སྒ་སྐྱེ་རྒུ་མདོའི་མང་ཚོགས་ཀྱིས་བལ་བོའི་གཤིན་པོ་རྣམས་ལ་གསོལ་འདེབས་གནང་བཞིན་པ།

རྩོམ་པ་པོ།:མི་ཆུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-30 10:27:00 ཀློག་གྲངས།:


སྒ་སྐྱེ་རྒུ་མདོ་རུ་བལ་བོའི་གཤིན་པོ་རྣམས་ལ་གསོལ་འདེབས་གནང་བཞིན་པ།

སྒ་སྐྱེ་རྒུ་མདོ་རུ་བལ་བོའི་གཤིན་པོ་རྣམས་ལ་གསོལ་འདེབས་གནང་བཞིན་པ།

སྒ་སྐྱེ་རྒུ་མདོ་རུ་བལ་བོའི་གཤིན་པོ་རྣམས་ལ་གསོལ་འདེབས་གནང་བཞིན་པ།

     སྤྱི་ཟླ4པའི་ཚེས28ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་མང་ཚོགས་དང་གྲྭ་བཙུན་རྣམས་ཀྱིས་སྐྱེ་རྒུ་དགོན་དུ་བལ་བོའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མཆོད་མེ་བསྒྲོན་ནས་གསོལ་འདེབས་སྨོན་ལམ་གནང་བ་རེད། ལོ་ངོ་ལྔའི་སྔོན་ལ་སྒ་སྐྱེ་རྒུ་མདོ་རུ་རིམ་པ7.1ཅན་གྱི་ས་འགུལ་བྱུང་བས། མང་ཚོགས་རྣམས་ཀྱིས་འདུ་བྲལ་དང་གདུང་སེམས་ཀྱི་སྐྱིད་སྡུག་ག་འདྲ་ཡིན་པ་ཚོར་ཡོད་ལ། བལ་བོར་ས་འགུལ་བྱུང་བའི་ཉིན་དེའི་དགོང་མོ་ནས་བཟུང་། མང་ཚོགས་དང་གྲྭ་བཙུན་རྣམས་རང་འགུལ་གྱིས་གེ་སར་ཐང་ཆེན་དང་སྐྱེ་རྒུ་དགོན། རྒྱ་ནག་མ་ཎི་སོགས་སུ་འདུས་ནས་མཆོད་མེས་བསྒྲོན་ཏེ་བལ་བོའི་གཤིན་པོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་གསོལ་འདེབས་སྨོན་ལམ་གནང་གི་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།