སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
ཟླ1པོའི་ཚེས15ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་མཚོ་ལྷོ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་ལྷོ་ཁུལ་ཏང་སྲིད་ཀྱི་འགོ་ཁྲིད་ཏུའུ་ཅེས་དང་། ཀྲང་ཝུན་ཁོས་སོགས་འབྲེལ་ཡོད་འགོ་ཁྲིད་རྣམས་ཚོགས་ཐོག་ཏུ་ཞུགས་པ་རེད།
ཚོགས་ཐོག་ཏུ་ཀྲུའུ་ཞི་འཕགས་པ་ཐར་གྱིས་སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ་བ་སྟེ། 2012ལོ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པ”ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་ཚོགས་པའི་དགའ་འོས་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་ལ། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གིས་ཚན་རིག་དང་མཐུན་པའི་གོང་སྤེལ་ལྟ་བ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་གཙོར་བཟུང་སྟེ། ནན་ཏན་སྒོས་སྲིད་གྲོས་འགན་ནུས་ཆེན་པོ་གསུམ་ལག་བསྟར་བྱེད་པ་དང་། འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འབུལ། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ནུས་པ་ཧུར་བརྩོན་སྒོས་འདོན་སྤེལ་བྱས་ཤིང་། བཅོས་སྒྱུར་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་ནས་བྱ་བའི་ལག་ལེན་ལ་སྐུལ་སྤེལ་དང་། དངོས་འཚོལ་བདེན་གཉེར་གྱི་འཛིན་སྟངས་བཅངས་ནས་བྱ་བའི་དོན་འཁྱོལ་ལ་སྐུལ་འདེད། ཕན་འབྲས་དངོས་མས་བྱ་བའི་ལས་འབྲས་ལ་དཔྱད་བསྡུར་བཅས་བྱས་ནས། སྤྱི་ཁོག་གི་བྱ་བར་ཁྱད་ཆོས་ལྡན་པ་དང་། གྲོས་མོལ་དང་སྲིད་གླེང་ལ་སྤུས་ཚད་ལྡན་པ། འགན་ནུས་ལག་བསྟར་བྱེད་པར་དངོས་འབྲས་ལྡན་པ་བཅས་བྱེད་ཐུབ་པས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་བར་བྱས་རྗེས་གསར་བ་བསྐྲུན་ཡོད་པ་རེད།
དེར་ཕྱོགས་དྲུག་ནས2012ལོའི་བྱ་བར་སྤྱི་བསྡོམས་གནང་བ་སྟེ། གཅིག་ནས་གཞུང་ལུགས་ཀྱི་གོ་ཆ་སྤྲས་པ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་བྱང་ཚད་སྐྱེད་སྲིང་བྱེད་པའི་ཁྲོད་དུ་ནུས་པ་གསར་བ་མཐོར་འདེགས་བྱུང་བ། གཉིས་ནས་གོང་སྤེལ་གྱི་ལས་འགན་གལ་ཆེན་དང་དམ་པོར་འབྲེལ་ནས། ཧུར་ཐག་གིས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་དུ་བྱས་རྗེས་གསར་བ་བཞག་པ། གསུམ་ནས་བརྗོད་གཞི་ཆེན་པོ་གཉིས་དམ་པོར་བཟུང་ནས། ཧུར་ཐག་གིས་འཆམ་མཐུན་ལ་ཡར་སྐུལ་བྱེད་པའི་ཁྲོད་དུ་ནུས་པ་གསར་བ་བཏོན་པ། བཞི་ནས་ནང་རྐྱེན་གསར་གཏོད་བྱེད་པར་ཤུགས་བཏོན་ནས། ཧུར་ཐག་གིས་འགན་ནུས་ཚད་ལྡན་དུ་གཏོང་བའི་ཁྲོད་དུ་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་པ། ལྔ་ནས་དམངས་ཀྱི་འཚོ་བ་དང་བདེ་སྐྱིད་ལ་དོ་ཁུར་བྱས་ནས། ཧུར་ཐག་གིས་གཞི་རིམ་ལ་འབྲེལ་འདྲིས་བྱེད་པའི་ཁྲོད་དུ་ཤུགས་ཚད་ཆེ་རུ་བསྐྱེད་པ། དྲུག་ནས་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཧུར་ཐག་གིས་རང་རྐང་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གྲུབ་འབྲས་གསར་བ་བཅས་བླངས་པ་རེད།
