བློ་མཐུན་བསོད་ནམས་དོན་གྲུབ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བསྐོས་པ།
ཟླ6པའི་ཚེས28ཉིན། མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་ལྔ་བ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། གྲོས་ཚོགས་སུ་བློ་མཐུན་བསོད་ནམས་དོན་གྲུབ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་བསྐོས་པ་རེད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་བསོད་ནམས་དོན་གྲུབ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།
བསོད་ནམས་དོན་གྲུབ། ཕོ། བོད་རིགས།1962ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་དཔའ་ལུང་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། 1983ལོའི་ཟླ7པར་བྱ་བར་ཞུགས་ཤིང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཁུལ་དཔོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
བྱ་བའི་བརྒྱུད་རིམ་མདོར་བསྡུས།
1983ལོའི་ཟླ7པ་ནས1987ལོའི་ཟླ7པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གྱི་ལས་ཀ་བསྒྲུབས།
1987ལོའི་ཟླ7པ་ནས1989ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་སློབ་གསོ་ཅུའི་ལས་སྒྲུབ་པའི་ལས་ཀ་བསྒྲུབས།
1989ལོའི་ཟླ3པ་ནས1990ལོའི་ཟླ3པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་ཞང་གི་ཞང་ཀྲང་གཞོན་པའི་འགན་བཞེས།
1990ལོའི་ཟླ3པ་ནས1992ལོའི་ཟླ6པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་གྲུབ་བཞི་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞང་ཀྲང་གི་འགན་བཞེས།
1992ལོའི་ཟླ6པ་ནས1995ལོའི་ཟླ1པོའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་དཔལ་དགེ་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
1995ལོའི་ཟླ1པོ་ནས1997ལོའི་ཟླ11པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས།
1997ལོའི་ཟླ11པ་ནས1998ལོའི་ཟླ5པའི་བར། མཚོ་བྱང་ཁུལ་མདའ་གཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་བཞེས།
1998ལོའི་ཟླ5བ་ནས2001ལོའི་ཟླ6པའི་བར། མཚོ་བྱང་ཁུལ་མདའ་གཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།
2001ལོའི་ཟླ6པ་ནས2006ལོའི་ཟླ8པའི་བར། མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།
2006ལོའི་ཟླ8པ་ནས2006ལོའི་ཟླ10པའི་བར། མཚོ་བྱང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས།(རྫོང་རིམ་གཙོ་བོ།)
2006ལོའི་ཟླ10པ་ནས2010ལོའི་ཟླ1པོའི་བར། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས། (2009ལོའི་ཟླ3པ་ནས2010ལོའི་ཟླ1པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་རུ་སློབ་ཡུན་ལོ་གཅིག་གི་ལས་བྱེད་པ་དར་མ་དང་གཞོན་པའི་འཛིན་གྲྭར་སློབ་སྦྱོང་བྱས།)
2010ལོའི་ཟླ1པོ་ནས2013ལོའི་ཟླ5པའི་བར་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུའི་ཧྲུའུ་ཅིའི་འགན་བཞེས།
2013ལོའི་ཟླ5པ་ནས་ད་ལྟའི་བར། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མའི་འགན་བཞེས་ཀྱིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com