ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཀྲང་ཝུན་ཁུའེ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་རུ་བསྐོས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-16 09:23:00 ཀློག་གྲངས།:


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་།(གཡས) ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའི་འགོ་
གཙོ་གཞོན་པ་ཙིན་ཆིན་ཡུང་།(དབུས)  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གསར་བ་ཀྲང་ཝུན་ཁུའེ།(གཡོན)

        ཟླ5བའི་ཚེས14ཉིན་གྱི་ཕྱི་དྲོ། མཚོ་ལྷོ་ཁུལ་ཨུས་ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་བསྡུས་ཤིང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའི་འགོ་གཙོ་གཞོན་པ་ཙིན་ཆིན་ཡུང་ཚོགས་འདུར་ཞུགས་ཏེ་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གཏན་འཁེལ་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཏུའུ་ཅེའི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཐེན་པ་དང(གཞན་དུ་ལས་འགན་བཞེས་པ)། བློ་མཐུན་ཀྲང་ཝུན་ཁུའེ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་རུ་བསྐོས།
        ཙིན་ཆིན་ཡུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་བློ་མཐུན་ཏུའུ་ཅེ་དང་བློ་མཐུན་ཀྲང་ཝུན་ཁུའེ་གཉིས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། མཚོ་ལྷོ་ཁུལ་ཨུའི་འགོ་ཁྲིད་ཚན་ཆུང་གསར་བ་རྣམས་ལ་རེ་བ་ཆེན་པོ་བཏོན།

ཀྲུང་གུང་མཚོ་སྔོན་ཞིང་ཨུས་ཀྲང་ཝུན་ཁོས་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་རུ་གཏན་འཁེལ་བྱས།
མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གསར་བ་ཀྲང་ཝུན་ཁུའེ།

        མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲིན་ཀྲུང་གིས་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་། ཀྲང་ཝུན་ཁུའེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།
        ཀྲང་ཝུན་ཁུའེ་ཡིས་གཏམ་བཤད་ཁྲོད་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་ཡོངས་རིགས་སོ་སོའི་དམངས་རྣམས་ཀྱི་ཚབ་བྱས་ཏེ་བློ་མཐུན་ཏུའུ་ཅེ་ལ་གུས་འདུད་དང་ལྷག་བསམ་འཁོལ་བའི་ངང་བཀའ་དྲིན་ཞུས།


ཚོགས་འདུའི་ཟུར་ཞིག

        ཀྲང་ཝུན་ཁུའེ་ཡིས་བཤད་རྒྱུར། ཞིང་ཆེན་ཏང་ཨུས་བདག་ལ་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་གནང་བ་འདི་ནི་ཞིང་ཆེན་ཏང་ཨུ་དང་ཁུལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཁོ་བོར་བཅངས་པའི་ཡིད་རྟོན་དང་འགན་ལྕི་མོ་ཞིག་ཏུ་ངེས་ཤིང་།  རང་ཉིད་ལ་མཚོན་ནའང་ཕྲག་འགན་ཤིན་ཏུ་ལྕི་བར་འདུག་པ་དང་། ལས་འགན་ཤིན་ཏུ་གཟི་བརྗིད་ལྡན། ལས་གནས་གསར་བའི་སྟེང་ངེས་པར་དུ་ལས་འདི་ནན་གྱིས་སྲུང་སྟེ་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་རྣམས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་རང་ནུས་ཡོད་རྒུ་འདོན་ཁོ་ཐག་ཡིན་ལ། ཞིང་ཆེན་ཏང་ཨུའི་ཡིད་རྟོན་དང་མཚོ་ལྷོ་ཁུལ་རིགས་སོ་སོའི་མི་དམངས་ཀྱི་རེ་བ་སྣང་མེད་དུ་གཏན་ནས་འཇོག་མི་སྲིད།
        མཚོ་ལྷོ་ཁུལ་ཨུའི་ཨུ་ཡོན་དང་། ཁུལ་རིམ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ། ཁུལ་གཏོགས་ལས་ཁུངས་སོ་སོ། ཆབ་ཆ་རུ་སྡོད་པའི་ལས་ཁུངས་སོ་སོའི་འགན་ཁུར་བ་གཙོ་གྲས། རྫོང་ལྔའི་ཏང་སྲིད་འགོ་ཁྲིད་གཙོ་ཤོས་དག་ཐེངས་འདིའི་ཚོགས་འདུར་ཞུགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།