ཀྲུའུ་ཞི་འཕགས་པ་ཐར་གྱིས་སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་
བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ་བ།
དེ་དང་ཆབས་ཅིག་སྙན་ཞུའི་ཁྲོད་བསྟན་དོན། བྱ་བའི་ལག་ལེན་ཁྲོད། ངེས་པར་དུ་སློབ་སྦྱོང་དེ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དངོས་གནས་དམ་འཛིན་ནམ་ལེགས་འཛིན་བྱེད་པ་དང་། གཞུང་ལུགས་ཀྱི་རྨང་གཞི་བརྟན་པོས་རྒྱ་ཆེའི་ཨུ་ཡོན་རྣམས་ཀྱིས་ལས་འགན་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་འདེགས་དགོས། ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་སྲིད་ཞུགས་འདུ་ཤེས་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོར་ཁྱབ་ཏུ་བཅུག་ནས། དམངས་ཀྱི་འདོད་བློར་མཐུན་པའི་བསླབ་བྱ་མང་པོ་གཏོང་བ་དང་དམངས་ཀྱི་རེ་འདུན་ལ་མཐུན་པའི་ཐབས་ཇུས་ལེགས་པོ་འབུལ་བ། དམངས་སེམས་ཐོབ་པའི་དངོས་དོན་མང་པོ་བསྒྲུབ་དགོས། ངེས་པར་དུ་སྲིད་གྲོས་ཀྱི་སྤྱིའི་དགེ་མཚན་དང་ཐུན་མིན་གྱི་ནུས་པ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་ཁག་གམ་ཚོགས་པ་སོ་སོ་དང་། མི་རིགས་སོ་སོ་དང་ལས་རིགས་ཁག་གི་མི་སྣ། ཨུ་ཡོན་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་དཔལ་འབྱོར་གོང་སྤེལ་ལ་ཐབས་ཇུས་འབུལ་བ་དང་། འཆམ་མཐུན་གཏན་འཇགས་ལ་ནུས་ཤུགས་འདོན་པ། མི་རིགས་མཐུན་སྒྲིལ་ལ་རང་འགན་དོན་འཁྱོལ་བྱེད་དགོས། ངེས་པར་དུ་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ལག་ལེན་འཚོལ་ཞིབ་བྱས་ཏེ་སྲིད་གྲོས་ཀྱི་གཞུང་ལུགས་གསར་གཏོད་དང་ལམ་ལུགས་གསར་གཏོད། བྱ་བ་གསར་གཏོད་བཅས་ལ་སྐུལ་འདེད་བྱེད་དགོས། འདི་ལྟར་བསྒྲུབས་ན་ད་གཟོད་སྲིད་གྲོས་བྱ་བར་ནམ་ཡང་སྐྱེ་སྟོབས་འབར་ཞིང་གསོན་ཤུགས་རྒྱས་ཐུབ་པ་དང་། ད་གཟོད་ཚན་རིག་གོང་སྤེལ་ལ་སྐུལ་འདེད་བྱེད་པ་དང་དམངས་འཚོ་ལེགས་བཅོས་ལ་ཡར་སྐུལ་བྱེད་པ། སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་དུ་བྱས་རྗེས་ལེགས་པོ་བསྐྲུན་ཐུབ།
སྙན་ཞུ་་ལས་ནན་གྱིས་བསྟན་དོན། 2013ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་སུ་ལག་བསྟར་གཏན་འབེབས་བྱེད་པའི་ལོ་དང་པོ་ཡིན་པ་དང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པ”སྔ་རྗེས་མཐུད་སྦྲེལ་གྱིས་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་འདིང་བའི་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གི་བྱ་བའི་མཛུབ་སྟོན་བསམ་བློ་ནི། ཏིང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