མཚོ་ལྷོའི་རྫོང་འགས་སྡེ་བའི་སྨན་པའི་རྒན་གསོ་འགན་སྲུང་ལམ་ལུགས་གསར་བ་གཏན་འཁེལ་བྱས་པ།

རྩོམ་པ་པོ།:ལྷ་སྟག ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2011-10-16 12:33:00 ཀློག་གྲངས།:

              སྡེ་བའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་དང་འབའ་རྫོང་། མང་རྫོང་བཅས་ཀྱིས་རང་རྫོང་གི་གནས་ཚུལ་ལྟར། སྡེ་བའི་སྨན་པའི་རྒན་གསོ་འགན་སྲུང་ལམ་ལུགས་གསར་བ་གཏན་འཁེལ་བྱས་ཏེ། སྡེ་བའི་སྨན་པའི་རྒན་གསོ་གནད་དོན་ཐག་གཅོད་བྱས།
              གསེར་ཆེན་རྫོང་དང་མང་རྫོང་གཉིས་ཀྱིས་སྡེ་བའི་སྨན་པའི་རྒན་གསོ་འགན་སྲུང་མ་དངུལ་དེ་ནོར་སྲིད་སྔོན་རྩིས་ནང་བཞག ད་ལོར་རྫོང་དེ་གཉིས་ཀྱི་སྡེ་བའི་སྨན་པ་རེ་རེའི་ལོ་རེའི་སྒོར་ལྔ་བརྒྱའི་རྒན་གསོ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གསུམ་སྟོང་དྲུག་བཞི་བརྒྱ་སྲིད་གཞུང་གིས་གཅིག་གྱུར་སྒོས་སྤྲད། འབའ་རྫོང་གིས་སྡེ་བའི་སྨན་པའི་རྒན་གསོ་མ་དངུལ་དེ་ལས་བྱེད་པའི་རྒན་གསོ་མ་དངུལ་ནང་དུ་བཞག་པ་དང་། རྒན་གསོ་འགན་སྲུང་དེ་སྲིད་གཞུང་དང་སྡེ་བའི་སྨན་པ་རང་ཉིད་ཀྱིས་བདུན་དང་གསུམ་གྱི་བསྡུར་ཚད་ལྟར་འགན་འཁུར་དགོས་ལ། སྲིད་གཞུང་གིས་སྡེ་བའི་སྨན་པ་གྱ་དགུ་ལ་རྒན་གསོའི་འགན་སྲུང་མ་དངུལ་སྒོར་འབུམ་གསུམ་དང་ཁྲི་དགུ་སྟོང་བདུན་སྤྲད་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར་སྟོང་བཞི་དང་བཞི་བརྒྱ་དྲུག་ཅུ་ཡོད།
              སྡེ་བའི་སྨན་པའི་རྒན་གསོའི་འགན་སྲུང་ལམ་ལུགས་ལག་བསྟར་བྱས་པ་དེས་སྡེ་བའི་སྨན་པ་རྒས་ན་གཉོར་མཁན་ཡོད་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྡེ་བའི་སྨན་པའི་བྱ་བའི་བརྩོན་སེམས་ཇེ་ཆེར་བཏང་བ་དང་སྡེ་བའི་སྨན་པའི་རྒན་གསོའི་འགན་སྲུང་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།