ཡུལ་ཤུལ་གྱིས་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་དགོན་སྡེ་བསྐྱར་སྐྲུན་བྱེད་པའི་བྱ་བ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-17 11:49:00 ཀློག་གྲངས།:
  རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔའི་བར་དུ“4.14”ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་དགོན་སྡེ་ཁག་བསྐྱར་སྐྲུན་བྱེད་པའི་བཟོ་སྐྲུན་ཁྱོན་ཡོངས་ནས་འགོ་བརྩམས་པ་དང་། རིག་གནས་རྟེན་རྫས་ཞིག་གསོ་དང་སྲུང་སྐྱོབ་བྱེད་པའི་བྱ་བ་བདེ་བླག་ངང་འགྲུབ་བཞིན་ཡོད།
  མིག་སྔའི་བར་དུ་ཁུལ་ཡོངས་སུ་གནོད་འཚེ་ཐེབས་པའི་དགོན་སྡེ་དང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བའི་གནས86ལ་འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། གྲྭ་ཤགས་སྲ་བརྟན་དུ་གཏོང་བའི་ལས་འགན་བསྒྲུབས་ཚད65%དང་། གྲྭ་ཤགས་བསྐྱར་སྐྲུན་གྱི་ལས་འགན་བསྒྲུབས་ཚད80% འདུ་ཁང་འཛུགས་སྐྲུན་གྱི་ལས་འགན་བསྒྲུབས་ཚད50%བཅས་ཡིན་པ་རེད།
  ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་ལྡོང་ཚང《བཀའ་བསྟན》ཉར་ཚགས་ཁང་ཉམས་གསོ་བྱེད་པའི་བཟོ་སྐྲུན་ཞིབ་བཤེར་བྱས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།
  ལོ་ངོ700ལྷག་གི་ལོ་རྒྱུས་ལྡན་ཞིང་། ས་ཡོམ་ཁྲོད་གནོད་འཚེ་ཚབས་ཆེན་ཐེབས་པའི་ཁྲ་འགུ་དགོན་པའི་གནས་ཤུལ་སྲུང་སྐྱོབ་བྱ་བའི་འགོ་བརྩམས་ཟིན་ལ། ད་ལོའི་ཟླ11བའི་ཟླ་དཀྱིལ་དུ་ལེགས་འགྲུབ་འབྱུང་ཐུབ་པ་རེད།
  གེ་སར་དང་དམག་དཔོན་སུམ་ཅུའི་སྐུ་གདུང་མཆོད་རྟེན་དང་། རྟ་རྣ་དགོན། རྒྱ་བཟའ་ཀོང་ཇོའི་དགོན་པ། སེང་མཛེས་རྒྱ་ནག་མ་ཎིའི་རྡོ་འབུམ་སོགས་ཁོངས་སུ་གཏོགས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་རིམ་པའི་རིག་གནས་རྟེན་རྫས་སྲུང་སྐྱོབ་གནས་ཀྱི་ཉམས་གསོ་དང་སྲ་བརྟན་དུ་གཏོང་བའི་བཟོ་སྐྲུན་ཡང་ཁྱོན་ཡོངས་ནས་འགོ་བརྩམས་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིམ་པ་དང་དེའི་མན་གྱི་རིག་གནས་རྟེན་རྫས་སྲུང་སྐྱོབ་གནས 44ཁྲོད་ཉམས་གསོའི་བཟོ་སྐྲུན་ཇུས་འགོད་བྱས་ཚར་བ41ཡོད་པ་དང་། ལས་འགོ་བརྩམས་པ18ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།