མཚོ་སྔོན་བཟོ་ཚོང་ལས་རིགས་ལྷན་ཚོགས་ཀྱིས་སྐབས་བཅུ་བའི་ལག་བསྟར་ཨུ་ལྷན་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2015-01-19 09:03:00 ཀློག་གྲངས།:
      ཟླ1པོའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བཅུ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས། གྲོས་ཚོགས་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། འགྲན་རྩོད་གསར་བར་ཁ་གཏད་འཇལ་ནས། གོ་སྐབས་གསར་བ་དམ་འཛིན་བྱེད་དགོས་ཞེས་བསྟན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།
      གྲོས་ཚོགས་ལས། ན་ནིང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནི་ཁེ་ལས་ལ་འབྲེལ་འདྲིས་བྱེད་ཚད་ཆེས་རྒྱ་ཆེ་བ་དང་ཆེས་ཐད་ཀར་ཡིན་པའི་བཟོ་ཚོང་རྩ་འཛུགས་ཡིན་པའི་ཆ་ནས། འཐབ་ཕྱོགས་གཅིག་གྱུར་རང་བཞིན་དང་དཔལ་འབྱོར་རང་བཞིན། དམངས་ཁྲོད་རང་བཞིན་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པ་དང་། བྱ་བ་དངོས་འབེབ་དམ་འཛིན་བྱས་ཏེ། རྟོག་དཔྱོད་ཞིབ་འཇུག་དང་བསམ་བློའི་སློབ་གསོ། དཔལ་འབྱོར་གྱིས་རང་སྟེང་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ནས་ཕན་འབྲས་བཟང་བོ་བླངས་པ་དང་། ལྷག་པར་ཕུགས་བསམ་ཡིད་རྟོན་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་གསར་འཛུགས། ཁེ་ལས་དོ་དམ་གསོ་སྦྱོང་། ཚོང་འགུག་དངུལ་འདྲེན། “གཞི་གསུམ”འཛུགས་སྐྲུན་སོགས་བྱ་བའི་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་པར་སྙམ།
      གྲོས་ཚོགས་ལས་བསྟན་དོན། དེང་སྐབས་བཅོས་སྒྱུར་མཁྲེགས་གཏོར་གྱི་དུས་སྐབས་སུ་ཐོན་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་ནི་རྒྱུན་རྣམ་གསར་བ་ཆགས་ཡོད་པས། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་ཀྱི་བྱ་བར་བཀོད་སྒྲིག་བཟང་པོ་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་མི་སྣས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྩལ་བ་དང་། དཔལ་འབྱོར་རྒྱུན་རྣམ་གསར་བའི་འོག་གི་འགྲན་རྩོད་གསར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་བཏོན་པའི་རེ་བ་གསར་བ་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་ལྟར་དང་ཡིད་རྟོན་གྱིས་ཚོང་གཉེར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ལག་རྩལ་གསར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁེ་ལས་ཀྱི་རྒྱུ་སྤུས་དང་ཕན་འབྲས། རིམ་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། ས་ཁུལ་སོ་སོའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕུགས་བསམ་ཡིད་ཆེས་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་གྱིས་སྣེ་དྲངས་ནས། བསམ་བློའི་ཁྲིད་སྟོན་དང་ཁྲིམས་སྐྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་ཞབས་ཞུ་དང་རང་སྟེང་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།