མཚོ་སྔོན་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་སྐོར་སྐྱོད་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ།
འགོ་རྩོམ་པའི་མཛད་སྒོ་བསྡུ་བཞིན་པ།
ཟླ10བའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བའི་གྲུབ་འབྲས་སྐོར་སྐྱོད་དྲིལ་སྒྲོག་འགྲེམ་སྟོན་བྱ་འགུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུ་དེ་ཐུན་རིན་རྫོང་ནས་མགོ་བརྩམས། དེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བ་དེ་ཞིང་ཆེན་ཡོངས་དང་རིམ་པ་མི་འདྲ་བའི་ཚད་ནས་སྟོན་ཁ་དང་དགུན་ཁའི་གཞི་རྒྱ་ཆེ་བའི་དྲིལ་སྒྲོག་གསོ་སྦྱོང་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་མཚོན་ཡོད།
སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ནི་རྙོག་འཛིང་ཆེ་བའི་མ་ལག་ཆ་ཚང་བའི་བཟོ་སྐྲུན་ཞིག་ཡིན་ཞིང་། དེ་འབྲོག་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཀྱི་འཚོ་གནས་བདེ་འཇགས་དང་འཚོ་བ་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་སྤེལ་བའི་འཐབ་ཇུས་ཇུས་ཐག་ཆེན་པོ་ཞིག་རེད། ཉིས་སྟོང་བརྒྱད་ལོར་ཚོད་ལྟ་བྱས་པ་ནས་ན་ནངས་ཁུལ་དྲུག་གི་འབྲོག་ཁུལ་དུ་ཕྱོགས་ཡོངས་ནས་ཁྱབ་བརྡལ་བཏང་བའི་ལོ་བཞིའི་ནང་། ཚོད་ལྟའི་ས་ཆ་དང་དཔེ་མཚོན་སྡེ་བས་ཧུར་ཐག་གིས་མཉམ་འབྲེལ་བདག་གཉེར་དང་མ་རྐང་ལམ་ལུགས་ཀྱི་མཉམ་ལས་སོགས་བདག་གཉེར་གྱི་རྣམ་པ་མི་འདྲ་བ་འཚོལ་ཞིབ་བྱས་ཏེ། ཆེད་ལས་ཀྱི་ལས་བགོས་དང་ལེགས་བསྡུས་ཞིང་གཉེར་ཅན་གྱི་དོ་དམ། ཐོན་ལས་ཅན་གྱི་བདག་གཉེར། དེང་རབས་ཅན་གྱི་ཞབས་ཞུ་སོགས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ཐོག་མའི་རྣམ་པ་གྲུབ་པ་དང་ཕན་ནུས་ཆེན་པོ་མངོན།
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་གྱིས་གཏམ་བཤད་བཞིན་པ།
འགྲེམ་སྟོན་ལ་བལྟ་བཞིན་པ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཟླ་བ་གཅིག་ལྷག་ཡིན་ལ། རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་སོགས་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་དང་ཁྱབ་བརྡལ་ཁྲོད་ལེགས་འགྲུབ་ཀྱི་ཉམས་མྱོང་བླངས་ཟིན་པ་རྣམས་ཀྱིས་སྐོར་སྐྱོད་དྲིལ་སྒྲོག་བྱས་ཏེ། དེ་ལོའི་ཟླ་བརྒྱད་པར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆི་ལེན་རྫོང་ནས་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱ་བའི་ཡུལ་དངོས་ལྟ་སྦྱོང་དང་གྲུབ་འབྲས་འགྲེམ་སྟོན་ཚོགས་འདུའི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་པ་མ་ཟད། བྱ་འགུལ་འདི་བརྒྱུད་ནས་འབྲོག་པ་མང་ཚོགས་ཀྱི་ཧུར་ཐག་རང་བཞིན་ལ་ཡར་སྐུལ་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com