འཐུས་མི་ཉི་མ་སྒྲོལ་མས་བོད་ཁུལ་གྱི་རིག་གནས་འཛུགས་སྐྲུན་དྲག་ཏུ་གཏོང་བར་བསམ་ཚུལ་བཏོན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-19 10:28:00 ཀློག་གྲངས།:

འཐུས་མི་ཉི་མ་སྒྲོལ་མས་བོད་ཁུལ་གྱི་རིག་གནས་འཛུགས་སྐྲུན་དྲག་ཏུ་གཏོང་བར་བསམ་ཚུལ་བཏོན།
རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའམ་
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ།

        རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མས་བོད་ཁུལ་གྱི་རིག་གནས་ལས་དོན་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ནུས་ཤུགས་དྲག་ཏུ་གཏོང་བར་རང་ཉིད་ཀྱི་བསམ་ཚུལ་བཏོན།
        དེ་ཡང་བསམ་ཚུལ་ཁྲོད་འདི་ལྟར་བསྟན་ཡོད་དེ། འོད་སྟོང་འབར་བའི་བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་རིག་གནས་ཐོན་ཁུངས་ཁྲོད་ཀྱི་གཅེས་ནོར་དང་མེ་ཏོག་ཆུན་པོ་རྐང་ཞིག་ཡིན་ཞིང་། རྒྱལ་ཡོངས་གལ་ཆེ་བའི་བོད་ཀྱི་ཡུལ་གྲུ་ཞིག་ཡིན་པའི་ཆ་ནས་མཚོ་བོད་མཐོ་སྒང་དུ་ཁུ་ནུའི་རིག་གནས་ནི་གཙོ་ཕུང་ཚབ་མཚོན་དུ་བྱེད་ལ། གནས་དེར་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ས་ཁུངས་ཀྱི་རིག་གནས་མཆིས།  བོད་ཁུལ་གྱི་རིག་གནས་ལས་དོན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ན་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྲ་བརྟན་ཡོང་བ་དང་། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཐོད་བརྒལ་འཕེལ་རྒྱས་དང་ཡུན་རིང་བརྟན་གནས་ཡོང་བར་དགེ་མཚན་རབ་ཏུ་ལྡན། ཉེ་བའི་ལོ་འགའི་ནང་། སྒོས་སུ་ནུབ་རྒྱུད་གསར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་ཀྱི་ཁུལ་གྲགས་ཅན་ཞེས་པའི་འཐབ་ཇུས་བསྟར་ཞིང་། ཁྱད་དུ་འཕགས་པའི་ལོ་རྒྱུས་རིག་གནས་དང་། མི་རིགས་རིག་གནས། དེང་རབས་རིག་གནས་སོགས་རིག་གནས་ཐོན་ཁུངས་ལ་བརྟེན་པར་བརྒྱུད། སྲིད་ཇུས་ཀྱི་རོགས་སྐྱོར་དྲག་ཏུ་བཏང་བ་དང་ཁྱད་འཕགས་རིག་གནས་གྲགས་ཅན་སྐྲུན་ཏེ་རིག་གནས་འཛུགས་སྐྲུན་ཉིན་རེ་བཞིན་ཇེ་རྒྱས་སུ་འཕེལ་བ་དང་རིག་གནས་ཐོན་ལས་ལ་ཡུན་གྱིས་གྲུབ་འབྲས་གསར་བ་མངོན་པ་དང་། རིག་གནས་ལས་དོན་འཕེལ་རྒྱས་ལ་མདུན་ལམ་ལེགས་པོ་བྱུང་། ཡིན་ནའང་། རྨང་གཞིའི་ཆ་རྐྱེན་ཞན་པ་དང་ས་གནས་ཀྱི་ནོར་སྲིད་ནུས་པ་ཚད་བཀག་ཡོད་པའི་ཁར། རིག་གནས་འཕེལ་རྒྱས་དེ་མི་དམངས་ཀྱི་ཉིན་རེར་འཕེལ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