མཚོ་ལྷོ་ཁུལ་དུ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2017-01-09 09:13:00 ཀློག་གྲངས།:


མཚོ་ལྷོ་ཁུལ་དུ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

     སྤྱི་ཟླ1པའི་ཚེས6ཉིན།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཁུལ་གྲོས་ཚོགས་ལྟེ་གནས་ཀྱི་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་བསྡུས།


ཀྲུའུ་ཞིའི་སྟེགས་བུར་བཞུགས་པའི་མགོ་ཁྲིད་རྣམ་པ།

     ཚོགས་འདུར་ཞུགས་པའི་མི་གྲངས228ཡོད་པ་ལས་དངོས་ཞུགས་མི་གྲངས186ཡོད་པས་གཏན་ཁེལ་མི་གྲངས་དང་མཐུན།
     ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལི་བརྒྱད་ཅུ།  ལིན་ཅི་ཀྲུང་།  སྟག་འབུམ་རྒྱལ།  རིན་ཅན་མེན།  ཀུན་བཟང་པདྨ་རྣམ་རྒྱལ།  བློ་གསལ་རྒྱ་མཚོ།  ཁྲིན་ཀྲིན་ཆིན་དང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅིན་ཞང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
     ཁུལ་ཏང་སྲིད་དམག་ཁུལ་གྱི་མགོ་ཁྲིད་ཀྲང་ཝུན་ཁེ་དང་བསོད་ནམས་དོན་གྲུབ།ཝང་ཅན་མེན།  ཀུན་བཟང་།  ལིས་ཐིན་ཞང་།མ་ཅན་ཧོང་།  ཡང་ཧེ་ལོང་།  ལིས་ཆེན་མེན།  ལིས་ཞའོ་ལིན།  ཡན་ཁང་ལེན།  ཀླུ་འབུམ་རྒྱལ།  ཀའོ་ཡོན།  ཙན་ཁྲོང་ཧྥང་སོགས་གྲོས་ཚོགས་སུ་གདན་འདྲེན་བྱས་ཏེ་ཀྲུའུ་ཞི་སྟེགས་བུ་རུ་བཞུགས།  དུས་ཚོད9སྟེང་། ལེན་ཅི་ཀྲུང་གིས་ཚོགས་འདུར་མགོ་འཛིན་མཛད།


ཚོགས་འདུའི་ཡུལ་དངོས།

     ཚོགས་འདུའི་མཛད་སྒོ་རིམ་པ་གསུམ་དུ་བགོས་ཏེ་ཚོགས་མགོ་བརྩམས་ལ།  ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་དོན་གོ་རིམ་གྲོས་ཆོད་བྱུང་བ་དང་།ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་རིང་ལ་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་འབྲེལ་ཡོད་གྲོས་ཆོད་ལ་ཉན།


ལི་བརྒྱད་ཅུས་བྱ་བའི་སྙན་ཞུ་འབུལ་བཞིན་པ།

     ལི་བརྒྱད་ཅུ་ཡིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཚོགས་ཚོགས་ཆེན་ཐོག་བྱ་བའི་སྙན་ཞུ་ཕུལ་སྐབས་བསྟན་དོན། 2016ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཡིན་ལ།མི་དམངས་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་དང་གོང་འཕེལ་དུ་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན།  ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་སྲ་ཞིང་བརྟན་པའི་མགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་གཅེས་རིང་ལུགས་དང་།  སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་དྲུག་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་།ཁུལ་ཨུའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་དང“1234”སྤྱིའི་བསམ་ཕྱོགས།  ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་པོར་དམ་པོར་དམིགས་ཏེ། “སྲིད་གྲོས་ཀྱི་ཧ་གོ་བ་དང་།གྲོས་མོལ་བྱེད་ཤེས་པ།  སྲིད་དོན་གྲོས་བསྡུར་ལ་མཁས་པའི”བླང་བྱ་གསར་པ་ལྟར།  མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ་དང་།  ནན་ཏན་གྱིས་འགན་ནུས་ཆེན་པོ་གསུམ་ལག་བསྟར་བྱས་ལ།  བཅོས་སྒྱུར་དང་འཕེལ་རྒྱས་ལ་དམ་པོར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས།  འཆམ་མཐུན་དང་མཐུན་སྒྲིལ་ལ་དམིགས་ནས་ནུས་ཚད་གཅིག་སྡུད་དང་།  དམངས་འཚོ་ལེགས་བཅོས་ལ་ཐུགས་ཁུར་བྱས་ཏེ་ཧུར་ཐག་གིས་བྱས་རྗེས་བཞག  “མཚོ་ལྷོ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་ལྗང་མདོག་ཐོན་ལས་གཅིག་བསྡུས་གོང་སྤེལ་གྱི་ཟམ་སྣེའི་བཙན་རྫོང་དུ་གཏོང་བའི”དམིགས་འབེན་རྔམ་བརྗིད་ཅན་མངོན་འགྱུར་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།


