རྔ་བ་ཁུལ་ཧུང་ཡོན་རྫོང་གིས་འབྲོག་པ་མང་ཚོགས་ལ་རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་སྤེལ་པ།

རྩོམ་པ་པོ།:སི་ཁྲོན་ཧུང་ཡོན་རྫོང་དྲིལ་སྒྲོ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-01 08:54:00 ཀློག་གྲངས།:

རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པས་ཧུང་ཡོན་རྫོང་ལུང་རི་གྲོང་རྡལ་གྱི་སློབ་ཆུང་ཞིག་ཏུ་
དགེ་སློབ་དང་ཁྱིམ་བདག     ས་དེ་གའི་མང་ཚོགས་ལ་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་པ། 

             མཚོ་བོད་མཐོ་སྒང་གི་འབྲོག་ཁུལ་དུ་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང༌། འབྲོག་པ་མང་ཚོགས་ཀྱིས་རུ་བ་སྤོ་བའི་འཚོ་བ་བསྐྱལ་དེ་ཁ་གྲམ་ནས་བསྡད་ཡོད་རྐྱེན། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཇུས་གཞི་དུས་ཐོག་ཏུ་ནུས་པ་ཡོད་པའི་སྒོ་ནས་འབྲོག་པ་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་མི་ཐུབ་པས།     འབྲོག་པ་མང་ཚོགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྗེས་སུ་ལུས་ཤིང་རིག་རྩལ་དཔལ་ཡོན་གྱི་འཚོ་བ་ཉག་ཕྲ་བ་དང༌། ཕྱུག་འགྱུར་གྱི་ཐབས་བཀོད་སྣ་རྐྱང་ཡིན་པ་མ་ཟད། རྒྱུན་དུ་རྐུ་འཕྲོག་བཅོམ་གསུམ་སོགས་ཀྱི་དོན་རྐྱེན་རབ་དང་རིམ་པ་འབུད་བཞིན་ཡོད་པ་རེད། 
             ཉེ་ཆར།  རྔ་བ་ཁུལ་ཧུང་ཡོན་རྫོང་གིས་དངོས་ཡོད་གནས་ཚུལ་དེ་ལ་གཞིགས་ནས་སྐད་གཉིས་ཟུང་འབྲེལ་གྱི་ཤེས་བྱའི་ཆུ་ཚད་མཐོ་ལ་ཆབ་སྲིད་ཀྱི་འདུ་ཤེས་ལེགས་པའི་དཔྱོད་ལྡན་མི་སྣས་གྲུབ་པའི་རྟ་ཐོག་གི་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ།    རྒྱུན་དུ་རྟ་བཞོན་ནས་རི་ལུང་ཀུན་ལ་ཁྱབ་པའི་འབྲོག་པ་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང༌།   ཕྱུག་འགྱུར་དམངས་ཕན་གྱི་སྲིད་ཇུས། རྩ་ཁྲིམས་ཁྲིམས་ལུགས་ཤེས་བྱ་སོགས་གཏིང་ཟབ་སྒོས་སྒྲོག་འགྲེལ་བྱས་པར་བརྟེན་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་འདུ་ཤེས།   འཚོ་བའི་དཔལ་ཡོན་སོགས་ཕུན་སུམ་ཚོགས་པར་གྱུར་དང་འགྱུར་བཞིན་ཡོད་པ་རེད།


རྩྭ་ཐང་དུ་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་པ། 

             ཧུང་ཡོན་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དང་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་དུ་གནས་ཤིང༌། ས་བབ་མཐོ་ཚད་མཚོ་ངོས་ལས་ཆ་སྙོམས་རྨིད3600ལས་མཐོ་བ་དང༌། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད་ཏུའུ1.4ཡིན་པ་རེད།  དེ་འདྲའི་ཁོར་ཡུག་ཏུ།   རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྒྲིག་ཆས་དང་ཉེར་སྤྱོད་ཅ་ལག་གི་ཚད་གཞི་ནི་སྟབས་བདེ་ཞིང་འཁྱེར་བདེ་བ་དང༌། བརླན་འགོག་གི་ནུས་པ་དང་སྤྱོད་བདེ་བའི་རང་བཞིན་ཡོད་པ་སྟེ་ཆ་རྐྱེན་ཞན་པའི་ཁོར་ཡུག་ཏུའང་རྒྱུན་ལྡན་ངངབེད་སྤྱོད་བྱེད་ཐུབ་པར་བྱེད་པ་དེ་རེད།
             རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པས་གཟར་བོའི་རི་སྒང་དང་དོག་མོའི་འགག་འཕྲང༌། དྲག་པོའི་གཙང་བོ་སོགས་བརྒལ་བའི་དཀའ་བ་ཁྱད་དུ་བསད་ནས་རི་མགོ་དང་རྫ་ཁ།   ལུང་ཀྱོག་དག་གི་འབྲོག་དམངས་ཀྱི་བདེ་སྡུག་མ་བགྲོས་གཅིག་མཐུན་གྱིས་དང་ལེན་བྱེད་བཞིན་ཡོད་པ་རེད། སྒྲོག་འགྲེལ་ཚོགས་པས་འབྲོག་པ་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》།  《དམངས་རྩོད་གཏུག་བཤེར་བཅའ་ཁྲིམས》།   《འོས་འགན་སློབ་གསོའི་བཅའ་ཁྲིམས》སོགས་གཙོ་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང༌། རྩ་ཁྲིམས་སྒྲིག་བཀོད་དག་རང་གི་མིག་མདུན་གྱི་འཚོ་བ་དངོས་དང་འབྲེལ་ནས་སྒྲོག་འགྲེལ་བྱས་པས།   འབྲོག་པ་མང་ཚོགས་ཀྱི་ཆབ་སྲིད་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས། ཚན་རྩལ་འདུ་ཤེས་བཅས་ལ་གོམ་གང་མདུན་སྤོས་ཀྱི་མཐོར་འདེགས་མངོན་གསལ་བྱུང་ཡོད་པས།     འབྲོག་ཁུལ་གྱི་འཆམ་མཐུན་བརྟན་བརླིང་དང་དུས་བདེ་ཞོད་འཇགས་བཅས་ལ་སྐུལ་འདེད་བཏང་ཡོད་པ་རེད།