དང་། དཔལ་འབྱོར་སྤྱི་ཚོགས་ལས་དོན་དང་མཐུན་སྦྱོར་འཕེལ་རྒྱས། རིག་གནས་གྲགས་ཅན་གྱི་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དང་མི་མཐུན་པ། ཀྲུང་དབྱང་གི་འབྲེལ་ཡོད་རིག་གནས་སྒྲིག་གཞི་བཅོས་སྒྱུར་མགྱོགས་མྱུར་དུ་གཏོང་བའི་དགོངས་དོན་དང་ད་དུང་བར་ཐག་ཅུང་རིང་པོ་ཡོད་སྟབས། བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི“རྨས་རྐང”ཞིག་ཏུ་གྱུར་ཡོད་པ་རེད།
        དེར་བརྟེན། ཉི་མ་སྒྲོལ་མས་བསམ་ཚུལ་ཏེ། དང་པོ། བོད་ཁུལ་གྱི་རིག་གནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ནུས་ཤུགས་དྲག་ཏུ་གཏོང་དགོས་པ།  རྒྱལ་ཁབ་ཀྱིས“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”སྐབས་སུ་བོད་ཁུལ་གྱི་རིག་གནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྒྱབ་སྐྱོར་ནུས་ཤུགས་དྲག་ཏུ་གཏོང་བ་སྟེ།  ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་དང་སྡོད་ཁུལ།  སྒོས་སུ་ཆེས་གཞི་རིམ་གྱི་རིག་གནས་གཡུལ་ས་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་སྒྲིག་བཀོད་ལུགས་མཐུན་དང་སྤྱོད་ནུས་ལེགས་བཅོས། སྒྲིག་ཆས་ཆ་ཚང་བཅས་ཡིན་པའི་སྤྱི་བའི་རིག་གནས་ཞབས་ཞུའི་དྲ་རྒྱ་སྐྲུན་པར་རེ་ཞིང་སྨོན་པ། གཉིས་པ། བོད་ཁུལ་གྱི་རིག་གནས་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ།  མཚོ་སྔོན་བོད་ཁུལ་རིག་གནས་འཕེལ་རྒྱས་ཀྱི་དངོས་ཡོད་དགོས་མཁོ་དང་བསྟུན་ནས་གཞི་རིམ་རིག་གནས་སྡེ་ཁག(ལས་ཁུངས)གི་མི་སྣའི་སྒྲིག་ཁོངས་ཁ་སྣོན་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་སོགས་འབྲེལ་ཡོད་རིག་གནས་བྱ་བའི་ལས་ཁུངས་ཀྱི་སྒྲིག་ཁོངས་སྣོན་འཛུགས། སྡེ་བ་རིམ་པ་དང་སྡོད་ཁུལ་གྱི་རིག་གནས་བྱ་འགུལ་ཁང་གི་ཆེད་གཉེར་དང་ཞོར་གཉེར་དོ་དམ་མི་སྣ་དངོས་འབེབས་བྱེད་པར་སྨོན་པ། གསུམ་པ། བོད་ཁུལ་གྱི་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་རོགས་འདེགས་ནུས་ཤུགས་དྲག་ཏུ་གཏོང་དགོས་པ། རྒྱལ་ཁབ་ཀྱིས་ནོར་སྲིད་དང་ཁྲལ་སྡུད། དངུལ་རྩ། ཚོང་རའི་མཐུན་འདྲེན། ས་ཞིང་། ཤེས་ཡོན་མི་སྣ་སོགས་ཕྱོགས་སོ་སོ་ནས་སྲིད་ཇུས་བཏོན་ཏེ་བོད་ཁུལ་གྱི་མི་རིགས་རིག་གནས་ཐོན་ལས་ཀྱི་མགྱོགས་མྱུར་བདེ་ཐང་འཕེལ་རྒྱས་ལ་གང་ནུས་ཀྱིས་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བར་རེ་སྨོན་ཞུས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།