སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-02-14 16:03:00 ཀློག་གྲངས།:


སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་
གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་ཚོགས་པ།

          ཟླ2པའི་ཚེས14ཉིན།  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་།  སྔ་དྲོའི་ཆུ་ཚོད8:30སྟེང་།  ཁུལ་ཚོགས་འདུ་ལྟེ་གནས་སུ་མེ་ཏོག་ཆུན་པོས་ཡོངས་སུ་བརྒྱན་པ་དང་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཁུལ་ཡོངས་མི་དམངས་མང་ཚོགས་ཀྱིས་བཅིངས་བའི་རེ་འདུན་དང་འདོད་བློ་འཁྱེར་ཏེ་ཚོགས་འདུའི་ཡུལ་དངོས་སུ་སླེབས་པ་རེད། 
          སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འཕགས་པ་ཐར་དང་།  སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལིག་ཀྲོང་ཡའེ།  རིན་ཅན་མིན། ཀུན་བཟང་པད་མ་རྣམ་རྒྱལ།  ཝུན་ཧྭ་ཁྲུན།  བན་དེ་བཀྲ་ཤིས། བློ་གསལ་རྒྱ་མཚོ།  དྲུང་ཡིག་པ་ཆེན་མོ་ཆོའོ་ཡེ་ཆིག་སོགས་འགོ་ཁྲིད་རྣམས་སྟེགས་བུའི་སྔུན་དུ་བཞུགས་ཤིང་།  ཁུལ་ཏང་སྲིད་དམག་གི་འགོ་ཁྲིད་ཀྲང་ཝུན་ཁོས་དང་།  མུའུ་ཧྲན་ལང་།  ཏུའུ་ཁྲིན་ཀྲུང་།  ཨ་དགེ་འདུན།  ལིའི་ཏཱ་ཡེ།  ཀླུ་འབུམ་རྒྱལ།  ལི་ཡུན།  དཔལ་སྒྲོན།  ཡཱན་ཁང་ལིན།  ཡཱང་ཡུང་ཧུའུ།  རྟ་མགྲིན་ཚེ་རིང་།  ཡུན་མི་ལིན།  ཀྲང་ཡི་གྲང་།  དཔལ་ཆེན་རྒྱལ།  རྟ་མགྲིན་སྒྲོལ་མ།  གསེར་མཚོ།  ཉིན་ཁི་ཕུན།  ཙོ་ཡུ་ལིན།  ཧང་ཀྲི་སོགས་འགོ་ཁྲིད་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་པ་ཡིན་ལ།     ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཨུ་ཡོན་བསྡོམས་པས220དང་།  དེ་རིང་ཚོགས་འདུའི་དངོས་ཞུགས་ཨུ་ཡོན195འདུག་ཅིང་སྲིད་གྲོས་སྒྲིག་ཁྲིམས་གཏན་འབེབས་དང་ཡོངས་སུ་མཐུན། 


རྒྱལ་གླུའི་ཁྲོད་ཚོགས་འདུ་འགོ་བརྩམས་པ།

          ཐེངས་འདིའི་ཚོགས་འདུའི་མཛད་སྒོ་ནི་མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་འཕགས་པ་ཐར་གྱིས་མདོ་འཛིན་གནང་ཞིང་།  ཚོགས་འདུ་ལ་གྲོས་རིམ་གསུམ་དུ་དབྱེ་བ་སྟེ།  གཅིག  སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་ལ་ཉན་པ་དང་། གཉིས།   སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གསན་པ། གསུམ། སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་འབྲེལ་ཡོད་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པ་ནས་བཟུང་སྤེལ་པའི་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་ལ་གསན་པ་བཅས་ཡིན།


མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་འཕགས་པ་ཐར་གྱིས་མདོ་འཛིན་གནང་བ། 

          སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལིག་ཀྲོང་ཡའེ་ཡི་སྙན་ཞུ་ལ་ཁག་གཉིས་སུ་དབྱེ་ཡོད་ཅིང་། གཅིག་ནི2011ལོའི་ཁུལ་ཡོངས་སྲིད་གྲོས་བྱ་བ་སྤྱི་བསྡོམས་བྱས་པ་ཡིན།  སྙན་ཞུས་བསྟན་དོན།  2011ལོ་ནི་ཁུལ་ཡོངས་ཀྱི་མི་དམངས་སྲིད་གྲོས་ལས་དོན་སྔ་འཛིན་ཕྱི་གཏོད་དང་གསར་སྐྲུན་གོང་སྤེལ་གྱི་ལོ་ཞིག་ཡིན་པ་དང་། ཁུལ་སྲིད་གྲོས་རྒྱུན་ཨུ་ཁང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བས་གཅིག་གྱུར་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་།  ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཁུལ་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་།  མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་གཙོར་བཟུང་ནས། ནན་ཏན་གྱིས་སྲིད་གྲོས་འགན་ནུས་ལག་བསྟར་བྱེད་ཅིང་།  སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་འཚོལ་བ། ནུས་ཤུགས་ཡོད་རྒུས་དམངས་འཚོར་ཕན་འདོགས་པ།  སེམས་པ་གཅིག་མཐུན་གྱིས་འཆམ་མཐུན་སྐུལ་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ལས་དོན་སྣ་ཚོགས་གོང་དུ་འཕེལ་བར་བྱས་རྗེས་གསར་བ་བཞག་ཡོད་དེ། གཞུང་ལུགས་སློབ་སྦྱོང་འབུར་དུ་དོད་ཅིང་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོར་འདེགས་གསར་བ་བྱུང་ཡོད་པ་དང་།  སྟོབས་ཤུགས་ཡོད་རྒུས་ཚན་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།  སྲིད་གླེང་དང་ཐབས་འདོན་ཇུས་འབུལ་ཕྱོགས་སུ་གྲུབ་འབྲས་གསར་བ་བླངས་པ། བརྗོད་གཞི་ཆེན་པོ་གཉིས་དམ་པོར་བཟུང་ནས། མཐུན་སྒྲིལ་དང་གཏན་འཇགས་སྲུང་སྐྱོང་བྱེད་པར་བྱས་རྗེས་གསར་བ་བཞག་ཡོད་པ།  དགེ་མཚན་ལྡན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་འཆམ་མཐུན་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པར་བྱས་རྗེས་གསར་བ་གནང་བ།   དེ་མིན་ནང་གི་བྱང་ཚད་ཇེ་དྲག་དང་ཕྱི་ཡི་རྣམ་པ་ལེགས་པོར་བཙུགས་ནས་སྲིད་གྲོས་རང་རྐང་གི་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་བ་བླངས།


སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལིག་ཀྲོང་ཡའེ་ཡིས་བྱ་བའི་སྙན་ཞུ་ཕུལ་པ།

          ལོ་གཅིག་རིང་གི་མངོན་སུམ་གསལ་རྗེན་གྱི་ལག་ལེན་ལ་ཕྱིར་གཞིགས་བྱས་ན།  ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ཨུ་ཁང་གིས་རྒྱུན་འཛིན་ཁྲོད་གསར་གཏོད་བྱས་ཤིང་།  རྒྱ་བསྐྱེད་ཁྲོད་མདུན་སྐྱོད་ཀྱིས་སྲིད་གྲོས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་ཚོགས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་སྤེལ་པ།  ང་ཚོའི་བློ་སྒོ་ཕྱེས་ཤིང་མྱོང་ཚོར་ཟབ་མོ་ཐོབ་པ་སྟེ་ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་རྒྱབ་སྐྱོར་རྒྱུན་འཁྱོངས་བྱེད་པ་ནི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་རྩ་བའི་ཁག་ཐེག་ཡིན་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་ནི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་རྩ་བའི་བླང་བྱ་ཡིན་པ། དམངས་གཙོ་མཐུན་སྒྲིལ་དང་བློ་རྩ་གཅིག་ཏུ་སྒྲིལ་བ་ནི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་ཡུན་གཏན་བརྗོད་བྱ་ཡིན་པ།  དུས་བསྟུན་ལྷན་སྐྱོད་དང་བདེན་འཚོལ་གསར་སྐྲུན་བྱེད་པ་ནི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་གསོན་ཤུགས་ཀྱི་ཐོན་ཁུངས་ཡིན་པ། དེ་མིན་རྨང་དྲག་རྩ་བརྟན་དང་གསར་གཏོད་མདུན་སྐྱོད་བྱེད་པ་ནི་སྲིད་གྲོས་ལས་དོན་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་སྒུལ་ཤུགས་ཡིན་པ་བཅས་སོ།།


