སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་པ།
སྲིད་གྲོས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་པ།
ཟླ10བའི་ཚེས21ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། སྔ་དྲོའི་ཆུ་ཚོད8:30སྟེང་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཁུལ་ཡོངས་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་འདོད་མོས་སེམས་ལ་བཅངས་ཏེ་བློ་སྤོབས་ཆེན་པོས་ཚོགས་འདུ་ཡུལ་དངོས་སུ་སླེབས་པ་རེད།
ཚོགས་འདུའི་ཟུར་ཞིག
མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་ཀརྨ་རྒྱལ་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ་ཞིང་། མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད།
མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་ཀརྨ་རྒྱལ་གྱིས་བྱ་བའི་སྙན་ཞུ་ཕུལ་བཞིན་པ།
མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་ཀརྨ་རྒྱལ་གྱིས་སྙན་ཞུ་ཁག་གསུམ་དུ་དབྱེ་ནས་བསྟན་དོན།
དང་པོ། འདས་པའི་ལོ་ལྔའི་བྱ་བར་ཕྱིར་མིག་ལྟ་བ།
སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པས་འགན་ཡུན་ཁུར་བའི་ལོ་ལྔ་ནི། རང་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བླངས་པ་དང་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་དུ་འཕེལ་བ། ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་སུམ་དུ་མཐོར་འདེགས་བྱུང་བ། སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་སུ་སོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བསྟུད་མར་ཇེ་ལེགས་སུ་སོང་བ་བཅས་ཀྱི་ལོ་ལྔ་ཡིན་ལ། རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་འཕེལ་རྒྱས་མྱུར་ཚད་ཆེས་མགྱོགས་པ་དང་། འཕེལ་རྒྱས་ཀྱི་རྒྱུ་སྤུས་ཆེས་ལེགས་པ། ཞང་གྲོང་གི་རྣམ་པར་འགྱུར་ལྡོག་བྱུང་ཚད་ཆེས་མངོན་གསལ་ཡིན་པ། རིགས་སོ་སོའི་མི་དམངས་ལ་ཕན་འབྲས་ཐོབ་ཚད་ཆེས་མང་བའི་དུས་སྐབས་ཤིག་ཀྱང་ཡིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགོ་ཁྲིད་འོག་ཏུ། ཁུལ་སྲིད་གྲོས་སྐབས་བཅུ་གཅིག་པས་ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང“མཚོན་པ་རྣམ་གསུམ”གྱི་དགོངས་དོན་གལ་ཆེན་གྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། མཐུན་སྒྲིལ་དང་དམངས་གཙོ་གཉིས་བརྗོད་གཞི་གཙོ་བོར་བཟུང་ཐོག ཁྱོན་ཡོངས་ཞབས་ཞུ་དང་གཙོ་གནད་འབུར་ཐོན། དངོས་གཉེར་གསར་བསྐྲུན་དང་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་སྒོས་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་བཅས་ལག་བསྟར་བྱས་ཏེ། སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དེ་ལག་ལེན་གྱི་སྟེང་ནས་མཚོན་པ་དང་། དམངས་འཚོ་ལ་དོ་སྣང་བྱེད་པའི་ཐད་ཕན་འབྲས་གཙིགས་སུ་འཛིན་པ། འཆམ་མཐུན་ལ་སྐུལ་འདེད་བཏང་ནས་རང་གི་ཁྱད་ཆོས་སྐྲུན་པ། རང་རྐང་འཛུགས་སྐྲུན་བྱེད་པའི་ཐད་གསོན་ཤུགས་རབ་ཏུ་རྒྱས་པ་བཅས་ཀྱི་རྣམ་པ་ལེགས་པོ་མངོན་ཐབས་བྱས་ཡོད་ཅིང་། མི་དམངས་སྲིད་གྲོས་ཀྱི་འབྲེལ་བ་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྡུད། ཐབས་འདོན་ཇུས་འབུལ། སྤྱི་ཡོངས་ཞབས་ཞུ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་ལྷོ་གསར་བའི་འཛུགས་སྐྲུན་ལས་དོན་མདུན་སྐུལ་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད།