་གི་གོང་སྤེལ་ལྟ་བ་བཅས་མཛུབ་སྟོན་དུ་བྱས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཞིང་ཆེན་དང་ཁུལ་གྱི་ཏང་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པ་དང་རྒྱུན་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཤིང་། “ཚན་རིག་གི་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དེ་གལ་ཆེ་བའི་འགན་འཁྲི་དང་པོར་འཛིན་པ་དང་། མཐུན་སྒྲིལ་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ་དེ་འགན་འཁྲི་གཙོ་བོར་འཛིན་པའི”བྱ་བའི་རིགས་ལམ་རྒྱུན་འཁྱོངས་བྱས་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་གཉིས་ལ་དམ་པོར་འབྲེལ་ནས་ལས་འགན་ལག་བསྟར་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བ། དམངས་གཙོ་ཆབ་སྲིད་ཀྱི་འཛུགས་སྐྲུན་དང་ལམ་ལུགས་ནང་རྐྱེན་གྱི་འཛུགས་སྐྲུན། རང་ངོས་ཀྱི་ནུས་པའི་འཛུགས་སྐྲུན་བཅས་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ་བཅས་ཀྱི་སྒོ་ནས། རང་ཁུལ་གྱི“གསར་པ་གཉིས”ཀྱི་དམིགས་འབེན་དང“ས་ཁུལ་བཞིའི”འཛུགས་སྐྲུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པ།
དེ་མིན་སྙན་ཞུའི་ཁྲོད། སློབ་སྦྱོང་ནི་རྩ་བ་ཡིན་པ་གཙིགས་སུ་བཟུང་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྟེང་བྱེད་ཐབས་་གསར་བ་ཇེ་དྲག་ཏུ་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་ཐབས་ཇུས་ལེགས་འགོད་བྱས་ནས“ས་ཁུལ་བཞི”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྟེང་གྲུབ་འབྲས་གསར་བ་མངོན་དགོས་པ། ཕྱོགས་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་འཆམ་མཐུན་མཚོ་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྟེང་བྱས་རྗེས་གསར་བ་འཇོག་དགོས་པ། དམངས་ཕན་གྱི་བྱེད་ཐབས་མང་པོ་སྤྱད་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་སྟེང་ནུས་ཤུགས་གསར་བ་འདོན་དགོས་པ། དོ་དམ་གྱི་རྨང་གཞི་བརྟན་པོར་བཏང་ནས་གཅིག་སྒྲིལ་གྱི་ནུས་ཤུགས་འདོན་པའི་སྟེང་རྣམ་པ་གསར་བ་མངོན་དགོས་པ་བཅས་ཕྱོགས་ལྔ་ནས2013ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞིབ་ཕྲའི་དགོངས་འཆར་བཏོན།
ཀྲུའུ་ཞི་གཞོན་པ་བན་དེ་བཀྲ་ཤིས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཚོགས་ཆེན་སྟེང་སྲིད་གྲོས་
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་
པོ་དང་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བ།