མང་ཚོགས་ཀྱིས་གཟབ་ནན་སྒོས་ཁྲིམས་ལུགས་སྲིད་ཇུས་ལ་ཉན་པ།

             མིག་སྔར། རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ་དེ་སྣ་རྐྱང་ཅན་ནས་རྫོང་ཨུ་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁྲིམས་འཛིན་ཅུས།  སློབ་གསོ་ཅུས།  ཚན་རྩལ་ཅུས་སོགས་གཙོ་བྱས་པའི་སྡེ་ཁག20ལྷག་གི་རམས་འདེགས་རོགས་རེས་ཀྱི་འོག་ཏུ་རིམ་གྱིས་རྟ་ཐོག་ཏང་གི་སློབ་གྲྭ། རྟ་ཐོག་ཁྲིམས་ཁང༌།  རྟ་ཐོག་སྐོར་སྐྱོད་ཉེན་རྟོག་པ།  རྟ་ཐོག་གློག་བརྙན་ཁང༌།   རྟ་ཐོག་སྒྱུ་རྩལ་ཚོགས་པ་སོགས་ཕྱོགས་བསྡུས་རང་བཞིན་གྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་ཞིག་ཏུ་འཕེལ་བཞིན་ཡོད་པས། སྒྲོག་འགྲེལ་ཚོགས་པ་དེས་ཏང་གི་སྲིད་ཇུས་སྒྲོག་པའི“རྒྱང་སྒྲོག་པ”དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི“བདེ་འཇགས་པ”། དཀའ་སྡུག་སེལ་རོགས་བྱེད་པའི“ཞབས་ཞུ་བ”། འབྲོག་པར་དཔལ་ཡོན་སྐྱེལ་བའི“འཁྲབ་སྟོན་པ”།  ཕྱུགས་ལས་ཐོན་སྐྱེད་ཁྲོད་ཀྱི་“ཕྱུགས་རིགས་སྨན་པ”། གཞི་རིམ་མང་ཚོགས་ཀྱི“འཕྲོད་བསྟེན་པ”བཅས་ཀྱི་བྱེད་ནུས་གལ་ཆེན་ཐོན་བཞིན་ཡོད་པས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཀྱང་བླ་ན་མེད་པའི་དགའ་བསུ་ཞུ་བཞིན་ཡོད་པ་རེད།
             གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱས་པ་ལྟར་ན། སྒྲོག་འགྲེལ་ཚོགས་པས་གཅིག་བསྡུས་རང་བཞིན་གྱི་སྒྲོག་འགྲེལ་ཐེངས180ལྷག་བྱས་པ་དང༌།   སློབ་གསོ་ཐོབ་པའི་མང་ཚོགས་མི་གྲངས32000ལྷག་ལ་སླེབས་ཡོད་པ་རེད།   དྲིལ་སྒྲོག་ཡིག་ཆའི་དེབ30000ལྷག་རྩོམ་སྒྲིག་དང་སྦྱིན་གཏོང་བྱས་ཡོད་ལ། སྙན་ཞུའི་ཚོགས་ཆེན་ཐེངས26ལ་འཚོགས་པ་མ་ཟད་ཆེད་དོན་ཤེས་བྱའི་འཆད་ཁྲིད་ཐེངས13ལ་འཚོགས་ཡོད་པ་རེད།
             དེ་ལྟར།  རྟ་ཐོག་གི་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་ཐེངས་གཅིག་བྱས་ན་མང་ཚོགས་ལ་ཡིད་སེམས་འགུལ་བའི་སློབ་གསོ་ཐེངས་གཅིག་ཐེབས་ཤིང་ས་ཕྱོགས་དེར་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཐེངས་གཅིག་ཐོབ་པར་ངེས་ཤིང།  རྟ་ཐོག་གི་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པ་ནི་འབྲོག་པའི་སེམས་ཁོང་ན་ལྷམ་མེར་བཞད་པའི་གངས་ལྷ་མེ་ཏོག་རྐང་གཅིག་ ཡིན་ལ། གངས་ལྷ་མེ་ཏོག་དེའང་འབྲོག་པ་མང་ཚོགས་དང་རྟ་ཐོག་ཁྲིམས་ལུགས་སྒྲོག་འགྲེལ་ཚོགས་པས་དུངས་སེམས་ཀྱི་མཚོ་མོ་རུ་མཉམ་དུ་བསྐྱངས་པའི་བདེ་སྐྱིད་དཔྱིད་ཀྱི་འཛུམ་མདངས་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།