སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་བྱེད་ཁུལ་ཐོག་མའི་འཆར་བཀོད་ལ་ཆོག་མཆན་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-29 14:40:00 ཀློག་གྲངས།:

  ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཕྱུགས་ལས་རིགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་དང་མཐུན་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟ་བྱེད་ཁུལ་གྱི་འཆར་བཀོད》ལ་ཆོག་མཆན་གནང་བས། མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་དེ“སྐྱེ་ཁམས་སྲུང་སྐྱོབ་དང་། ས་ཁུལ་གྱི་དཔལ་འབྱོར་གོང་སྤེལ། རོང་འབྲོག་མང་ཚོགས་ཀྱི་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱེད་པ”བཅས་ཀྱི་བགྲོད་ལམ་གསར་བ་ཞིག་ཏུ་སླེབས་པ་མངོན་པར་མཚོན་ཐུབ།


རྩྭ་ཐང་དུ་གང་སར་རྒྱུ་བའི་ནོར་ལུག

མང་རྫོང་ཐར་ཤུལ་ཡུལ་ཚོའི་གོང་བ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་
རྩྭ་ས་དང་ཕྱུགས་ཟོག་མ་རྐང་འཇོག་པའི་མཛད་སྒོ།

  2009ལོའི་ཟླ5བར། ཚོད་ལྟའི་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚན་རྩལ་ཆེད་གཉེར་ལས་གཞི་འགོ་བཙུགས་ཏེ། ཕྱུགས་ར་དང་ཁེ་ལས་ཀྱིས་འབྲོག་པའི་གཞི་ཁྱོན་ཅན་གྱི་ཚོང་གཉེར་གྱི་ཐོན་སྐྱེད་རྣམ་པ་ལ་སྐུལ་སྤེལ་བྱེད་པ་བརྒྱུད་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་། ལོ་འགར་ཚོད་ལྟ་བྱས་པ་བརྒྱུད་ནས་མཚོ་ལྷོ་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལམ་བུ་གསར་བ་འཚོལ་སྙེག་བྱེད་ཐུབ་པ་དང་། ཚོད་ལྟ་བྱེད་ཁུལ་གྱི་འཆར་བཀོད་ཆོག་མཆན་ཐོབ་པ་དེས་རང་རྒྱལ་བོད་ཁམས་ཀྱི་སྲོལ་རྒྱུན་གྱི་ཞིང་ཕྱུུགས་ལས་དཔལ་འབྱོར་དེ་དེང་རབས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་ཐབས་ལ་བསྒྱུར་བར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།


འོ་བཟོས་ཐོན་རྫས།

ཁྲི་ཀ་རྫོང་གིས་ས་བོན་གསར་བ་ནང་འདྲེན་བྱས་པ་ལས་ཐོན་པའི་རྒུན་འབྲུམ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།