མཚོ་སྔོན་གྱི་ཡུལ་ཤུལ་རྫོང་དེ་ཡུལ་ཤུལ་གྲོང་ཁྱེར་དུ་བསྒྱུར་པ།
ཟླ10པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དྲིལ་སྒྲོག་སྡེ་ཁག་གིས་གསལ་བསྒྲགས་བྱས་པ་ལྟར་ན། ཉིན་དེའི་ཕྱི་དྲོར་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་གིས་རྫོང་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ་རྒྱལ་ཁབ་དམངས་སྲིད་སྡེ་ཁག་གིས་ཡུལ་ཤུལ་རྫོང་དེ་ཡུལ་ཤུལ་གྲོང་ཁྱེར་དུ་བསྒྱུར་པའི་མཆན་བཀོད་བཀའ་ལན་བསྒྲགས་པར་མ་ཟད། འབྲེལ་ཡོད་ཀྱི་མི་དོན་བསྐོ་འཐེན་གྱི་དོན་ཚན་བསྒྲགས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་དེ་སྔའི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའི་ཅུའུ་ཀྲང་བཀྲ་ཤིས་ཚེ་རིང་ལགས་ཡུལ་ཤུལ་གྲོང་ཁྱེར་གྱི་བསྐོ་ཐེངས་དང་པོའི་འགོ་འཛིན་དུ་བདམས་པ་རེད། ཡུལ་ཤུལ་གྲོང་ཁྱེར་གྱིས་མི་འགྱངས་པར་ཀྲུང་གུང་ཏང་འཐུས་ཚོགས་ཆེན་ཐེངས་དང་པོ་དང་མི་དམངས་འཐུས་མི་ཚོགས་ཆེན་བསྡུས་ནས་ཡུལ་ཤུལ་གྲོང་ཁྱེར་གྱི་སྐབས་དང་པོའི་འགོ་ཁྲིད་ཀྱི་སྡེ་གདམ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com