྱོགས་པོར་བསྒྲུབ་རྒྱུ་དང་། མི་རིགས་རང་སྐྱོང་རྫོང་སྟོང་སྐོར་དང་གཞོང་ཐང་། ཧོར་གྲོང་བཅས་ཀྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་དག་གྲོང་ཁྱེར་གྱི་ལམ་ལུགས་སུ་བསྒྱུར་རྒྱུ་སྐོར་ཚོགས་ཐོག་ཏུ་བསྒྲགས་བྱུང་།


མཚོ་ཤར་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་ཆེད་ལས་དང་ཀྲུའུ་རེན་གཞོན་པ་ཝང་ཀྲེན་ཨན།

     མཚོ་ཤར་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་ཆེད་ལས་དང་ཀྲུའུ་རེན་གཞོན་པ་ཝང་ཀྲེན་ཨན་གྱིས་མཚོ་སྔོན་ཀྲུང་ཀུན་ཚུན་ལག་རྩལ་གསར་གྲས་ཐོན་ལས་རྟེན་གཞི་དེ་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་འཐབ་ཇུས་ནང་བཅུག་པའི་གྲུབ་འབྲས་རབ་དང་རིམ་པ་ངོ་སྤྲོད་གནང་།འབྱུང་འགྱུར་ཀྲུང་ཀུན་ཚུན་རྟེན་གཞིས་རང་བདག་གསར་གཏོད་རྒྱུན་ཆད་པར་ནུས་པ་བཏོན་ནས་ཚན་རྩལ་ཁེ་ལས་གཞི་ཁྱོན་སྔར་བས་རྒྱ་བསྐྱེད་གཏོང་རྒྱུ་དང་།  2020ལོར་སླེབས་དུས་ལག་རྩལ་མཐོ་ཤོས་ཀྱི་ཐོན་ལས་ཀྱིས་བཟོ་ལས་ཀྱི་བརྒྱ་ཆའི་བརྒྱད་ཟིན་ཐུབ་པ་དང་། ཞིབ་འཇུག་དང་ཚོད་ཞིབ་ཀྱི་འགྲོ་གྲོན་དང་ཤུགས་འདོན་ཚད་བརྒྱ་ཆའི་གཅིག་མཐོ་རུ་གཏོང་ཐུབ་པ། ཚན་རྩལ་ཡར་རྒྱས་ཀྱི་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི55སླེབས་ཐུབ་པར་མངོན་འགྱུར་བྱ་རྒྱུ་སྐོར་བརྗོད་བྱུང་།


གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན།

     གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་ལམ་ལུགས་ཚོད་ལྟའི་ལས་ཀའི་འཕེལ་རིམ་ངོ་སྤྲོད་གནང་། ད་སྔ་སྤྱི་གླིང་དོ་དམ་ཅུས་ཀྱིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་ཧྲིལ་བོ་དང་། སྲོལ་ཡིག་གཉིས་འཆར་ཟིན་འགོད་སྒང་ཡིན། སྤྱི་གླིང་གི་ཚན་ཞིབ་ཁྱབ་གདལ་དང་། སྣོད་བཅུད་ལྟ་སྐྱོང་སྤྱི་ཕན་ལས་རྐང་། དམིགས་བསལ་གྱི་གཉེར་འཐུས། སྔོན་རྩིས་དོ་དམ། རྣམ་གྲངས་མ་འཇོག སྤྱི་ཚོགས་ཞལ་འདེབས། དང་བླངས་པའི་དོ་དམ། སྐུ་མགྲོན་གྱི་དོ་དམ། རྒྱལ་སྤྱིའི་མཉམ་ལས། རྩྭ་ཐང་གི་སྣོད་བཅུད་ཁ་གསབ་དང་རོགས་དངུལ་བྱ་དགའ་བཅས་ཀྱི་ལག་བསྟར་ཇུས་གཞི་སོགས་དོ་དམ་བྱེད་ཐབས10གཏན་འབེབས་པར་འགྲེམས་བྱས་ནས་འཐུས་སྒོ་ཅུང་ཚང་བའི་སྲིད་ཇུས་ཀྱི་མ་ལག་བསྒྲིགས་ཡོད་ཟེར།

རྨ་ལྷོ་སོག་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཧན་ཧྭ།

     རྨ་ལྷོ་སོག་རྫོང་གི་རྫོང་ཏང་ཨུའི་ཧྲུའུ་ཅི་ཧན་ཧྭ་ནི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཞུགས་པའི་རྫོང་རིམ་པའི་འགོ་ཁྲིད་ཐོག་མ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།