མཚོ་ཤར་གྱི་ཁྲི་འདུ་རྫོང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱུང་བ།
ཁྲི་དབང་གྲོང་རྡལ་ནས་ཡོང་བའི་སྡོད་དམངས་འཐུས་ཚབ་པ་རྣམས་ཀྱིས་ཁང་བ་གསར་བར་
སྤོར་བའི“གསེར་གྱི་ལྡེ་མིག”བླངས་པ།
ཟླ9བའི་ཚེས16ཉིན། མཚོ་ཤར་ས་ཁུལ་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་རོགས་སྐྲུན་བྱེད་པའི་ལས་གཞི་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས་ཤིང་། ཁྲི་དབང་གྲོང་རྡལ་ནས་ཡོང་བའི་སྡོད་དམངས་འཐུས་ཚབ་པ་རྣམས་ཀྱིས་ཁང་བ་གསར་བར་སྤོར་བའི“གསེར་གྱི་ལྡེ་མིག”བླངས་པ་རེད། འདིས་མཚོ་ཤར་ས་ཁུལ་གྱི་རོགས་སྐྲུན་བྱ་བའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་པར་མཚོན་ཐུབ།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཡུལ་ཤུལ་ལ་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་བྱ་བའི་ཡུལ་དངོས་བཀོད་འདོམས་པུའི་པུའུ་ཀྲང་ཝང་ལིན་ཅོན་མཛད་སྒོའི་སྟེང་ཞུགས་པ་རེད།
མཚོ་ཤར་ས་ཁུལ་གྱིས་ཁྲི་འདུ་རྫོང་ཁྲི་དབང་གྲོང་རྡལ་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་སྤྱིའི་ལས་འགན་ཁྲོད་དུད་ཚང2216ཡོད་པ་དང་། དེ་ལས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དུད་ཚང420དང་། གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང་དུད་ཚང916དང་། གཅིག་གྱུར་བཀོད་འདོམས་འོག་འཛུགས་སྐྲུན་བྱེད་པའི་དུད་ཚང530དང་། ཞིག་གསོ་བྱེད་པའི་དུད་ཚང350དང་། འཛུགས་སྐྲུན་བྱེད་ཁུལ་ལ་སྨི་གྲུ་བཞི་མ་ཁྲི14.9ཡོད་ཅིང་། ལས་གཞི་སྤྱི་ལ་མ་དངུལ་སྒོར་དུང་ཕྱུར2.74 བཏང་ཡོད་ལ། སློབ་གསོ་དང་། འཕྲོད་བསྟེན། རིག་གནས་སོགས་སྤྱི་བའི་འཛུགས་སྐྲུན་གྱི་ལས་གཞི་རིགས56དང་རྒྱུན་མཐུད་འཛུགས་སྐྲུན་བྱེད་པའི་རིགས3ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི17.5དང་ལས་གཞི་སྤྱི་ལ་མ་དངུལ་དུང་ཕྱུར6.7བཏང་བ་རེད།
ལོ་གཅིག་གི་རིང་འཛུགས་སྐྲུན་བྱས་མཐར། མཚོ་ཤར་ས་ཁུལ་གྱིས་སྤྱིའི་མ་དངུལ་སྒོར་དུང་ཕྱུར2.74བཏང་བ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི14.93ཡོད་པའི་གྲོང་རྡལ་དང་རོང་འབྲོག་མང་ཚོགས་ཀྱི་དུད་ཚང2216གི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་འགན་ཁུར་ལེགས་འགྲུབ་བྱུང་། མཚོ་ཤར་ས་ཁུལ་གྱི་འགན་སྐྲུན་བྱེད་པའི་སྤྱི་བའི་འཛུགས་སྐྲུན་ལས་གཞི59ཁྲོད་དུ་ཁྲི་འདུ་རྫོང་མི་རིགས་སློབ་འབྲིང་དང་། བོད་སྨན་ཁང་སོགས་ལས་གཞི32འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། ད་དུང་ལས་གཞི་གཞན་དག་གི་གྲ་སྒྲིག་བྱ་བ་ཡང་འགྲུབ་ཡོད་པས་ཟླ9བའི་ཟླ་མཇུག་ཏུ་འཛུགས་སྐྲུན་གྱི་འགོ་རྩོམ་རྒྱུ་རེད། རྫོང་བོད་སྨན་ཁང་དང་རྒན་གསོ་ཁང་སོགས་དགུན་ཚུགས་དུས་སུ་ལེགས་འགྲུབ་བྱུང་རྒྱུ་རེད།
གྲོང་རྡལ་དང་རོང་འབྲོག་མང་ཚོགས་ཀྱི་འཛུགས་སྐྲུན་ཁྲོད། “མི་གཞི་རྩར་འཛིན་པ་དང་། འཆམ་མཐུན་བསྐྱར་སྐྲུན”གྱི་རྩ་དོན་གཞིར་བཟུང་ནས་ལས་གཞིའི་མགོ་མཇུག་བར་གསུམ་དུ་རྒྱ་ཆེའི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པས་ཀུན་གྱིས་དགའ་བསུ་དང་གདེང་འཇོག་མཐོན་པོ་ཐོབ། རོགས་སྐྲུན་བྱེད་པའི་བྱ་བའི་བརྒྱུད་རིམ་ཁྲོད། ལས་བྱེད་མི་སྣ་ཡོངས་ཀྱིས“ལྷག་པར་དུ་ལྔ”ཡི་མཚོ་བོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་བྱས་ཤིང་། ལག་ལེན་དངོས་ལ་བརྟེན་ནས་མཚོ་ཤར་མི་དམངས་གྱིས་གནོད་ཁུལ་ལ་བཅངས་པའི་བརྩེ་སེམས་དང་ཁྱིམ་གཞི་བསྐྱར་འཛུགས་ཀྱི་ཆོད་སེམས་མངོན་མཚོན་བྱེད་ཐུབ་པ་དང་། ཞིང་ཆེན་ཏང་ཨུ་དང་ཏང་སྲིད་གཞུང་གིས་བཏོན་པའི་ད་ལོར་གནོད་ཁུལ་གྱི་མང་ཚོགས་ཁང་བ་གསར་བར་སྡོད་དུ་འཇུག་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com