གསེར་ཐར་རྫོང་གིས་དབུལ་སྐྱོར་གསར་སྦོལ་གྱི་ལས་ཀ་ཐད་གྲུབ་འབྲས་མངོན་གསལ་ཐོབ།

རྩོམ་པ་པོ།: ཨན་རུང་མེ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-09-18 10:12:00 ཀློག་གྲངས།:

              སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་ཐར་རྫོང་གིས“རྣམ་གྲངས་ལེགས་སྒྲིག་དང་། མ་དངུལ་གཅིག་བསྡུས། གནད་ཁྱོན་ཟུང་འབྲེལ། གྲོང་ཚོ་ཡོངས་ལ་སྐུལ་འདེད”བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་དབུལ་སྐྱོར་གསར་སྦོལ་གྱི་ཞིང་འབྲོག་ས་ཁུལ་གྱི་འཕེལ་རྒྱས་ལས་ཀ་གཅིག་འདོམས་བྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གཙོ་བོ་དང་ས་གནས་གཏན་ཁེལ་རོགས་སྐྱོར་བྱེད་པ་དེའི་འབྲེལ་ཐག་བྱེད་པ།དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་དབུལ་སེལ་བྱེད་པ་དེའི་དམིགས་ཡུལ་བྱེད་པ་བཅས་ཀྱི་སྒོ་ནས་དབུལ་སྐྱོར་གསར་སྦོལ་གྱི་ལས་ཀ་ཐད་དུས་རིམ་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།
              དབུལ་སྐྱོར་གྲོང་གསར་འཛུགས་སྐྲུན་གྱི་ལས་ཀ་དངོས་སུ་བསྒྲུབས་པ་དང་། ཕྱུག་འགྱུར་གྱི་འགལ་རྐྱེན་སེལ་བ། རྫོང་དེའི་འབྲོག་ལས་ཁེ་གཙང་གི་གྲོང་ཚོར་ཕྱུགས་ཟོག་གི་དྲོད་ཁང་དང་ར་སྐོར་ཕྱུགས་འཚོ། ར་སྐོར་རྩྭ་འདེབས། ཕྱུགས་ཟོག་གི་འགོས་ནད་འགོག་བཅོས་བཅས་གཙོར་བྱས་ནས་འབྲོག་ལས་གྲོང་གསར་འཛུགས་སྐྲུན་གྱི་ལས་ཀ་ལག་ལེན་དུ་བསྟར། རོང་མ་འབྲོག་གི་གྲོང་ཚོར་གཞི་རྩའི་ཞིང་ཁ་བསྒྱུར་བཀོད་དང་བཟང་སོན་འདེབས་འཛུགས་ཁྱབ་སྤེལ། སྔོ་ཚལ་དྲོད་ཁང་བསྐྲུན་པ། རྒྱ་བོད་སྨན་རྫས་འདེབས་འཛུགས་བཅས་གཙོ་བོ་བྱས་པའི་ཞིང་ལས་གྲོང་གསར་འཛུགས་སྐྲུན་གྱི་ལས་གྲྭ་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི600བཏང་ནས་ཉི་སྟོད་ཤང་བླ་རྒྱ་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ12ལ་གཞུང་ལམ་སྤྱི་ལེ36.4དང་ཆུ་རྐ་སྤྱི་ལེ2.6བསྐྲུན་པ་དང་ཁྲོན་པ40བརྐོས་པ། རྩྭ་ཐང་འཛུགས་སྐྲུན་དང་ལེགས་བཅོས། ཐོན་ཚད་དམའ་བའི་ས་ཞིང་མུའུ9000བསྒྱུར་བཀོད་བྱས་པ། མ་དངུལ་སྒོར་ཁྲི6146བཏང་ནས་དབུ་མདའ་སོགས་ཤང་དང་གྲོང་རྡལ3གྱི་སྲིད་འཛིན་གྲོང་ཚོ9ལ་གྲོང་གསར་དཔེ་སྟོན་འཛུགས་སྐྲུན་གྱི་ལས་ཀ་བསྒྲུབས།
              རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་ཀ་སྤེལ་ནས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གྱུར་པ། རྫོང་དེས“རང་འདོད་ཀྱིས་སྤོས་པ་དང་སྤོ་ས་ཡོད་པ། གཞིས་ཆགས་ཐུབ་པ། ཕྱུག་པོར་འགྱུར་བ”བཅས་ཀྱི་རྩ་དོན་ལ་བརྟེན་ནས་གཅིག་བསྡུས་དང་ཐར་ཐོར་ཟུང་འབྲེལ་གྱི་བྱེད་སྟངས་ཐོག་ནས་མ་དངུལ་སྒོར་ཁྲི1910བཏང་ནས་དུད་ཚང764དང་མི2820  དབུལ་སྐྱོར་གནས་སྤོའི་སྡོད་ཁང་དང་ཆ་ཚང་སྒྲིག་པའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་ཀ་བསྒྲུབས། མ་དངུལ་སྒོར་ཁྲི567བཏང་ནས་སྡོད་ཁང་མེད་པ་དང་ཉེན་ཁ་ཡོད་པའི་སྡོད་ཁང་ནང་སྡོད་མཁན་དུད་ཚང808ཀྱི་དཀའ་ངལ་ཐག་བཅད་པ། གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་དང་གྲོང་ཚོའི་གཞུང་ལམ་བདེ་བགྲོད། དབྱང་ཟམ་བསྐྱར་བཟོ་སོགས་ཨར་ལས་གཙོ་བྱས་ནས་གཞུང་ལམ་སྤྱི་ལེ536.4དང་ཆུ་རྐ་སྤྱི་ལེ46.9།ཟམ་པ9།གཅིག་བསྡུས་ཀྱི་ཆུ་འདོན་ས་ཚུགས42བཅས་གསར་སྐྲུན་དང་བསྐྱར་བཟོ་བྱས་ནས་ཞིང་འབྲོག་པ་མི་གྲངས་དང་ཐེངས་གྲངས34720ཕྱིར་འགྲོ་དཀའ་བ་དང་ཆུ་རག་དཀའ་བའི་དཀའ་ངལ་ཐག་བཅད།
              ཞིང་འབྲོག་དབུལ་སྐྱོར་གྱི་གནད་ཆེ་ས་མངོན་གསལ་དོད་པོ་བྱས་པ་དང་། ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེ་རུ་ཕྱེ་བ། རྫོང་དེས་མ་དངུལ་སྒོར་ཁྲི290བཏང་ནས་ཕྱུགས་ཟོག་རྒྱུད་འདྲེས་ལེགས་བཅོས་དང་དགུན་བརྒལ་རྒྱགས་གསོའི་རྟེན་གཞི་འཛུགས་སྐྲུན་དང་།ནོར་ཕྱུགས་མགོ་གྲངས1200ལེགས་བཅོས་དང་དྲོད་ཁང793བསྐྲུན་པ། ཤུགས་ཆེན་པོས་ཞིང་ལས་ལག་རྩལ་ཁྱབ་སྤེལ་དང་སྔོ་ཚལ་དྲོད་ཁང་འཛུགས་སྐྲུན་གྱི་ལས་ཀ་ལག་ལེན་དུ་བསྟར་བ། ནས་འདེབས་འཛུགས་ཀྱི་དཔེ་སྟོན་ས་ཞིང་མུའུ2100དང་སྔོ་ཚལ་དྲོད་ཁང30བསྐྲུན་པ། མ་དངུལ་སྒོར་ཁྲི165བཏང་ནས་དབུལ་ཕོངས་ཞིང་འབྲོག་དུད་ཚང441ལ་ཉི་ནུས་འོད་འགྱེད་སྒྲིག་ཆས441ཉོས་པ་དང་ཁྱེར་བདེ་བའི་བརྙན་འཕྲིན་འཕྲུལ་ཆས་180གཏོང་སྤྲོད་བྱས་པ།
              ཤུགས་ཆེན་པོས་སྤྱི་ཚོགས་ལས་དོན་ཐད་མ་དངུལ་མང་དུ་བཏང་ནས་དབུལ་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ། རྫོང་དེས་རྒྱང་སྒྲོག་བརྙན་འཕྲིན་དང་སློབ་གྲྭར་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་མར་ཁ་གསབ་རོགས་དངུལ་སྤྲོད་པ། འཕྲོད་བསྟེན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་དབུལ་སྐྱོར་གྱི་རྣམ་གྲངས་ལག་ལེན་དུ་བསྟར་བ་རེད།
              མིག་སྔར་རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ2006ལོའི་ལོ་མཇུག་གི19308ནས13257དུ་མར་ཆགས་པ་དང་། ཞིང་འབྲོག་པ་མི་རེའི་ཡོང་འབབ་ཁེར་གཙང་དེ་སྒོར2360འཕར་བ། ཞིང་འབྲོག་པ་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།