བོད་ལྗོངས་ཀྱིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཀྱི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་འཚོ་བར་འགན་སྲུང་བྱས་པ།

རྩོམ་པ་པོ།:བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-10-03 12:46:00 ཀློག་གྲངས།:

  རྒྱལ་སྟོན་དུས་ཆེན་སྐབས་སུ། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ། རྒྱ་གར་གྱི་འབྲས་ལྗོངས་ས་ཁུལ་གྱི་དགུ་བའི་བཅོ་བརྒྱད་ཀྱི་ས་འགུལ་ཤུགས་རྐྱེན་ཐེབས་པའི་བོད་ལྗོངས་ཀྱི་གཞིས་ཀ་རྩེ་དང་ལྷོ་ཁ་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱས་པ་དང་། ངེས་པར་དུ་གནོད་ཐེབས་མང་ཚོགས་ལ་ཟ་མ་དང་འཐུང་ཆུ་ཡོད་པ། གྱོན་ཆས་དང་སྡོད་ཁང་ཡོད་པ། སྨན་བཅོས་བྱེད་ས་ཡོད་པ་བཅས་འགན་སྲུང་བྱེད་དགོས་པའི་རེ་བ་གསལ་བོ་བཏོན།
  ཟླ9བའི་ཚེས18ཉིན། རྒྱ་གར་འབྲས་ལྗོངས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་བརྒྱད་ཀྱི་ས་འགུལ་བྱུང་རྗེས། དེའི་ཤུགས་རྐྱེན་ཐེབས་པའི་བོད་ལྗོངས་གནོད་ཐེབས་ས་ཁུལ་གྱི་ཁང་བར་གཏོར་བརླག་ཚབས་ཆེན་ཐེབས་པ་དང་མི་ཤི་རྨས་བཟོས་པར་མ་ཟད། མང་ཚོགས་ཁྲི་ཕྲག་འགའ་ལ་ཚད་རིམ་འདྲ་བའི་གནོད་པ་ཐེབས།
  ས་འགུལ་གྱི་ཤུགས་རྐྱེན་ཐེབས་པ་ཆེས་ཚབས་ཆེ་བ་ནི་བོད་ལྗོངས་གྲོ་མོ་རྫོང་ཡིན་པ་དང་། རྫོང་དེའི་རྫོང་ཏང་ཨུའི་ཧྲུའུ་ཅི་ཅི་ཞའོ་ཕིན་གྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། རྫོང་ཡོངས་ཀྱི་ལས་ཁུངས་སོ་སོའི་ལས་བྱེད་པའི་རྒྱལ་སྟོན་དུས་ཆེན་གྱི་གནང་བ་མེད་པར་བཟོས་ཏེ། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་ལས་བྱེད་མང་ཡོངས་རྫོགས་གནོད་འཚེ་ཚབས་ཆེན་ཐེབས་པའི་ཞང་དང་སྡེ་བ་སོ་སོར་འཚམས་འདྲིར་སོང་ནས། གནོད་ཐེབས་མང་ཚོགས་ལ་འབྲས་དང་། རྩམ་པ། ཀ་ར་གོ་རེ། ལྕགས་ཀྲིན་སོགས་ཟས་རིགས་བྱིན་པར་མ་ཟད། གནོད་ཐེབས་མང་ཚོགས་ཀྱི་རྒུད་སྐྱོབ་དངོས་རྫས་དང་ཐོན་སྐྱེད་འཚོ་བ། གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་སོགས་ཐད་ཀྱི་དགོས་མཁོ་དང་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་ཏེ། རྗེས་ཕྱོགས་ཀྱི་རྒུད་སྐྱོབ་བྱ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
  དེ་ཞོར་ལ་བོད་ལྗོངས་སུ་སྡོད་པའི་དཔོན་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། འཕྲོད་བསྟེན་སྡེ་ཁག་བཅས་ཀྱིས་རྩ་འཛུགས་བྱས་པའི་སྨན་བཅོས་རུ་ཁག་གཅིག་རྗེས་གཉིས་མཐུད་ཀྱིས་ཞང་དང་སྡེ་བ་སོ་སོའི་གནས་སྐབས་ཀྱི་བཀོད་སྒྲིག་བྱེད་སར་སོང་ནད་བརྟག་སྨན་སྦྱིན་གྱི་བྱ་འགུལ་སྤེལ་བར་མ་ཟད། གནོད་ཐེབས་མང་ཚོགས་ལ་སེམས་གསོ་བྱེད་པ་དང་གནོད་ཐེབས་རྗེས་ཀྱི་རིམས་ནད་སྔོན་འགོག་ཤེས་བྱ་འཆད་འཁྲིད་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།