མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།
མཚོ་ལྷོ་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་བསྡུས་པ།
ཟླ1པོའི་ཚེས16ཉིན་གྱི་སྔ་དྲོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བཞི་བ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་སུ་ཁུལ་གཙོ་ཀྲང་བུན་ཁོས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་ཞིང་། དེར་ཁག་གཉིས་འདུས་ཏེ2012ལོའི་བྱ་བར་ཕྱིར་འདང་དང་། 2013ལོའི་བྱ་བའི་དམིགས་ཚད་གཙོ་བོ་དང་ལས་འགན་དང་བྱེད་ཐབས།
ཁུལ་གཙོ་ཀྲང་བུན་ཁོས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བཞིན་པ།
སྙན་ཞུ་ལས2012ལོའི་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྲིད་གཞུང་བྱ་བའི་གྲུབ་འབྲས་ཐད་སྤྱི་བསྡོམས་དང་། དཀའ་ཁག་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་སྟེང་། 2013ལོའི་སྲིད་གཞུང་བྱ་བའི་སྤྱིའི་དགོངས་པ་དང་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན་པ་སྟེ་སྲིད་གཞུང་བྱ་བའི་སྤྱིའི་དགོངས་པ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཁུལ་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་དང་དོན་ཐོག་ཏུ་བཞག་སྟེ། གོང་སྤེལ་གྱི་བརྗོད་བྱ་གཙོ་བོ་དང་། གཙོ་གནད་དང་། ཐབས་ལམ་གཙོ་བོ་བཅས་ལ་མཐའ་གཅིག་ཏུ་དམིགས་ནས། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་པ་དང་། ལེགས་པོའི་ཁྲོད་མགྱོགས་མྱུར་བརྩོན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་ཀྱིས། ལྔ་བོ་གཞི་གཅིག་ཏུ་དྲིལ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་དམིགས་ནས། འཕར་སྣོན་ལ་འགན་སྲུང་དང་། གྲུབ་ཚུལ་ལེགས་སྒྲིག རྣམ་པ་བསྒྱུར་བར་མཐོང་ཆེན། གསོན་ཤུགས་བསྐྱེད་པ། དམངས་འཚོ་ལ་ཕན་པར་བྱེད་པ། འཆམ་མཐུན་ལ་ཡར་སྐུལ་བྱེད་པ་བཅས་ལ་སྔར་ལས་ཀྱང་ལྷག་པར་དོ་སྣང་ཆེན་པོ་བྱས་ཏེ། ཤེད་ཤུགས་ཡོད་ཚད་བཏོན་ནས་དགེ་མཚན་ཆེ་བའི་ཐོན་ལས་བསྐྲུན་པ་དང་། གྲོང་རྡལ་གྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ཏུ་བསྟར་བའི་ཐོག སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་ཤུགས་འདོན་ཅིང་། སྒོ་ཀུན་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་ཚད་ཇེ་མགྱོགས་སུ་བཏང་ཐོག དམངས་འཚོ་ལེགས་བཅོས་ལ་སྔར་ལས་ཀྱང་ལྷག་པར་མཐོང་ཆེན་བྱེད་པ་དང་། ཁྲིམས་ལྟར་ཁུལ་སྐྱོང་བར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་སྟེ། གང་ནུས་ཅི་ཐུབ་ཀྱིས་སྤྱི་ཚོགས་བདེ་འཇགས་སྲུང་འཛིན་བྱེད་པར་བརྟེན་ནས། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་ཅུང་མྱུར་བར་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་འགན་ལེན་ཏན་ཏིག་བྱས་ཏེ། ས་ཁུལ་བཞི་བོ་འཛུགས་སྐྲུན་བྱེད་པའི་ཐད་ནས་སྔར་ལས་ཀྱང་རྒྱ་ཆེ་བའི་ཕན་འབྲས་ལོན་པར་སྐུལ་འདེད་བཏང་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་རྟེན་འབྲེལ་ཞུ་བར་སྐྱེས་འབུལ་བ།
དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི་འདི་དག་སྟེ། ཐོན་སྐྱེད་བསྡོམས་ཐང12﹪འཕར་སྣོན་བྱེད་པ། ནོར་སྲིད་ཡོང་སྒོ15﹪འཕར་སྣོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་ཚད25﹪འཕར་སྣོན་བྱེད་པ། སྤྱི་ཚོགས་འཛད་རྫས་སིལ་འཚོང་སྤྱི་གྲངས17﹪འཕར་སྣོན་བྱེད་པ། ཡུལ་སྐོར་སྤྱིའི་ཡོང་སྒོ20﹪འཕར་སྣོན་བྱེད་པ། གྲོང་རྡལ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོད་གཏོང་བྱེད་ཆོག་པའི་ཡོང་སྒོ12﹪འཕར་སྣོན་བྱེད་པ། རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ15﹪འཕར་སྣོན་བྱེད་པ། གྲོང་རྡལ་གྱིས་ཐོ་འགོད་བྱེད་པའི་ལས་ཤོར་ཚད3.5﹪ཚུན་ནས་ཚོད་འཛིན་བྱེད་པ། མི་འབོར་རང་ཤུགས་སུ་འཕར་ཚད10‰ཡི་ཚུན་ནས་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་ཚད4﹪ཡི་ཚུན་ནས་ཚོད་འཛིན་བྱེད་པ། ནུས་སྲི་སྙིགས་འཕྲི་ནི་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་ཚད་ཀྱི་ནང་ནས་ཚོད་འཛིན་བྱེད་པ།
