སྲིད་གྲོས་སྐབས12པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས4བ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-01-07 13:59:00 ཀློག་གྲངས།:


སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།

  ཟླ1པོའི་ཚེས7ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཁུལ་ཚོགས་འདུ་ལྟེ་གནས་སུ་བསྡུས་ཤིང་། ཁུལ་ཡོངས་ཀྱི་རིགས་སོ་སོ་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན213གྱིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ་གྱི་འགན་འཁྲི་རླབས་ཆེན་ཕྲག་ཏུ་འཁུར་ཞིང་། སྲིད་ཞུགས་སྲིད་གླེང་གི་སྤྲོ་བ་ཆེན་པོས་རབ་ཏུ་བརྟས་ནས་ལྷན་གཅིག་ཏུ་འཛོམས་ཏེ་དམངས་འཚོ་མཉམ་གླེང་དང་། བྱུས་ཆེན་མཉམ་བགྲོ།  འཕེལ་རྒྱས་མཉམ་བཀོད་བྱས།
  སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འཕགས་པ་ཐར་དང་། ཀྲུའུ་ཞི་གཞོན་པ་ལིག་ཀྲུང་ཡེ། རིན་ཅན་མིན། ཀུན་བཟང་པདྨ་རྣམ་རྒྱལ། རྟ་མགྲིན་སྒྲོལ་མ། བནྡེ་བཀྲ་ཤིས། བློ་གསལ་རྒྱ་མཚོ། དྲུང་ཡིག་ཆེན་མོ་ཆའོ་ཡིས་ཆུག་བཅས་ཀྲུའུ་ཞིའི་སྟེགས་བུ་མདུན་དུ་བཞུགས། དེ་མིན་ཀྲང་ཝུན་ཁེས་དང་། བསོད་ནམས་དོན་གྲུབ། ཏུའུ་ཁྲིན་ཀྲུང་། ཨ་དགེ་འདུན་སོགས་ཏང་སྲིད་དམག་གི་འགོ་ཁྲིད་རྣམས་གདན་ཞུ་ལྟར་ཚོགས་ཐོག་ལ་ཞུགས་པ་རེད།


མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་འཕགས་པ་ཐར་གྱིས་ཚོགས་འདུའི་སྟེང་བྱ་བའི་སྙན་ཞུ་གནང་བ།

  མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལིག་ཀྲུང་ཡེས་འགོ་རྩོམ་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་། མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་འཕགས་པ་ཐར་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་འདུའི་སྟེང་བྱ་བའི་སྙན་ཞུ་གནང་བ་སྟེ། 2013ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལ། ཁུལ་ཨུའི་འགོ་ཁྲིད་བརྟན་པོ་དང་། ཁུལ་སྲིད་གཞུང་གི་རྒྱབ་སྐྱོར། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་མཛུབ་སྟོན་འོག  ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གིས་ཚན་རིག་དང་མཐུན་པའི་གོང་སྤེལ་ལྟ་བའི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ནས།  མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་གཙོར་བཟུང་ནས།  “ས་ཁུལ་གསུམ”འཛུགས་སྐྲུན་གྱི་དམིགས་འབེན་ལ་དམ་པོར་སྦྲེལ་ཏེ་ནན་ཏན་སྒོས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་ཞིབ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་བྱས་པ་དང་།  འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་བསྡུས། ཐབས་འདོན་ཇུས་འབུལ།  ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ནུས་པ་ཧུར་བརྩོན་སྒོས་འདོན་སྤེལ་བྱས་ཏེ་བྱ་གཞག་མཐའ་དག་གོ་རིམ་ཡོད་པའི་སྒོ་ནས་ལེགས་འགྲུབ་བྱུང་བས། མཚོ་ལྷོའི་དཔལ་འབྱོར་མཆོང་བརྒལ་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཐད་བྱས་རྗེས་བླ་ན་ལྷག་པ་བཞག་ཅེས་བརྗོད་པ་རེད།


སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཅན་མིན་གྱིས་ཚོགས་ཐོག་ཏུ་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་སྙན་ཞུ་ཕུལ་བ།

  སྲིད་གྲོས་ཀྲུའུ་ཞི་གཞོན་པ་རིན་ཅན་མིན་གྱིས་ཚོགས་ཐོག་ཏུ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་སྙན་ཞུ་ཕུལ་བར་མ་ཟད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་པའི་སྡེ་ཚན་སོ་སོ་དང་། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བཏོན་པའི་གྲོས་གཞི་དང་བསམ་འཆར་ལ་ཕྱིར་གཞིག་བྱས་ཐོག 2013ལོའི་གྲོས་འདོན་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་མཛད་པ་རེད། དེའི་མཚུངས་སུ་2014ལོའི་གྲོས་འདོན་བྱ་བར་ཕྱོགས་བཞི་ནས་བླང་བྱ་བཏོན་པ་སྟེ། བཅོས་སྒྱུར་སྣེ་ཁྲིད་དང་འབྲེལ་ནས་གྲོས་འདོན་འཆར་འགོད་ཀྱི་རྣམ་པ་གསར་བ་བསྐྲུན་པ་དང་། དངོས་ཐོག་བདེན་འཚོལ་སྒོས་གྲོས་འདོན་གྱི་སྤུས་ཚད་མཐོར་འདེགས་གཏོང་བ། ཕྱོགས་སོ་སོའི་ནུས་ཤུགས་སྐུལ་སྤེལ་བྱས་ནས་གྲོས་འདོན་གྱི་ཕན་འབྲས་ཇེ་ལེགས་སུ་གཏོང་བ། རང་རྐང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞབས་ཞུའི་ཆུ་ཚད་མཐོ་རུ་འདེགས་པ་བཅས་ནན་གྱིས་བསྟན་པ་རེད།


ཚོགས་རའི་ཟུར་ཞིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།