མཚོ་ལྷོའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པས་འབའ་རྫོང་གི་སྲིད་ཁྲིམས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ།:གཅོད་པ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-28 10:14:00 ཀློག་གྲངས།:


མཚོ་ལྷོའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པས་འབའ་རྫོང་གི་སྲིད་ཁྲིམས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

       སྤྱི་ཟླ5བའི་ཚེས20ཉིན། མཚོ་ལྷོ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ་དཀོན་མཆོག་འཁོར་དང་བཅས་བའི་མི་བཞི་འབའ་རྫོང་ལ་ཡོང་སྟེ། འབའ་རྫོང་གི2015ལོའི་ལོ་ སྟོད་ཀྱི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ཨུའི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བ་གཙོ་བོ་དག་ཞུགས་པའི2015ལོའི་ལོ་སྟོད་ཀྱི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་གཏན་འཇགས་སྲུང་སྐྱོང་གཙོ་གནད་བྱ་བའི་སྙན་ཞུའི་བཞུགས་མོལ་ཚོགས་འདུའི་སྟེང་། རྫོང་ཨུའི་རྒྱུན་ཨུའམ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་དཔྱིད་དུས་གཏན་འཇགས་སྲུང་སྐྱོང་བྱ་བ་དང་ལས་བྱེད་བརྒྱ་གྲོང་གསེབ་ཏུ་སོང་ནས་སྒྲོག་བཤད་གསུམ་དང་སྐུལ་འདེད་གསུམ་གྱི་བྱ་འགུལ་སྤེལ་བ་དང་། གཙོ་གནད་ཞང་གྲོང་གི་ཕྱོགས་བཅོས་བཅོས་སྐྱོང་། གྱོད་གཞི་དང་འགལ་ཟླ་རྩད་ཞིབ་ཐག་གཅོད་བྱས་པ། གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གཏན་འཇགས་སྲུང་སྐྱོང་རྨང་གཞིའི་ནུས་ཤུགས་འཛུགས་སྐྲུན། སྤྱི་ཚོགས་བདེ་སྲུང་ཉེན་འགོག་དྲ་རྒྱའི་མ་ལག་འཛུགས་སྐྲུན། ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཁྱད་ཆོས་སོགས་ཕྱོགས་དྲུག་གི་ཐད་ནས་འབའ་རྫོང་གི་ལོའི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་གཏན་འཇགས་སྲུང་སྐྱོང་གཙོ་གནད་བྱ་བར་ཞིབ་ཚགས་སྒོས་སྙན་ཞུ་ཕུལ།
     རྟོག་ཞིབ་སྐབས། ཕྱོགས་བསྡུས་བཅོས་སྐྱོང་ཨུའི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་རྣམས་ཀྱིས་རང་ལས་ཁུངས་ཀྱི་འགན་ནུས་གཞིར་བཟུང་ནས་ལོ་སྟོད་ཀྱི་བྱ་བ་གཙོ་བོ་ཁག་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ།
     བློ་མཐུན་དཀོན་མཆོག་གིས་བྱ་བའི་སྙན་ཞུ་ལ་ཉན་རྗེས་བསྟན་དོན། འབའ་རྫོང་གི་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་གཏན་འཇགས་སྲུང་སྐྱོང་བྱ་བར་འགོ་ཁྲིད་ཀྱི་མཐོང་ཆེན་བྱས་ཏེ་བྱེད་ཐབས་ནུས་ལྡན་ཡིན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ལྷག་པར་དུ་མྱུར་སྐྱོབ་རུ་ཁག་གི་འཛུགས་སྐྲུན་ཐད་ནས་ཁུལ་ཡོངས་ཀྱི་རྫོང་ཁག་གཞན་དག་གིས་སློབ་སྦྱོང་བྱེད་འོས་པའི་གནས་སུ་གྱུར་ཡོད་པ་དང་། འགལ་ཟླ་རྩོད་གཞི་དང་ཞིང་དང་གྲོང་རྡལ་གཙོ་གནད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་སྤེལ་ཤུགས་ཆེ་བ་མ་ཟད། གྲུབ་འབྲས་མངོན་གསལ་བླངས་བ་རེད་ཅེས་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།