ཚོགས་རའི་ཟུར་ཞིག

     《  སྙན་ཞུ》  ལས་བསྟན་དོན།འདས་ཟིན་པའི་ལོ་གཅིག་གི་རིང་ལ།  ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཁག་ལ་གྲུབ་འབྲས་ཅུང་ལེགས་པོ་ཐོབ།  གྲུབ་འབྲས་འདི་དག་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་དང་།  ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་དག་གིས་རྒྱབ་སྐྱོར་གང་མང་གནང་བའི་འབྲས་བུ་ཡིན་ལ།  ད་དུང་སྤྱི་ཚོགས་ལས་རིགས་ཁག་གིས་ཧུར་ཐག་གཞོགས་འདེགས་ལས་ཐོབ་པའི་གྲུབ་འབྲས་དང་།  ཁུལ་སྲིད་གྲོས་ནང་ཞུགས་ཚན་པ་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན།  ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གྲོས་རྩ་འཛུགས་དག་གིས་ཐུན་མོང་འབད་བརྩོན་བྱས་པའི་འབྲས་བུ་དག་ཡིན་པ་བསྟན།


ཚོགས་རའི་ཟུར་ཞིག

ཚོགས་རའི་ཟུར་ཞིག

     ལིའུ་བརྒྱད་ཅུ་ཡིས《  བྱ་བའི་སྙན་ཞུ》  ཁྲོད2017ལོའི་གསལ་བྱེད་བྱེད་སྐབས་བསྟན་དོན།  2017ལོ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་གལ་ཆེན་ཞིག་ཡིན་པ་མ་ཟད།  “འཕེལ་རྒྱས་ཆེ་བ་ལྔ”ཡི་འདུ་ཤེས་ལག་བསྟར་དང་རང་སྐྱོང་ཁུལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་སྐུད་འདེད་གཏིང་ཟབ་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན།  ཁུལ་སྲིད་གཞུང་བྱ་བའི་སྤྱིའི་བསམ་ཕྱོགས་ནི།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་སྟེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་སོགས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས།  “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ།ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་གལ་ཆེའི་རྩ་དོན།  ཞིང་ཆེན་ཏང་ཨུའི་མཚོ་སྔོན་སྐྱོང་བའི་བསམ་ཕྱོགས་གསར་བ་དེ་གཞི་རྩར་བསྟུན་ནས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་གཏན་འབེབས་བྱས་པའི་དམིགས་ཚད་དང་ལས་འགན་གཙོ་བོར་དམིགས་ནས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཞུམ་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག“སྲིད་གྲོས་ཀྱི་ཧ་གོ་བ་དང་།  གྲོས་མོལ་བྱེད་ཤེས་པ།སྲིད་དོན་གྲོས་བསྡུར་ལ་མཁས་པའི”བླང་བྱ་གསར་བ་ནན་ཏན་ངང་ལག་བསྟར་བྱ་དགོས།  ཆབ་སྲིད་གྲོས་མོལ་དང་།  དམངས་གཙོས་ལྟ་སྐུལ།  སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཧུར་ཐག་ངང་བསྒྲུབ་ནས་སྲིད་གྲོས་ཀྱི་འགན་སྒྲུབ་ལམ་ལུགས་ཅན་དང་ཚད་ལྡན་ཅན།  འཕེལ་རིམ་ཅན་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ།  དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་དང་ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་།  རང་ངོས་ནུས་པ་འཛུགས་སྐྱོང་གི་ཆུ་ཚད་སོགས་མུ་མཐུད་དུ་ཡར་འདེགས་བྱས་ཏེ།  ཧུར་ཐག་གིས་མཚོ་ལྷོ་ཁུལ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་ལྗང་མདོག་ཐོན་ལས་གཅིག་བསྡུས་གོང་སྤེལ་གྱི་ཟམ་སྣེའི་བཙན་རྫོང་དུ་གཏོང་བའི་རྔམ་བརྗིད་ཆེ་བའི་ལག་ལེན་གྱི་ཁྲོད་དུ་བྱས་རྗེས་གསར་པ་འཇོག་དགོས་ཟེར།


ཚོགས་རའི་ཟུར་ཞིག

     སྟག་འབུལ་རྒྱལ་གྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  ཚོགས་ཆེན་ཐོག་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དྲུག་པའི་རིང་ལ་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུའི་སྐོར་གྱི་འབྲེལ་ཡོད་གྲོས་ཆོད་སྙན་ཞུ་ཕུལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།