བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་བསྟར་བྱེད་ཐབས་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-08 11:31:00 ཀློག་གྲངས།:

  《བོད་རང་སྐྱོང་ལྗོངས་ཀྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཅའ་ཁྲིམས>ལག་བསྟར་བྱེད་ཐབས》(《བྱེད་ཐབས》ཞེས་བསྡུས་ཡོད)ཞེས་པ་དེ་ཟླ3པའི་ཚེས31ཉིན་རང་སྐྱོང་ལྗོངས་ཀྱི་དམངས་ཆེན་རྒྱུན་ཨུ་ཚོགས་འདུ་སྐབས་བཅུ་བའི་གྲོས་ཚོགས་ཐེངས་དགུ་པའི་སྟེང་ཆོག་མཆན་ཐོབ་ཅིང་། ད་ལོའི་ཟླ6པའི་ཚེས1ཉིན་དངོས་སུ་ཁྱབ་བསྒྲགས་ལག་བསྟར་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཅའ་ཁྲིམས་དང་བསྡུར་ན། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་བསྟར་བྱེད་ཐབས་ཀྱི་མངོན་གསལ་གྱི་ཁྱད་ཆོས་ནི་རྒྱུན་འཛིན་གྱི་ནུས་པ་ཉམས་པའི་དེ་སྔའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པར་མི་ཆོས་གཟིགས་སྐྱོང་གནང་བ་དེ་རེད།
  《བྱེད་ཐབས》ལ་ཁྱོན་བསྡོམས་ལེའུ་དྲུག་དང་དོན་ཚན་བཞི་བཅུ་ཞེ་དགུ་ཡོད་ཅིང་། 《བྱེད་ཐབས》ཡོངས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཅའ་ཁྲིམས》གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པར་མ་ཟད། བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་དང་སྲུང་སྐྱོབ་གནས་བབ་ལ་རྐང་བཙུགས་ནས། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉར་ཚགས་དང་སྲུང་སྐྱོབ་དང་། རྒྱུན་འཛིན་དང་བེད་སྤྱོད་སོགས་རིམ་པ་སོ་སོར་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པར་གཏན་འབེབས་གནང་ཡོད་པ་རེད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།