གཉིས། འདས་པའི་ལོ་ལྔའི་བྱ་བའི་ཉམས་མྱོང་གཙོ་བོ།
ཐོག་མཐའ་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ལས་དོན་གོང་ནས་གོང་དུ་འཕེལ་བའི་རྩ་བའི་ཁག་ཐེག་ཡིན་པ་དང་། ཐོག་མཐའ་ཀུན་ཏུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ལས་དོན་ཀྱི་སྔ་འཛིན་ཕྱི་གཏོད་ཀྱི་ཁ་ཕྱོགས་འོས་འགན་ཡིན་པ། ཐོག་མཐའ་ཀུན་ཏུ་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ཚད་གཞི་གཙོ་བོ་ཡིན་པ། ཐོག་མཐའ་ཀུན་ཏུ་མི་གཞི་རྩར་འཛིན་པ་དང་དམངས་ཆེད་འགན་སྒྲུབ་རྒྱུན་འཁྱོངས་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་ངེས་པར་བརྩི་སྲུང་བྱེད་དགོས་པའི་སྲིད་ཞུགས་འདུ་ཤེས་ཡིན་པ། ཐོག་མཐའ་ཀུན་ཏུ་ཨུ་ཡོན་གྱི་རྐང་འཛིན་ནུས་པ་འདོན་སྤེལ་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་སྤྱི་ཡོངས་ཕན་ནུས་མཐོར་འདེགས་བྱེད་པའི་ངོ་བོའི་བླང་བྱ་ཡིན་པ། ཐོག་མཐའ་ཀུན་ཏུ་བསམ་བློ་བཅིངས་འགྲོལ་དང་བློ་བརྟན་གསར་གཏོད་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ལས་དོན་ལ་ནམ་ཡང་སྐྱེ་སྟོབས་འབར་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ།
གསུམ། དེང་ཕྱིན་ལོ་ལྔའི་བྱ་བའི་གྲོས་གཞི།
ཁུལ་ཏང་འཐུས་ཚོགས་འདུ་ཐེངས་བཅུ་གཉིས་པའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་སྲིད་གྲོས་བྱ་བ་ལེགས་སྒྲུབ་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ། ཁུལ་ཡོངས་ཀྱི་བྱ་བའི་སྤྱི་ཁྱོན་ལ་དམ་པོར་དམིགས་ནས། མཚོ་ལྷོའི་དཔལ་འབྱོར་མཆོངས་བརྒལ་ངང་འཕེལ་རྒྱས་སུ་འགྲོ་བར་ཇུས་འདོན་ཤུགས་འབུལ་བྱ་དགོས་པ། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ཁོང་དུ་དམ་པོར་བཅུག་ཐོག ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་མཛའ་མཐུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པ། དམངས་འཚོའི་གནད་དོན་ལ་དོ་ཁུར་ཆེན་པོ་བྱས་ཏེ། འཆམ་མཐུན་མཚོ་ལྷོ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ། ཁྱོན་ཡོངས་ནས་རང་རྐང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྲིད་གྲོས་བྱ་བའི་ཚན་རིག་ཅན་གྱི་ཆུ་ཚད་དངོས་གནས་མཐོར་འདེགས་གཏོང་དགོས་པ་བཅས་བསྟན།
མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་གྱིས་བྱ་བའི་སྙན་ཞུ་ཕུལ་བཞིན་པ།
མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་གྱིས་འདས་བའི་ལོ་ལྔའི་ནང་མཚོ་ལྷོ་ཁུལ་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་བྱ་བའི་གནས་ཚུལ་སྐོར་ལ་སྤྱི་བསྡོམས་བྱས་ཤིང་། འདས་བའི་ལོ་ལྔའི་གྲོས་ཞིབ་བྱ་བའི་མྱོང་ཚོར་བརྗོད་པ་སྟེ། གཅིག འགོ་ཁྲིད་ཀྱིས་མཐོང་ཆེན་གནང་བ་དང་སྡེ་ཁག་གིས་རྒྱབ་སྐྱོར་བྱེད་པ་ནི་གྲོས་གཞི་བྱ་བ་ལེགས་པོར་སྒྲུབ་པའི་ཁག་ཐེག་ཡིན། གཉིས། དཀྱིལ་སྙིང་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་ནི་གྲོས་གཞི་བྱ་བ་ལེགས་པོར་སྒྲུབ་པའི་དམིགས་འབེན་ཡིན། གསུམ། ཨུ་ཡོན་གྱི་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ་ནི་གྲོས་གཞི་བྱ་བ་ལེགས་པོར་སྒྲུབ་པའི་རྨང་གཞི་ཡིན། བཞི། ཐག་གཅོད་དངོས་འབེབས་དམ་པོར་འཛིན་པ་ནི་གྲོས་གཞི་བྱ་བ་ལེགས་པོར་སྒྲུབ་པའི་འགག་རྩ་ཡིན་ཟེར།
ལས་སྒྲུབ་མི་སྣས་བོད་སྐད་དུས་བསྟུན་སྐད་བསྒྱུར་བྱེད་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com