ཀྲུའུ་ཞི་གཞོན་པ་བན་དེ་བཀྲ་ཤིས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཚོགས་ཆེན་སྟེང་སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ་བ་སྟེ། ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་པའི་སྡེ་ཚན་སོ་སོ། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དཀྱིལ་སྙིང་བྱ་བ་དང་དམ་པོར་འབྲེལ་ནས་གྲོས་གཞིའི་རྣམ་པ་བེད་སྤྱད་དེ་ཐབས་འདོན་ཇུས་འབུལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལམ་དམངས་ཀྱི་འདོད་བློ་བརྗོད་ཅིང་། བསྡོམས་པས་གྲོས་གཞི148བཏོན་པ་དང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་ནས་གྲོས་གཞི44ཐོ་འགོད་བྱས།(དེའི་ཁྲོད་གྲོས་གཞི་གལ་ཆེན17དང་གྲོས་གཞི་དཀྱུས་མ27ཡོད།) རིམ་དགར་འགན་འཁུར་དང་བདག་ཁོངས་སུ་བདག་སྤྲོད་བྱེད་པའི་རྩ་དོན་ལྟར་ཁུལ་སྲིད་གྲོས་ཀྱིས་དུས་ཐོག་ཏུ་གྲོས་གཞི་འདི་དག་རེ་རེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག34དང་། རྫོང5ཡི་སྲིད་གཞུང་བཅས་སུ་སྐྱེལ་སྤྲོད་བྱས་ནས་ཞིབ་འཇུག་ཐག་གཅོད་བྱས། མིག་སྔར་གྲོས་གཞི44ཡོངས་རྫོགས་ལ་བསྒྲུབས་ལན་འབྱོར་ཡོད། གྲོས་གཞིར་བསྒྲུབས་ལན་འབྱོར་ཚད100%ལ་བསླེབས་པ་དང་། གྲོས་གཞིའི་བསྒྲུབས་ལན་ལ་མང་ཚོགས་ཡིད་ཚིམས་པའི་ཚད93%ལ་བསླེབས། དེའི་ཁྲོད་གྲོས་གཞི་ལས་བཏོན་པའི་གནད་དོན་ཐག་བཅད་པའམ་ཡང་ན་ཕལ་ཆེར་ཐག་བཅད་པའི་གྲོས་གཞི24ཡོད་ལ། གྲོས་གཞི་ཐོ་འགོད་བསྡོམས་གྲངས་ཀྱི54.5%ཟིན། ཐག་གཅོད་བྱེད་བཞིན་པའམ་ཡང་ན་འཆར་གཞིའི་ཁྲོད་བཞག་ནས་རིམ་གྱིས་ཐག་གཅོད་བྱེད་པའི་གྲོས་གཞི20ཡོད་ལ། གྲོས་གཞི་ཐོ་འགོད་བསྡོམས་གྲངས་ཀྱི45.5%ཟིན་པ་དང་། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞིའི་སྤུས་ཚད་མཐོར་འདེགས་དང་། གྲོས་གཞི་བསྒྲུབ་པའི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་དང་དམ་པོར་འབྲེལ་ནས་གྲོས་གཞི་གཅིག་སྡུད་དང་། ཐག་གཅོད། ཞིབ་བཤེར་ལ་སྐུལ་འདེད་བཅས་གནད་འགག་གསུམ་གྱི་སྟེང་ཤུགས་བཏོན་པར་མ་ཟད། གཤམ་གྱི་ཁྱད་ཆོས་འགའ་མངོན་པ་སྟེ། གྲོས་གཞིའི་རང་ངོས་ཀྱི་སྤུས་ཚད་མུ་མཐུད་དུ་མཐོ་རུ་བཏེགས་པ་དང་། སྤུས་ལེགས་ནུས་ལྡན་གྱི་གྲོས་གཞི་བསྒྲུབས་པའི་གཞི་རྒྱ་ཐོག་མར་གྲུབ་པ། གྲོས་གཞི་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་རྒྱ་བསྐྱེད་པ་བཅས་ཕྱོགས་གསུམ་ནས2012ལོའི་གྲོས་ཞིབ་བྱ་བར་སྤྱི་བསྡོམས་བྱས་པ་མ་ཟད། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ནས་གྲོས་གཞི་བྱ་བར་མུ་མཐུད་དུ་ཇུས་འགོད་བྱེད་དགོས་དང་། དངོས་འཚོལ་བདེན་གཉེར་རྒྱུན་འཁྱོངས་བྱས་ནས་གྲོས་གཞི་བྱ་བའི་སྤྱིའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་འདེགས་པ། གྲོས་གཞི་དྲིལ་སྒྲོག་ལ་ཤུགས་བསྣན་ནས་གྲོས་གཞི་བྱ་བའི་སྤྱི་ཚོགས་ཀྱི་དགེ་མཚན་མུ་མཐུད་དུ་ཇེ་རྒྱས་སུ་གཏོང་བ་བཅས་ཕྱོགས་བཞི་ནས2013ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བྱ་བར་དགོངས་འཆར་བཏོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com