ཚོགས་འདུའི་ཟུར་ཞིག

          གཉིས་ནི2012ལོའི་སྲིད་གྲོས་བྱ་བའི་བསམ་འཆར་ཏེ།  བློ་ཐག་རྦད་ཆོད་ཀྱིས་ཏང་གི་འགོ་ཁྲིད་སྲུང་འཛིན་བྱས་ནས་འབད་པས་སྲིད་གྲོས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་པ་དང་། ཁུལ་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ནས། ཐོད་བརྒལ་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ་གྲུབ་འབྲས་གསར་བ་ལེན་དགོས་པ།  དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་བརྩོན་བྱས་ཏེ། འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་དང་ནུས་ཤུགས་གསར་བ་གཅིག་བསྡུ་བྱེད་དགོས་པ། དེ་མིན་དམངས་ཀྱི་གནས་ཚུལ་རྟོགས་པ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱས་ནས། དམངས་འཚོ་ལེགས་བཅོས་ལ་འགན་སྲུང་བྱེད་པར་ནུས་པ་གསར་བ་འདོན་སྤེལ་བྱེད་དགོས་པ་དང་།  ཨུ་ཡོན་གྱི་གཙོ་ཕུང་ནུས་པ་འདོན་སྤེལ་བྱས་ཏེ། རང་འགན་ལ་རྐང་བཙུགས་ནས་མིག་དཔེ་གསར་བ་འཇོག་དགོས་པ།  ཕྱོགས་ཡོངས་ནས་རང་རྐང་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། སྲིད་གྲོས་རྩ་འཛུགས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་པ་བཅས་ཡིན།


བློ་མཐུན་ཝུན་ཧྭ་ཁྲུན་གྱིས་བྱ་བའི་སྙན་ཞུ་ཕུལ་པ།

          སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝུན་ཧྭ་ཁྲུན་གྱི་སྙན་ཞུ་ཡིས་སྲིད་གྲོས་མཚོ་ལྷོ་ཁུལ་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུ་ཚོགས་པ་ནས་བཟུང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དང་།  དམངས་གཙོ་ཏང་ཁག་གིས་བཏོན་པའི་བསམ་འཆར་དག་ཕྱིར་དྲན་དང་།  ཁྱོན་ཡོངས་ནས2011ལོའི་སྐབས་བཅུ་གཅིག་པའི་སྲིད་གྲོས་གྲོས་གཞི་བྱ་བའི་གྲུབ་འབྲས་སྤྱི་བསྡོམས་དང2012ལོའི་གྲོས་གཞི་བྱ་བར་གཤམ་གསལ་གྱི་བསམ་འཆར་བཏོན་པ་སྟེ།  གསར་གཏོད་ཀྱི་འདུ་ཤེས་འཛིན་པ་དང་གྲོས་གཞིའི་སྤུས་ཚད་མཐོར་འདེགས་གཏོང་དགོས་པ་དང་།   བྱ་བའི་མ་ལག་འཐུས་ཚང་དུ་བཏང་ནས་ལམ་ལུགས་འགན་སྲུང་མཁོ་སྤྲོད་བྱེད་པ།  མཐུན་སྦྱོར་སྐུལ་སྒྲུབ་བྱ་བར་ཤུགས་བསྣན་ཏེ་ལས་དོན་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་དགོས་པ་བསྟན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།