གྲོས་ཚོགས་ཀྱི་ཟུར་ཞིག
གོང་གསལ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། གཤམ་གསལ་ཕྱོགས་བརྒྱད་ཀྱི་བྱ་བ་རྣམས་གཙོ་གནད་དུ་བརྩིས་ཏེ་ལེགས་པོར་འཛིན་དགོས་ཏེ། གཅིག་ནས་ཐོན་སྐྱེད་བྱེད་སྟངས་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་གནད་འགག་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། དེང་རབས་ཞིང་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་ནས་རིམ་པ་སྤར་བར་ཡར་སྐུལ་བྱེད་དགོས་པ་དང་། གཉིས་ནས་ཁྱད་ལྡན་དཔལ་འབྱོར་གོང་དུ་སྤེལ་བའི་གཙོ་གནད་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། ལྗང་མདོག་ཐོན་ལས་གསར་བ་ཆེ་སྒྲུབ་དྲག་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནས་གྲོང་རྡལ་ཅན་དུ་བསྒྱུར་བའི་འཕེལ་རིམ་གྱི་སྒུལ་ཤུགས་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། གོང་སྤེལ་བྱེད་སྟངས་གང་མགྱོགས་སྒོས་འཕོ་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། བཞི་ནས་རིག་གནས་དང་ཡུལ་སྐོར་གཉིས་མཉམ་འདྲེས་གོང་སྤེལ་གྱི་ཁྱད་སྟོབས་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། ཐོན་ལས་གསུམ་པའི་སྣེ་ཁྲིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་འབད་བརྩོན་གྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་རྩ་བ་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་གོམ་ཁ་བརྟན་པོའི་ངང་འཛུགས་སྐྲུན་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས། དྲུག་ནས་སྐྱེ་ཁམས་དཔལ་ཡོན་གྱི་འཐབ་ཇུས་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། མཛེས་སྡུག་མཚོ་ལྷོའི་འཛུགས་སྐྲུན་གྱི་ཕྱོགས་ནས་འགག་བརྟོལ་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས། བདུན་ནས་སྤྱི་ཚོགས་དོ་དམ་གྱི་ཐབས་སྲོལ་གསར་གཏོད་བྱེད་པའི་རྨང་གཞི་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་བརྟན་འཇགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པར་སྐུལ་འདེད་བྱེད་དགོས། བརྒྱད་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་སྒུལ་ཤུགས་འདི་མཐའ་གཅིག་ཏུ་དམ་འཛིན་བྱས་ཏེ། སྲིད་གཞུང་བྱ་བའི་སྤྱོད་གཙང་ནུས་མཐོ་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
སྙན་ཞུ་ལས་མཇུག་མཐར་ནན་གྱིས་བསྟན་དོན། ལོ་གསར་བ་འདིའི་ནང་དུ། གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཤིང་། རེ་བ་དང་དཀའ་ཁག་ལྷན་དུ་འཛོམས་ཡོད། ང་ཚོས་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག བློ་གཅིག་སེམས་གཅིག་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་དམིགས་ཡུལ་དམ་འཛིན་དང་། གོ་སྐབས་ལྷོད་མེད། དངོས་འབེབས་ནན་འཛིན་བཅས་བྱས་ཏེ། སྟོབས་ཤུགས་ཆེན་པོས་མཚོ་ལྷོའི་བཅོས་སྒྱུར་གོང་འཕེལ་གྱི་སྣང་བརྙན་གསར་བ་འཛུགས་དགོས་ཤིང་། ཁྱོན་ཡོངས་ནས་མཚོ་སྐོར་སྡོད་ཁུལ་གསར་བ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com