མཚོ་སྔོན་གྱིས་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-10-21 09:35:00 ཀློག་གྲངས།:


མཚོ་སྔོན་གྱིས་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་བསྡུས་པ།

     སྤྱི་ཟླ༡༠པའི་ཚེས༡༨ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་ནན་མོ་དང་། བྱ་བར་སྤྱི་སྡོམ། ཉམས་མྱོང་བརྗེ་རེས། འགན་འཁྲི་གསལ་སྟོན་བཅས་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་གནས་བབ་གསར་བའི་གྲོང་ཁྱེར་མི་རིགས་བྱ་བར་ཤུགས་བསྣན།


ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་སྒྲིལ་པུའུ་ཀྲང་བསྟན་ཁོས་ཐེངས་འདིའི་ཚོགས་འདུར་མགོ་འཛིན་གནང་བཞིན་པ།

     གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཧྲེང་ཀྲང་ཧའོ་ཕེང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བར་བླང་བྱ་ནན་མོ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་སྒྲིལ་པུའུ་ཀྲང་བསྟན་ཁོས་ཐེངས་འདིའི་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཧྲེང་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་ཚོགས་ཐོག་ནས་གཏམ་བཤད།


ཧྲེང་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་ཚོགས་ཐོག་ནས་གཏམ་བཤད་གནང་བཞིན་པ།

     ཝང་གོ་ཧྲེང་གིས་བསྟན་དོན། མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་གསར་འཛུགས་བྱ་བ་ བར་མ་ཆད་པར་གཏིང་ཟབ་དུ་སྤེལ་བ་དང་། མཁར་གྲོང་གཞིས་ཁུལ་འཛུགས་སྐྲུན་བྱ་བ་རྒྱུན་ཆད་མེད་པའི་ངང་ཡར་ལྡན་དུ་སྤེལ་བ། གྲོང་ཁྱེར་འཕེལ་རིམ་ཁྲོད་ཀྱི་མཉམ་འཛུགས་མཉམ་སྤྱོད་ཁ་མིན་དོན་གྱིས་དམ་པོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་མི་རིགས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ཟེར།
     ཧའོ་ཕེང་གིས་བསྟན་དོན། མི་གཞི་རྩ་ཡིན་པའི་མཁར་གྲོང་ཅན་གྱི་རྣམ་པ་གསར་འཛུགས་བྱ་བ་ཤུགས་ཆེན་པོས་སྤེལ་དགོས་པ་དང་། གྲོང་ཁྱེར་མི་རིགས་སོ་སོའི་སྡོད་དམངས་ཀྱི་སྤྱི་བའི་ཞབས་ཞུའི་ཆུ་ཚད་མངོན་གསལ་མཐོར་འདེགས་བཏང་བ་བརྒྱུད། ཧུར་བརྩོན་ཆེན་པོས་མཚོ་སྔོན་གྱི་གྲོང་ཁྱེར་མི་རིགས་བྱ་བ་རྣམ་པ་གསར་བ་ཞིག་ཏུ་བསྐྲུན་པར་འབད་དགོས་ཟེར།


ཚོགས་རའི་ཡུལ་དངོས།

     གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་གནས་སྟངས་ལ་གོ་བ་ཡང་དག་ལོན་ཞིང་། དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་འདྲོངས་ཤིང་། བྱ་བའི་གཙོ་གནད་འབུར་དུ་ཐོན་ནས། ཁྲིམས་ལྟར་མི་རིགས་སོ་སོའི་མི་མང་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་རྒྱུ་རྩ་དོན་གལ་ཆེན་དུ་བརྩིས་ཤིང་། མི་རིགས་གྲངས་ཉུང་གི་མི་གྲངས་འཁོར་རྒྱུག་ལ་ཞབས་ཞུ་དང་དོ་དམ་བྱེད་རྒྱུ་འགན་འཁྲི་གལ་ཆེན་དུ་བཟུང་བ། གཞིས་ཁུལ་བསྐྲུན་རྒྱུ་ རྨང་གཞིའི་ལས་ཡུལ་འཛིན་པ། འགལ་བ་འདུམ་འགྲིག་དང་སེལ་རྒྱུ་ནང་དོན་གལ་ཆེན་དུ་འཛིན་པ། མཁར་གྲོང་ཅན་གྱི་གསར་འཛུགས་བྱ་འགུལ་གནད་ས་གལ་ཆེན་དུ་བཟུང་བ་བཅས་བྱས་ནས། རྩ་འཛུགས་ལག་བསྟར་ཕྱི་བཤོལ་མེད་པ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བྱ་བའི་རྣམ་པ་འཐུས་ཚང་ཡོང་བར་འབད་དགོས་ཤིང་། གྲོང་ཁྱེར་མི་རིགས་བྱ་བའི་མགོ་ཁྲིད་ལམ་ལུགས་དང་མཉམ་འགུལ་ལམ་ལུགས། དམིགས་འབེན་དཔྱད་ཞིབ་མ་ལག་བཅས་ཆ་ཚང་བཙུགས་ནས། རིགས་དབྱེར་ཇུས་སྤེལ་ལ་དོ་སྣང་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། སྙོམ་སྒྲིག་འདེགས་སྐྱོར་བཟང་བོར་བསྒྲུབ་མཐར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བ་སྟོབས་དང་ལྡན་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་བྱེད་ཐུབ་དགོས་པ་བསྟན།  ཚོགས་ཐོག་ནས་ད་དུང་གྲོང་ཁྱེར་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།