མཚོ་སྔོན་ཞིང་ཆེན་གྱིས་བོད་ཁུལ་གཞི་རིམ་གྱི་ལས་བྱེད་པར་བོད་སྐད་གསོ་སྦྱོང་བྱས་ནས་ཕན་འབྲས་བཟང་བོ་བླངས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-27 12:00:00 ཀློག་གྲངས།:

              མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པར་བོད་སྐད་གསོ་སྦྱོང་བྱེད་པའི་བྱ་བ་དེ་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པར་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བའི་གོ་གནས་གལ་ཆེན་དུ་བཞག་སྟེ་རྩ་འཛུགས་དང་བཀོད་སྒྲིག་ཞིབ་མོ་བྱས་ནས་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབས། ཉེ་ལམ་སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གཞི་རིམ་ལས་བྱེད་པའི་བོད་སྐད་གསོ་སྦྱོང་འཛིན་གྲྭ་དང་བོད་སྐད་དགེ་རྒན་གསོ་སྦྱོང་འཛིན་གྲྭ་སྒྲུབ་ནས་ཐུན་མོང་གི་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས་པར་མ་ཟད་སྡོམ་པས་གཞི་རིམ་གྱི་ན་གཞོན་པ་ལས་བྱེད་པ་ཞེ་གཅིག་དང་ན་གཞོན་དགེ་རྒན་སོ་དགུ་ལ་གསོ་སྦྱོང་བྱས།
              མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་གཞི་རིམ་བོད་ཁུལ་གྱི་བོད་སྐད་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་རེ་བ་བཞི་བཏོན། གཅིག གཞི་རིམ་བོད་ཁུལ་གྱི་བོད་སྐད་གསོ་སྦྱོང་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པར་གྲ་སྒྲིག་བཟང་བོ་བྱེད་དགོས། གཉིས། རིམ་པ་བགར་ནས་གསོ་སྦྱོང་བྱེད་པ་དང་རྣམ་པ་སྟབས་བསྟུན་སྣ་མང་ཡིན་དགོས། གསུམ། འབྲེལ་མཐུད་རོགས་ཁྲིད་བྱེད་པ་དང་བྱེད་ཐབས་ལུགས་མཐུན་ཡིན་དགོས། བཞི། ལག་ལེན་ལ་ཡིད་འཇོག་བྱས་ནས་ཕན་འབྲས་བཟང་བོ་ལེན་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།