མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པ།
ཟླ7པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁྲིམས་འཛུགས་འབྲེལ་གཏུག་ལས་ཁུངས་གཉིས་ལ་སྒོ་བྱང་གནང་པའི་ཚོགས་ཆེན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་བང་ལིན་ཅོན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གདན་འདྲེན་བྱས་པའི་ཆེད་མཁས་པ་དང་ཡོན་ཏན་པར་དཔང་ཡིག་བྱིན་པ་དང་། ཁྲིམས་འཛུགས་ལས་ཁུངས་ལ་སྒོ་བྱང་བྱིན།
སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་སྲིད་འཛིན་ཇུས་ཆོད་གལ་ཆེན་གྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་འཛུགས་སྐྲུན་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་པ་དང་། སྤྱི་ཚོགས་བརྟན་འཇགས་ཀྱི་ཉེན་ཁར་དཔྱད་ཞིབ་བྱེད་པའི་བྱ་བ་གསར་སྐྲུན་བྱས་ཏེ་ཆེད་མཁས་པ་དང་ཡོན་ཏན་པ། བཅའ་ཁྲིམས་བྱ་བ་སྒྲུབ་མཁན་བཅས་ཀྱིས་ཁྲིམས་ལྟར་སྲིད་སྐྱོང་པ་དར་སྤེལ་བྱེད་པ་སོགས་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆའི་དགོངས་དོན་གྱི་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་པ་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅའ་ཁྲིམས་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com