ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ཞི་ཅིན་ཕིང་དང་ལི་ཁི་ཆང་གཉིས་ནས་ཟས་རིགས་བདེ་འཇགས་ཐད་མཛུབ་སྟོན་གལ་ཆེན་གནང་།
ཞི་ཅིན་ཕིང་དང་ལི་ཁི་ཆང་གཉིས་ནས་ཟས་རིགས་བདེ་འཇགས་ཐད་མཛུབ་སྟོན་གལ་ཆེན་གནང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
དུས་ཚོད།:2017-01-06 09:40:00
ཀློག་གྲངས།:
ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟས་རིགས་བདེ་འཇགས་ལས་དོན་ཐད་ལ་རྒྱལ་ཁབ་འབངས་ལ་བརྟེན། འབངས་མི་ཟས་ལ་བརྟེན། ཟས་རིགས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་རང་རྒྱལ་གྱི་མི་འབོར་དུང་ཕྱུར13གྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་དོ་སྣང་བྱས་ཏེ་ཟས་རིགས་བདེ་འཇགས་ལས་དོན་ལ་ངེས་པར་དུ་དམ་འཛིན་ནན་པོ་བྱེད་དགོས་ཞེས་གལ་ཆེའི་མཛུབ་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་འདི་དག་རིང་ཏང་དང་སྲིད་གཞུང་གིས་ཟས་རིགས་བདེ་འཇགས་ལ་དོ་དམ་ནན་པོ་བྱས་པའི་འོག་ལ་ཟས་རིགས་བདེ་འཇགས་གནས་བབ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། འོན་ཀྱང་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་ལྷག་ཡོད་པ་དང་མང་ཚོགས་ནས་སྔར་བཞིན་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པས་ངེས་པར་དུ་ཡང་འབད་བསྐྱར་འབད་ཀྱིས་ལས་དོན་ཞིབ་ཚགས་ལ་དོན་ངོ་མའི་ཐོག་ནས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཟས་རིགས་ཐོག་གི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུང་འདུག
ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ཁྱོན་ཡོངས་ནས་ཟས་རིགས་བདེ་འཇགས་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དང་ཚད་གཞི་ནན་ཤོས་དང་ལྟ་སྐུལ་ནན་ཤོས། ཆད་གཅོད་ནན་ཤོས། འགན་དཀྲི་བདའ་འདེད་ཚ་ནན་བཅས་རྒྱུན་འཁྱོངས་བྱས་ཐོག ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་གཅིག་གྱུར་རང་བཞིན་དང་ཆེད་ལས་རང་བཞིན་གྱིས་ཤུགས་སྣོན་རྒྱག་རྒྱུ་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་དང་བྱེད་ནུས་ཏན་ཏིག་ངང་མཐོ་རུ་གཏོང་དགོས། ཟས་རིགས་བདེ་འཇགས་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཐོག ལས་རིགས་ཅན་གྱི་ཞིབ་བཤེར་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དང་བཟའ་འཐུང་ལས་སྒོའི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ས་ནས་ཟས་རིགས་སྤྱོད་པའི་བར་གྱི་བརྒྱུད་རིམ་ཡོངས་ཀྱི་ཟས་རིགས་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཟས་རིགས་བདེ་འཇགས་ཀྱི་ཉེན་ཁར་སྔོན་འགོག་ནན་པོ་དང་དོ་དམ་ནན་པོ། ཚོད་འཛིན་ནན་པོ་བཅས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ནས་བཟའ་དུས་བློ་བདེ་བ་དང་བཟས་རྗེས་ལུས་སྐྱིད་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུང་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཟས་རིགས་བདེ་འཇགས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དམིགས་ཚད་ཡིན་ཞེས་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་དང་། ཁོང་གིས་སྤྱི་ལོ2016ལོར་རིམ་ཁག་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་གཏོགས་ལས་ཁུང་ཀྱིས་ལས་དོན་འབོར་ཆེན་ཞིག་བསྒྲུབས་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱང་ངེས་ཅན་ཞིག་འཐོབ་ཡོད་པས་བློ་མཐུན་ཚོར་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་གསར་པ་འདིའི་ནང་སྔར་བཞིན་རྙོག་འཛིང་ཆེ་བའི་ཟས་རིགས་བདེ་འཇགས་ཀྱི་གནས་བབ་ལ་སྔར་བཞིན་ཕྱོགས་ཡོད་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཐག་བཀོད་སྒྲིག་ལག་ལེན་ནན་པོ་བསྟར་རྒྱུ་དང་ཟས་རིགས་བདེ་འཇགས་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ཟས་རིགས་བདེ་འཇགས་འཐབ་ཇུས་ལག་ལེན་གང་ལེགས་བསྟར་དགོས། ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འགོ་ཁྲིད་དང་ཟས་རིགས་བདེ་འཇགས་གཞུང་ལས་ཁང་གི་ཕྱོགས་བསྡུས་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འབྱུང་རྩ་ནས་ཚོད་འཛིན་དང་། ཐོན་སྐྱེད་དང་དོ་དམ་གལ་ཆེ་མཉམ་བརྩི། མངོན་གསལ་གལ་ཆེར་འཛིན་པ་དང་ཟིང་བཅོས་བཅས་རྒྱུན་འཁྱོངས་བྱས་ནས་ལྷུ་ཚིགས་ཁག་དང་ཕྱོགས་ཁག་གི་འགན་དཀྲི་དམ་པ་དོན་དུ་གཉེར་ཐོག ལྟ་སྐུལ་དོ་དམ་དང་བྱེད་ནུས་མཐོར་གཏོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྤྱི་ཚོགས་ཀྱི་མཉམ་བཅོས་སྒྲིལ་ཤུགས་གཅིག་ཏུ་སྒྲིལ་ནས་ཟས་རིགས་བདེ་འཇགས་ལ་སྔར་བས་བཅོས་སྐྱོང་དང་ཟས་རིགས་བདེ་འཇགས་གནས་བབ་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་དང་ལེགས་བཅོས་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག མི་དམངས་མང་ཚོགས་ཀྱི་འདོད་བློ་ཚིམ་ཤུགས་དང་ལག་འབབ་ཚོར་སྣང་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་གསུང་འདུག

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།